མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ།

བསིལ་ལྡན་ས་ལའི་སྨན་ལྗོངས་ཆགས་ནས་ཅུང་མ་འགོར་བར་ང་ཚོའི་ཐོག་མའི་མེས་པོ་དག་བྱུང་ཞིང་། མེས་པོ་དག་གིས་དཀའ་སྤྱད་དང་སྡུག་རུས་ལ་བརྟེན་ནས་མི་རིགས་འདི་ལ་འཚོ་གནས་ཀྱི་གོ་སྐལ་བྱུང་བ་རེད་ལ། མ་ཟད་འདི་དག་གི་ངལ་ཞིང་རྩོལ་བའི་འཚོ་ཚིས་ཀྱི་སྐྱིད་སྡུག་ཁྲོད་ཕན་ཚུན་ལ་གོ་བརྡ་འཕྲོད་པའི་མ་སྐད་དེ་ཉིད་རྙེད་པ་ཡིན་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་། 

མེས་པོ་སྲོང་བཙན་སྒམ་པོར་ཕྱོགས་བཞིའི་རྒྱལ་ཁམས་ལ་དཔུང་གིས་སྟོབས་བསྐྱེད་ཅིང་དགྲ་མགོ་ཟིལ་གྱིས་གནོན་པའི་གཟི་བརྗིད་ཡོད་ཀྱང་། མི་རིགས་ཤིག་ལ་རང་ཉིད་ཀྱི་བླ་སྲོག་མཚོན་པའི་སྐད་ཡིག་མེད་ན་ངོ་ཚའི་གནས་སམ་སྲིད་འབྱོར་རིག་གསུམ་ཡང་དག་ཅིག་སྐྱོང་མི་ཐུབ་པའི་དགོངས་པ་འཁྲུངས་པ་བཞིན་སྐབས་དེར་གསེར་གྱི་རྫོངས་པ་མང་པོ་དང་བཅས་སློབ་དཔོན་ཐོན་མི་སམ་བྷོ་ཊ་འཕགས་ཡུལ་དུ་ཡི་གེ་བསླབ་པར་བཏང་བ་ཡིན་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

བློན་ཆེན་ཐོན་མིས་རྒྱལ་པོའི་བཀའ་གཙུགས་སྙིང་ལ་བཅངས་ཤིང་། མི་རིགས་ཀྱི་རྨོངས་པ་ཡོངས་སུ་བསལ་ཕྱིར་དཀའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་ཅིང་། འཚོ་ཚིས་ཀྱི་སྡུག་བསྔལ་གང་མང་མྱངས་ནས་ས་གནམ་ལས་ངོ་ཤེས་མེད་ས་ཞིག་ན། གཞན་གྱི་ཡི་གེ་བསླབས་ཤིང་རང་གི་རྣམ་དཔྱོད་སྤྱད་སྤྱད་མཐར། མི་རིགས་ཀྱི་བླ་སྲོག་དང་རིག་གནས་ཀྱི་གཞི་རྟེན་འདི་གསར་བཟོ་མཛད་པ་ཡིན་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གཞན་གྱི་མཁས་པ་གདན་དྲངས་ཤིང་། རང་གི་མི་རིགས་ཀྱི་ཁྱེའུ་བློ་རྣོ་བ་དག་ལ་རང་གཞན་གྱི་སྐད་ཡིག་སྦྱངས་པའི་སྲོལ་བཙུགས་ཏེ། ༼ སྒྲ་སྒྱུར་ལོ་ཙཱ་གླིང་༽གསར་འཛུགས་ཀྱིས་མི་རིགས་འདི་ནམ་ཡང་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་སྣ་མང་ཅན་ གྱི་རྒྱལ་ཁབ་ཅིག་གི་ངོ་བར་བསྐྱེད་རྒྱུར་ཤུགས་བརྒྱབ་པ་ཡིན་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

མེས་པོ་ཁྲི་རལ་པས་མི་རིགས་ཀྱི་སྐད་ཡིག་འདི་ཡང་དག་ཅིག་དང་གཙང་མ་ཞིག་ཡོང་བའམ་ཡང་ན་ཕྱི་རབས་བོད་མི་དག་གི་སླད་དུ་བཀས་བཅད་རིམ་པ་གསུམ་མཛད་དེ། མི་རིགས་ཀྱི་སྐད་ཡིག་འདི་འཐུས་སྒོ་ཆེ་ཚང་དང་། སྤུས་ཇེ་ལེགས་སུ་བཏང་ནས་ཤུལ་བཞག་གི་ནོར་བུ་ཞིག་ང་ཚོ་བགོ་སྐལ་དུ་བཞག་པ་ཡིན་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

མེས་པོ་འུ་དམ་བཙན་པོ་སྐུ་གྲོངས་ཏེ་གསེར་ནག་གི་རི་བོའི་ཕྲེང་བ་བརྒྱུད་པ་ལྟ་བུའི་བཙན་པོའི་མངའ་ཐང་དུམ་སེ་བཅད་རྗེས། བོད་སིལ་བུར་འཐོར་བའི་ཡ་ང་བའི་ལོ་རྒྱུས་དེ་བྱུང་ན་ཡང་། སྐབས་དེར་ནམ་མཁའི་སྐར་ཚོགས་ཀྱིས་ས་གཞི་ཁེབས་པ་དང་མཚུངས་པའི་མཁས་པ་གང་མང་ཞིག་གིས་བོད་སྐད་ཡིག་གི་སྟེང་ནས་རྟེན་འབྲེལ་དང་། འཚེ་མེད་བརྗོད་བྱ་བྱས་པའི་གཞུང་ལུགས་བརྩམས་ཤིང་། སྙན་འགྱུར་ཕུན་སུམ་ཚོགས་པའི་སྙན་ངག་རིག་གནས་མཛད་དེ། ས་ཆེན་པོ་འདིར་བླ་མེད་ཀྱི་རྐང་རྗེས་ཆེན་པོ་ཞིག་བཞག་ཡོད་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

སྤྱིར་བཏང་གི་ཚད་ཐུབ་ཀྱི་མི་རིགས་ཤིག་ཡིན་མིན་ནི། མི་རིགས་དེའི་ངོ་བོ་མཚོན་པའི་སྐད་ཡིག་ཡོད་མེད་ལ་རག་ལས་ན། བོད་པ་ཡང་དེ་ལས་མ་འདས་ཕྱིར། ང་ཚོའི་མི་རིགས་འདི་སྔོན་བྱོན་ཡབ་མེས་ཚོའི་བཀའ་དྲིན་གྱིས་ང་རང་ཚོ་རང་ཉིད་ལ་དབང་བའི་འཐུས་ཚང་གི་སྐད་ཅིག་ཡོད་ལགས་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

མི་ཞིག་ལ་མཚོན་ན་རང་ཉིད་འཚོ་གནས་ཐུབ་མིན་ནི་ཁ་ལ་བཟའ་རྒྱུ་ཞིག་ཡོད་མེད་ལ་ཐུག་ཡོད་མོད། མི་རིགས་ཤིག་ལ་མཚོན་ན། མི་རིགས་དེ་ཡུན་གནས་ཐུབ་མིན་གྱི་བླ་སྲོག་ལྟ་བུ་ནི་མི་རིགས་དེའི་སྐད་ཡིག་ཉིད་ལགས་ཤིང་། རིག་གཞུང་གི་གཞི་རྟེན་འབའ་ཞིག་ཀྱང་སྐད་ཡིག་ཉིད་ལགས་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

སྔར་རང་ཉིད་ཀྱིས་བོད་ཡིག་མ་སྦྱངས་པའམ་རང་ཉིད་ཀྱིས་བོད་ཡིག་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས། བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་དུས་རབས་ཀྱི་གད་སྙིགས་ཤིག་དང་།  དགོས་མེད་ཀྱི་ཅ་ལག་ཅིག་ལ་མ་གཟིགས་དང་། འདི་ནི་མི་རིགས་ཀྱི་འདས་ཟིན་གྱི་ལོ་རྒྱུས་གསལ་བའི་མེ་ལོང་དེ་ཡིན་ལ། འབྱུང་འགྱུར་གྱི་མི་རབས་གང་མང་ཞིག་འཚོ་གནས་ཐུབ་པའི་བླ་སྲོག་ཉིད་ལགས་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས།

སྐད་ཡིག་གང་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་དང་མི་སྒེར་གྱི་འཚོ་གནས་ལ་ཕན་པའི་བྱེད་པོ་ཞིག་བཟོ་དགོས་ན། སྐད་ཡིག་དེ་བཀོལ་སྤྱོད་ཀྱི་ཁོར་ཡུག་ཅིག་དགོས་ལ། སྐད་ཡིག་དེའི་རིན་ཐང་ལ་བཅངས་པའི་འདུ་ཤེས་ལྷད་མེད་ཅིག་དགོས་པ་ལགས་ན། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

མི་རིགས་ཤིག་ཚུགས་ཐུབ་ཏུ་ལངས་དགོས་ན། ནམ་ཡང་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་ལངས་དགོས་ཏེ། འཇར་པན་རྒྱལ་ཁབ་ཀྱང་ཐོག་མར་གཞན་གྱི་སྐད་ཡིག་གིས་ཡར་ལངས་འདོད་བྱས་མོད། མཐའ་མར་རང་ཉིད་ཀྱི་མ་སྐད་ལ་མ་བརྟེན་པར་སྔོན་དུ་ཐོན་པའི་སྐབས་མེད་པ་ཤེས་རྗེས་རང་སྐད་ལ་བརྟེན་པ་རེད་ལ། དེ་ནི་ལོས་ཡིན་ཀྱང་སྙམ་སྟེ། རང་ཉིད་ཀྱི་མ་རྩ་གང་ཡོད་པ་དེ་ཕར་གཡུགས་ནས་གཞན་གྱིས་བདག་གིར་བཞེས་པའི་ཅ་དངོས་ཤིག་རང་ཉིད་ལ་ཐོབ་འདོད་སྐྱེས་པ་ནི་ལྐུག་པའི་ལས་ཤིག་ལས་མ་འདས་པས། སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

སྐུ་ངོ་ལགས། དུས་ནམ་ཡིན་ཡང་བོད་ཡིག་ལ་ལྟ་ཚུལ་ཡག་པོ་ཞིག་འཛིན་རོགས། བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཇེ་ཆེར་གཏོང་རོགས། དེ་ལྟར་མ་བྱས་པར་རང་ཉིད་ཀྱི་ཚོར་སྣང་ཙམ་པོའི་རྗེས་སུ་འབྲང་ན། འུ་ཚོའི་མི་རིགས་འདི་མེ་འདས་གསོད་མི་དགོས་ཏེ། མེ་མདས་བསད་ན་མི་རེ་རེ་ལས་གསོད་མི་ཐུབ་མོད། སྐད་ཡིག་བཀོལ་སྤྱོད་མེད་པར་བཟོས་པས་ནི། མི་རིགས་བསྡེབས་ཀྱིས་གསོད་པས་སོ། །

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 6

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    རྩ་བའི་ནང་སེམས་ཀྱི་ཀུན་སློང་ལ་འབྲེལ་བཤད་རྒྱག་ཤེས་ཐབས་མེད་ན་ཡང་། རྩོམ་འདི་ལ་བལྟ་སྐབས་ཀུན་སློང་ཡག་པོ་འདུག་བསམ་བསམ་ཞིག་བྱུང་། དེ་མིན་དྲྭ་བའི་ཞབས་མཆན་པ་གཞན་ཞིག་གིས་དགོངས་ཚུལ་གསུང་བ་བཞིན་ཡི་གེའི་དག་ཆའི་ཐད་རྩོམ་པ་པོ་ཉིད་ནས་ཀྱང་ངེས་པར་གཟབ་དགོས་པར་མཐོང་། དེ་མིན་བསམ་ཚུལ་གཞན་མེད།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 12 སྔོན།

    thapkegyatsoལགས།
    ཁྱེད་ལ་རྩོམ་སྒྲིག་པའི་ལན་མེད་ན། རྩོམ་པ་པོས་འགོད་ཆོག་ཞུ། རྩོམ་སྒྲིག་པས་ལན་ཞིག་རོགས་ཞུ།

    Reply
  3. thapkegyatso says:
    ལོ་ 12 སྔོན།

    རྩོམ་བདག་ལགས།
    འདི་གཞན་ལ་འོས་སྦྱོར་བྱས་ན་འགྲིག་གམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྐུ་ངོ་ཞེས་པའི་ཚིག་འདི། ག་དུས་བྱུང་བ་ཡིན་ནམ། ༸སྐུ་ངོ་མ་དང་། སྐུ་ངོ་མ། མ་ཡིན་པའི་ཁྱད་གང་གིས་འབྱེད་དམ། ལགས།

    Reply
  5. རྒྱ་མཚོ། says:
    ལོ་ 12 སྔོན།

    རྩོམ་ཡིག་ཐུང་ངུ་ཞིག་གི་ནང་ལ། ཡིག་ནོར་འབེབས་སྟངས་ལ་བལྟས་ན། དགེ་རྒན་ལགས། བོད་ཡིག་ཅིག་སྦྱོངས་དང་། ཞེས་ཞུ་དགོས་པ་ཆགས་འདུག

    འཕགས་ཡུལ་དུ་ཡི་གེ་༼བསླབ༽་པར་བཏང་།
    རྒྱལ་པོའི་བཀའ༼་གཙུགས༽་སྙིང་ལ་བཅངས།
    འཐུས་སྒོ་༼ཆེ༽་ཚང་།
    ནོར་བུ་ཞིག་ང་༼ཚོ༽་བགོ་སྐལ་དུ་བཞག
    གསེར་ནག་གི་རི་བོའི་ཕྲེང་བ་༼བརྒྱུད༽་པ་ལྟ་བུ།
    བཙན་པོའི་མངའ་ཐང་དུམ་༼སེ༽་བཅད་རྗེས།
    ཚོར་སྣང་ཙམ་པོའི་རྗེས་སུ་༼འབྲང༽་ན།
    འུ་ཚོའི་མི་རིགས་འདི་མེ་༼འདས༽་གསོད་མི་དགོས་ཏེ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྐུ་ངོ་ལགས། བོད་ཡིག་ཅིག་སྦྱོངས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese