མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་སེལ་ཐབས་ཡག་ཤོས་དབུ་མའི་ལམ་ཡིན་པར་ཡིད་ཆེས་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སར་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་ང་གསུམ་པའི་སྟེང་། བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་གསུང་བཤད་གནང་བའི་ནང་། བཀའ་ཤག་གིས་དེང་སྐབས་བཙན་བྱོལ་ནང་ལྐོག་ཟ་དང་བུད་མེད་ལ་བརྙས་བཅོས་ཀྱི་གནས་ཚུལ་ཡོད་པར། བོད་པའི་ཀུན་སྤྱོད་ཉམ་ཆག་ལ་གཟབ་དགོས་སྐོར་ནན་གྱིས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བཤག་གི་གསུང་བཤད་གནང་སྐབས། བཀའ་ཤག་བཅུ་བཞི་པའི་ལས་དོན་ཆེ་ཁག་དང་། བོད་རྒྱ་འབྲེལ་མོལ་སྐོར་ལ་ཁོང་གིས “ ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པའི་དབང་གིས། བཀའ་ཤག་སྐབས་བཅུ་བཞི་པར་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེ་བའི་འགྱུར་བ་འདི་ལམ་ལྷོངས་ཡོང་བ་བྱེད་རྒྱུའི་ལས་འགན་བབས་པར་བརྟེན། ང་ཚོའི་ཕྱོགས་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ནི། ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། དངོས་གཞིའི་ལས་འགུལ་སྤེལ་རྒྱུ། མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད། གྲོས་མོལ་བརྒྱུད་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་པ་ཡིད་ཆེས་བརྟན་པོའི་སྒོ་ནས་ཞུ་རྒྱུ་ཡིན། སྲིད་བྱུས་འདི་མཐའ་གཉིས་ཀྱི་དབུས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཁ་བྲལ་རྩོད་ཀྱི་མེད་སྟབས། དེ་ནི་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན། རྒྱ་ནག་གི་མགོ་ཁྲིད་ཚོས་སྲིད་བྱུས་འདིའི་དགེ་མཚན་ཤེས་པའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་བའི་རེ་བ་ཡོད། བོད་དོན་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུ་རྒྱ་ནག་གི་ཁེ་ཕན་ལ་ཐུག་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་གི་རྒྱ་ནག་གི་མཚན་མཐོང་བསྐྲུན་རྒྱུར་ཡང་ཕན་ཐོགས་ཡོད། འདིའི་ཐད་ཉིན་ཤས་རྗེས་ངྷ་རམ་ས་ལར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་འཚོགས་ཀྱི་ཡོད་” ཅེས་གསུངས་སོང་།   

མཐར་སྲིད་སྐྱོང་མཆོག་གིས “དེ་རིང་གི་གོ་སྐབས་འདི་དང་བསྟུན་དྲན་སྐུལ་ཞུ་རྒྱུ་ཞིག་ལ། མང་གཙོའི་སྤྱི་ཚོགས་ནང་ཚང་མས་ཐོབ་ཐང་དང་ཁེ་ཕན་ལོངས་སུ་སྤྱོད་བཞིན་པ་ལྟརལས་འགན་ཡང་མཉམ་འཁུར་དགོས་རྒྱུ་ནྱ་ཡང་བརྗེད་མི་རུང་། ལས་འགན་མཉམ་འཁུར་ཞུ་རྒྱུ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ཡིན་པ་ཙམ་མ་ཟད། ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཞིག་ཀྱང་ཆགས་ཡོད། དེ་མཚུངས་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ནི་ཁྲིམས་ཀྱི་དབང་སྒྱུར་ལ་བརྟེན་པ་ཞིག་ཡིན་སྟབས། རྒྱུན་ལྡན་འཚོ་བའི་ནང་ཁྲིམས་སྒྲིག་ལ་གཙི་འཇོག་དང་སློབ་སྦྱོང་གིས་གོམས་འདྲིས་བསྟེན་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དེང་སྐབས་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ནང་སྤྱི་རྒྱུ་སྒེར་ཟ་དང་། ལོག་འཚོ། བུད་མེད་ལ་བརྙས་བཅོས་ལྟ་བུའི་གནས་ཚུལ་ཉུང་ཤས་ལྷག་བཞིན་པ་ནི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཉམས་ཆག་འགྲོ་བའི་རྟགས་མཚན་ཡིན་སྟབས། ཚང་མས་འདིའི་ཐད་ཐུགས་སྣང་ཟབ་བཞེས་དང་། འགན་འཁུར་མཉམ་ལེན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་”ཞེས་འབོད་སྐུ་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་ ༢༠༠༩ ལོ་ནས་ད་བར་བོད་མི་ ༡༢༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་ཀྱང་རྒྱ་གཞུང་གིས་དེ་དག་གི་མངོན་འདོད་ལ་བསམ་ཞིབ་རྩ་ནས་མེད་པར་བསྙོན་འཛུགས་སྣ་ཚོགས་དང་། རང་སྲེག་གནང་མཁན་ཚོའི་ནང་མི་གཉེན་འབྲེལ་སོགས་འཛིན་བཟུང་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་འགན་འཛིན་ཡུས་ཀྲིན་ཧྲིན་བོད་ཁུལ་དུ་བསྐྱོད་དེ། ཏཱ་ལའི་བླམ་འི་བོད་ཆེན་པོ་དང་། ཚད་མཐོའི་རང་སྐྱོང་ནི་ཀྲུང་གོའི་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་དང་ཡང་འགལ་ཡོད་སྐོར་བརྗོད་པ་ནི། རྒྱ་གུང་ཁྲན་སྲིད་དབང་སྒེར་འཛིན་པ་ཁོ་རང་ཚོས་ཁྲིམས་འགལ་བྱས་ཏེ། བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་འདོད་ཀྱི་གདོང་རིས་ངོ་མ་དེ་ཡིན་སྐོར་བཀོད་འདུག

རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་ཏུ་རྒྱ་དར་བསྒྲེངས་འཛུགས་དང་། རྒྱ་ནག་གི་མགོ་ཁྲིད་ཚོའི་པར་སྒྲིག་བཤོམ། ཆོས་ཀྱི་བྱེད་སྒོ་བཀག་སྡོམ་བྱེད་ཀྱིན་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ནང་གི་དགོན་སྡེ་ ༡༧༨༧ ཙམ་ནང་བཅའ་སྡོད་ལས་བྱེད་ ༦༥༧༥ ཆེད་གཏོང་བྱས་ཏེ་ཆབ་སྲིད་ལས་འགུལ་སྤེལ་བཞིན་པ་དག་མཚམས་འཇོག་བྱེད་དགོས་པ་དང་། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དེ་སྔོན་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་འགྲེམས་སྟོན་ཁང་སྒོ་འབྱེད་དང་། ཟླ་ ༨ ཚེས་ ༡ ཉིན་ནས་རྒྱ་གཞུང་གིས་ཨ་སྒོར་ས་ཡ་མང་པོ་བཏང་སྟེ། ལྷ་སར་འུན་ཤིང་ཀོང་ཇོ་ཟེར་བ་འཁྲབ་སྟོན་སོགས་བྱས་ཏེ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མགོ་བཙུགས་ཡོད་པ་དེ་དག་ལ། བོད་མི་ཚོ་མགོ་སྐོར་བསླུ་བྲིད་འོག་མ་ཚུད་པ་གནང་དགོས་སྐོར་བཀོད་འདུག

རྒྱ་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ། ཡུན་རིང་བདེ་འཁོད་སོགས་སྒྲོག་གི་ཡོད་ཀྱང་། འབྲོག་པ་གནས་སྤོར་བྱས་ཤུལ་དུ་གཏེར་ཁ་སྔོག་འདོན་དང་། རང་བྱུང་ཐོན་ཁུངས་ཀྱི་བཟོ་གྲྭ་མང་པོ་གསར་རྒྱག བོད་ཁུལ་གྱི་ཐོན་རྫས་སྐྱེལ་འདྲེན་ཆེད་མེར་འཁོར་ལྕགས་ལམ་དང་། གཞུང་ལམ་མང་པོ་འཛུགས་སྐྲུན་བཅས་བྱེད་ཀྱིན་ཡོད་པ་འདི་དག་ནི་སྤྱིར་འཛམ་གླིང་དང་། སྒོས་ཨེ་ཤ་ཡ། བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་ལ་གནོད་ཚབས་ཆེ་བ། ཟླ་ ༨ ཚེས་ ༡༢ ཉིན་ནས་བཟུང་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་ལ་ས་གནས་མི་མང་གིས་ངོ་རྒོལ་བྱེད་སྐབས། རྒྱ་དམག་གིས་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་དག་མཚམས་འཇོག་བྱེད་དགོས་སྐོར་བཀོད་འདུག

ཡང་འདི་ལོར་བོད་ནང་གི་དཀར་མཛེས་དང་ལི་ཐང་། བླ་བྲང་དང་མགོ་ལོག་སོགས་སུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་སྐབས་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱས་པ། ལྷག་པར་དུ་ཁམས་རྟའུ་ས་ཁུལ་དུ་འཁྲུངས་སྐར་སྲུང་གཙིའི་སྐབས་རྒྱ་དམག་གིས་མི་མང་ལ་རྡུང་རྡེག་དང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ། དེ་བཞིན། ནག་ཆུ་ཤག་རོང་པོ་དགོན་གྱི་བླ་མ་ཟླ་བ་རིན་པོ་ཆེས་༧གོང་ས་མཆོག་ལ་འབྲེལ་བ་གནང་ཡོད་པའི་ཉེས་འཛུགས་འོག དགོན་པའི་ལས་སྣེ་འཛིན་བཟུང་དང་དགོན་པ་སྒོ་བརྒྱབ་པ་སོགས་ལ་བརྟེན་ཏེ་དགེ་འདུན་པ་ཞིག་གིས་རང་ཤུ་རྒྱག་དགོས་བྱུང་པ་སོགས་ཀྱིས་རྒྱ་གཞུང་གིས་ཤོད་བཞིན་པའི་ཆོས་ལུགས་དད་མོས་ལ་འགྲེལ་བཤད་རྒྱག་གི་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། བནྟེ་སྐྱབས་ཀྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 7

  1. བསྟན་ཆོས། says:
    ལོ་ 13 སྔོན།

    རྒྱ་གཞུག་གིས་དབུ་ལམ་རྒྱའི་ཁྲིམས་དང་འགལ་འདུག་ཅེས་པའི་ཐད་ནས་ལན་ཚ་ཐག་ཆོད་པོ་ཞིག་རྒྱག་དགོས་པ་ཁ་ཚ་དགོས་གཏུགས་རེད། བཀའ་ཤག་གཙོས་གཞུང་དང་ཚོགས་སྡེ། ཐ་ན་མི་སྒེར་རེ་རེར་བབ་པའི་འགན་རེད། འདི་མི་ཁུར་བ་ག་ལ་སྲིད་ཀྱང།་མ་འཇོན་ན་ཞབས་འདྲེན་པ་རྐྱང་རེད།

    Reply
  2. བསྟན་ཆོས། says:
    ལོ་ 13 སྔོན།

    ཀེ་ཏ་ཀེས”ལས་ཀ་བྱེད་ཕྱོགས་ཀྱིས་ཐམས་ཅད་འཕྲོ་བརླག་ལ་ཤོར་སྲིད་སྟབས”ཟེར་ཡང་སྲིད་པ་ཙམ་མ་རེད་སྲིད་པའི་ཁྱབ་རེད། གཞུང་ཞབས་ཚང་མ་ལ་མཇལ་ཁ་མ་གནང་བ་ཏག་ཏག་རེད།་ད་དུང་ཉུང་དུ་གཏོང་རོགས་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ང་ཚོའི་ཕྱོགས་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ནི། ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། དངོས་གཞིའི་ལས་འགུལ་སྤེལ་རྒྱུ། མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད།
    གྲོས་མོལ་བརྒྱུད་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་པ་ཡིད་ཆེས་བརྟན་པོའི་སྒོ་ནས་ཞུ་རྒྱུ་ཡིན། ་་་་་་ཟེར།

    Reply
  4. ཆོས་རྒྱལ། says:
    ལོ་ 13 སྔོན།

    གསར་འགྱུར་འདིའི་ཁ་བྱང་གནད་དུ་འཁེལ་འདུག སྲིད་སྐྱོང་མཆོག་གིས་ “བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་པ་ཡིད་ཆེས་བརྟན་པོའི་སྒོ་ནས་ཞུ་རྒྱུ་ཡིན།”ཞེས་གསུངས་འདུག གསུང་བཤད་དེས་དངོས་བསྟན་ནི། ད་ནས་བཟུང་སྟེ་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་གྱི་སྲིད་བྱུས་ཡན་པར་ཡིད་ཆེས་བྱེད་རྒྱུ་ཡིན་ཞེས་བསྟན་འདུག་པས། ཤུགས་བསྟན་སུ་ད་སྔ་དབུ་མའི་ལམ་ལ་ཡིད་ཆེས་མེད་པ་དང་། ཡང་ན་ད་བར་དབུ་མའི་ལམ་ལ་ཡིད་ཆེས་བྱས་མྱོང་མེད་པ་བཅས་བསྟན་འདུག ཧ་ཧ་ཧ། སྲིད་སྐྱོང་མཆོག་གིས་དེ་སྔོན་བཀའ་མོལ་གནང་ཡུལ་མང་པོ་ཞིག་ཏུ། བཀའ་ཤག་སྐབས་བཅུ་བཞི་བས་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར་བ་ཙམ་ལས། ང་རང་སྒེར་ངོས་ནས་དབུ་མའི་ལམ་ལ་མོས་མཐུན་ཡིད་ཆེས་ཡོད་མེད་གང་ཡང་བཤད་མེད་པ་མ་ཟད། སྒེར་ངོས་ནས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་འདོད་ཡོད་མེད་ཀྱི་ཁ་ཡང་གསལ་བོ་མེད་པར་འགྲོ་ཐབས་འདུག་ཐབས་ཀྱི་གསུང་བཤད་རྐྱང་གནང་བསྡད་པ་རེད།

    Reply
  5. ཀེ་ཏ་ཀ says:
    ལོ་ 13 སྔོན།

    སྡེ་ཚན་འགན་འཛིན་་་་་་མན་་་་་ཞེས་བཟོ་བཅོས་གནང་རོགས།།

    Reply
  6. ཀེ་ཏ་ཀ says:
    ལོ་ 13 སྔོན།

    སྲིད་སྐྱོང་གིས་ཡིད་ཆེས་རྙེད་ཡ་འཕྱི་དྲགས་འདུག ཡིད་ཆེས་ཡོད་མེད་ཕྱག་བསྟར་གནང་ཕྱོགས་ནས་བལྟ་ཡ་རེད་མ་གཏོགས། ཁ་ནས་དམ་འཛིན་ཞུ་རྒྱུ་ཡིན། འགྱུར་བ་མེད། ཡིད་ཆེས་ཞུ་རྒྱུ་ཡིན་ཞེས་གསུངས་བསྡད་པས་ཕན་ཅི་གང་ཐོག་གི་མ་རེད། བཙན་བྱོལ་ནང་བོད་མི་ཕྱི་རྒྱལ་གྱི་མི་སེར་ཟུར་ཕོག་ཡོད་མཁན་འགའ་དང། སྡེ་པ་གཞུང་གི་སྐུ་དྲག་ཁ་ཤས། རྒྱ་མིའི་བེད་སྤྱོད་འོག་ཕྱིན་པ་རེ་འགའ་བཅས་ལས་དབུ་མའི་ལམ་ལ་ཡིད་ཆེས་མེད་མཁན་གཅིག་ཀྱང་མེད་པས། སྲིད་སྐྱོང་མཆོག་གིས་ད་དབུ་མའི་ལམ་གསུངས་ཏེ་བཞུགས་རྒྱུ་མིན་པར། ཕྱག་བསྟར་གནང་ནས་མིའི་མིག་ལ་འཆར་ཡ་ཡོད་པ་ཞིག་གནང་རོགས།།

    དེ་མིན་ཤེས་རིག་ལས་ཁུངས་ཀི་ཤེས་ཡོན་སྲིད་བྱུས་ཐད་ཀྱི་དེ་རིང་སང་ཉིན་གྱི་རྙོག་གླེང་དང། དེ་བཞིན་བོད་སློབ་འཛིན་ཚོགས་རྩིས་བཞེས་ཐུབ་མིན་ཁེག་སེ་ཡོད་པའི་གནང་སྟངས་འདི་ལྟར་དབུ་མའི་ལམ་ཕྱག་བསྟར་མ་གནང་རོགས། ངེས་པར་དུ་བཀའ་ཤག་ལྷན་རྒྱས་ལ་གྲོས་འདྲི་རོགས། གལ་སྲིད་བཀའ་བློན་གནད་ཡོད་རྣམས་མེད་དུས་རྩ་བ་ནས་ཐག་གཅོད་གནང་རྒྱུ་ཡོད་པ་མ་རེད།

    གོ་ཐོས་བྱས་ན། ༼ སྲིད་སྐྱོང་སློབ་ཡོན་༽དང་༼ ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བཀོད་ཁྱབ་ཕྱིན་ཅི་ལོག་པ་ཁག༽། ༼ ནང་སྲིད་བཀའ་བློན་ཤེས་རིག་བཀའ་བློན་ལ་བརྗེ་བོ་གནང་འཆར། ༽དེ་བཞིན་༼ རང་གི་གྲོགས་པོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ་༽སོགས་ནི་བཀའ་ཤག་ལྷན་རྒྱས་མི་བཞུགས་དུས། བཀའ་བློན་མཁྱེན་ལྡན་རྣམས་ཕྱོགས་ཕེབས་དང་གུང་གསེང་ཕྱིན་པ་ཅི་རིགས་ཀྱི་རྗེས་སུ་ཐག་གཅོད་བྱས་འདུག་སྟབས་དེ་དག་ནི་དངོས་གནས་ཞབས་འདྲེན་དང་ལོ་རྒྱུས་ཀྱིས་ཐར་བ་མི་གཏོང་བ་ཁག་རེད།

    ད་དུང་དཔེར་མཚོན་ཞིག་ལ། དེ་རིང་མང་གཙོ་དུས་དྲན་གྱི་གཞུང་ཞབས་རྣམ་པའི་མཇལ་ཁའི་སྐོར་རེད། གཟའ་ཕུར་བུ་ལ་བཀའ་དྲུང་གིས་བཀོད་ཁྱབ་ནང་གཞུང་ཞབས་ཚང་མ་མཇལ་ཁ་ཡོད་ཅེས་ཕེབས། ཁ་སང་གཟའ་ཉི་མར་ཡང་བསྐྱར་ངག་ཐོག་ནས་སྡེ་ཚན་འགན་འཛིན་དང་ཆོད་གན་སོགས་ལ་མཇལ་ཁ་མེད་ཅེས་ཁ་པར་གཏོང་རེ་བྱེད་པ་སོགས་ནི་ད་བར་གངས་སྐྱིད་ཀྱི་འཛིན་སྐྱོང་ནང་བྱུང་མ་མྱོང་དོན་དག་ཅིག་རེད། འདི་དག་ཞབས་འདྲེན་རེད། མི་མང་གིས་མཁྱེན་གྱི་མེད་སྟབས་ཅི་བྱས་ན་ཆོག་གི་བསམས་པ་དེ་ནོར་བ་རེད།

    དེ་བཞིན། ད་དུང་གནས་ཚུལ་མང་པོ་འདུག དཔེར་ན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཁ་སང་སོག་པོར་ཚོགས་འདུར་སོང་ནས་ར་བཟི་ནས་ཉིན་གཅིག་ཧྲིལ་བོར་ཉལ་ནས་ཚོགས་འདུར་བཅར་མ་ཐུབ་པ། དེ་བཞིན་ལྷ་བཟང་ཚེ་རིང་གི་དཔེ་དེབ་དབུ་འབྱེད་ཚོགས་འདུར་སོང་ནས་དབུ་མའི་ལམ་དང་སྒྲིག་འཛུགས་ལ་སྐྱོན་བརྗོད་གྲོས་རྭར་མཉམ་ཞུགས་བྱས་པ་སོགས་ནི་སྲིད་སྐྱོང་གིས་མ་ཐོས་པ་དང་མ་མཐོང་བ་ཡིན་མི་སྲིད་མོད། ད་བར་གྲགས་འགུལ་གང་ཡང་མེད་པ་ནི་ཞབས་འདྲེན་རེད། ལས་ཀ་བྱེད་ཕྱོགས་ཀྱིས་ཐམས་ཅད་འཕྲོ་བརླག་ལ་ཤོར་སྲིད་སྟབས། མ་འོངས་པར་གཟབ་ཙམ་གནང་རོགས།།།

    Reply
  7. གནས་ཚང་། says:
    ལོ་ 13 སྔོན།

    ད་ཚང་མ་ལོས་དགའ་ཁ་འཁྱེར་ཕྱོགས་མི་གནང་བར་དབུ་མའི་ལམ་གྱི་འགྲེལ་བརྗོད་དང་བོད་རིང་ལུགས་ཀྱི་འགྲེལ་བརྗོད་གཉིས་ལ་གཤིབས་བསྡུར་ཉམས་ཞིབ་གནང་གལ་ཤིན་ཏུ་ཆེ་བའི་ཁར། བོད་ཕྱི་ནང་གཉིས་ཀྱི་བསམ་བློ་གཅིག་གྱུར་དང་ངོ་རྒོལ་བྱེད་ཡུལ་གཅིག་གྱུར་ཡོང་ཐབས་ཤིག་འཚོལ་རན་འདུག རྒྱུ་མཚན་ནི་རྒྱ་གཞུང་གིས་དབུ་མའི་ལམ་རྩ་ཁྲིམས་ལ་འགལ་འདུག་ཅེས་གསལ་བོ་དག་པོ་བརྗོད་ཡོད་པས། གོང་ས་མཆོག་བཙོན་ཁང་ནང་སྐྱེལ་བསམ་མཁན་ཞིག་མིན་ན། ད་ལམ་གསུམ་པ་ཞིག་འཚོལ་རན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese