མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོཊ་འབོད་པ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཐོག ངྷ་ས་ཟློས་གར་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་དཔང་རྟགས་དང་ཁུངས་སྐྱེལ་སོགས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཐོག རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་དང་རྔ་པ་ཁུལ་མཛོད་དགེ་རྫོང་གི་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་ཏུ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་དེ་དྲང་བདེན་མིན་པ་གསལ་སྟོན་ཆེད། ༼ ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་པ།༽ཞེས་པའི་དགོང་ཚོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

རྨེའུ་དཀོན་རྒྱམ་ལགས་ཀྱིས་གོང་གསལ་གནས་ཚུལ་ཞིབ་ཕྲ་བཏང་འབྱོར་ནང་། ལས་འགུལ་དེའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་ངྷ་ས་ས་གནས་བདེ་དོན་བསོད་ནམས་རྡོ་རྗེ། གཞན། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་ཐོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་དབྱིན་ཡིག་དང་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་བོད་ཡིག་ཐོག་བསྒྲགས་གཏམ་སྤེལ་ཡོད་འདུག

བསྒྲགས་གཏམ་ནང་། “རྒྱ་ནག་གཞུང་གིས་དཔང་རྟགས་དང་ཁུངས་སྐྱེལ་སོགས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པར་བཙན་དབང་གིས་བརྗོད་དེ་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་དང་རྔ་པ་ཁུལ་མཛོད་དགེ་རྫོང་གི་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་ཏུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཟིན་པ་ནི། རྒྱལ་སྤྱིའི་ཁྲིམས་དང་། དྲང་བདེན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་བ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་དེ་དྲང་བདེན་དང་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ལས་ལྡོག་སྟེ། དྲང་བདེན་མིན་པ་དང་། མི་མང་གི་ཐོབ་ཐང་བརྩི་འཇོག་མེད་པ། སྒེར་གཅོད་པའི་དུས་རབས་ཤིག་ཡིན་པའི་དཔང་རྟགས་ཡིན”ཞེས་བཀོད་ཡོད་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས། ” བོད་ནང་ནས་ད་ལྟའི་བར་དུ་མི་ ༡༢༠ ཡིས་རང་སྲེག་གི་ཞི་རྒོལ་བྱས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ལོ་དྲུག་ཅུ་ལྷག་གི་རིང་བོད་དང་བོད་མིའི་ཐོག་ལ་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་པ་དེར་བོད་མིའི་གདུང་ལེན་མ་ཐུབ་པས་ཐོག་ནས་བྱུང་བ་རེད། རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱིས་ལས་འགུལ་སྤེལ་བ་དེར་བསྐྱར་ཞིབ་མ་བྱས་པའི་ཐོག་ནས་ད་དུང་རིག་འཚོ་མ་ཟིན་པ་དང་། བཟའ་ཚང་གི་གནས་ཚུལ་ཡིན་པ་སོགས་གང་སྡུག་སྡུག གང་ངན་ངན་གྱིས་རྒྱུ་རྐྱེན་གཞན་ལ་ཁ་གཡར་བ་མ་ཟད། འབྲེལ་ཡོད་སྤུན་མཆེད་དང་ཉེ་རིང་། ཨ་ཁུ་ཨ་ཞང་སོགས་འབྲེལ་ཡོད་ཚང་མ་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་བ་རེད” ཅེས་དང་། ཁོང་གིས་མུ་མཐུད་དོན། “ ད་ལྟའི་རྒྱ་གཞུང་གིས་བོད་པའི་ཐོག་ཁྲིམས་བཅས་པ་དང་ཁྲིམས་ལག་ལེན་བསྟར་བ་དེ་ཚོ་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་མ་ཟད། རྒྱ་གཞུང་ཁོ་རང་ཚོས་བཟོས་པའི་ཁྲིམས་དང་ཡང་འགལ་ཡོད། བོད་མིའི་ཚེ་སྲོག་རྩེད་མོ་རྩེ་སྤྱད་བྱེད་ཀྱིན་ཡོད་པ་རེད། དེ་ནི་ཁོ་རང་ཚོས་བཙན་དབང་འོག་ཏུ་བསྡུ་ཐབས་ཁོ་ན་རེད། དཔེར་ན། རྒྱ་ནག་གི་སྤྱི་དངུལ་ལྐོག་ཟ་བྱེད་མཁན་པའོ་ཞི་ལེ་སོགས་ཁོ་རང་ཚོའི་མགོ་ཁྲིད་ཚོ་ལ་ཁྲིམས་ཐག་བཅད་པ་དེ་དྲང་པོ་མ་བྱུང་བ་རྒྱ་ནག་ཁོ་རང་ཚོའི་ནང་ནས་བཤད་ཡོང་གི་ཡོད” ཅེས་གསུངས་འདུག

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཉེ་ལམ་༧གོང་ས་མཆོག་ཐུགས་ཕན་གྱི་གནས་ཚུལ་ཞིག་བྱུང་བའི་ཐོག་གསུངས་དོན། “ དེ་རིང་གི་གོ་སྐབས་འདི་འཇུས་ནས་ཞུ་འདོད་པ་གཅིག་ནི། ཚོགས་ཁང་འདིའི་ནང་གསར་འགོད་པ་དང་ངྷ་རམ་ས་ལའི་ཚོགས་པ་ཁག་གི་ཚོགས་མི་སོགས་ ལུང་པ་དང་ས་གནས་མང་པོ་ཞིག་གི་འཐུས་མི་འཛོམས་བསྡད་པ་ཞིག་རེད། ཉེ་ཆར་དམངས་གཙོའི་དུས་ཆེན་གྱི་ཉིན་༧གོང་ས་མཆོག་གིས་ཁོང་ལ་ཐུགས་ཕམ་བྱུང་བ་དང་དེའི་འབྲས་བུ་ག་རེ་བྱུང་མིན་སྐོར། བོད་གཞུང་གི་ལས་བྱེད་གནད་ཡོད་མང་པོ་ཞིག་ལ་ཕོ་བྲང་ནང་དུ་བཀའ་སློབ་ཅིག་གནང་ཡོད། དེ་ཚང་མས་ཤེས་ཀྱི་ཡོད་དུས། མི་མང་ལ་ཚོར་སྣང་ག་འདྲ་ཞིག་བྱུང་ཡོད་དམ། དངོས་གནས་བྱས་ན་ང་རང་ཚོས་ཟས་ཆུ་གཉིས་བྲལ་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཚར་བ་རེད། ཁ་སང་དེ་རིང་སྤྱི་འཐུས་རྣམ་པ་ཚོས་ཀྱང་ཆུ་ཚོད་ནས་ཆུ་ཚོད་མུ་མཐུད་ནས་གནད་ དོན་དེའི་ཐོག་བགྲོ་གླེང་གནང་བཞིན་པ་རེད། ངས་འདི་ནས་དྲན་སྐུལ་ཙམ་ཞུ་འདོད་པ་ནི། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཆུ་སྤྲེལ་ཞལ་གདམས་གནང་པའི་ཐོག་བོད་མི་ཚོའི་ངོས་ནས་འཕྲལ་མར་ཚ་ཚ་འུར་འུར་གྱི་ལས་འགུལ་དེ་འདྲ་སྤེལ་མ་ཐུབ་པའི་དབང་གིས་ད་ལྟའི་བོད་པའི་གནས་བབ་འདི་བྱུང་བ་རེད” ཅེས་དང་།

ཁོང་གིས་མུ་མཐུད་དུ། “ རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་བཀའ་སློབ་ཞལ་གདམས་ཀྱི་ཐོག་ནས་ཐུགས་ཕམ་བྱུང་ བའི་ལོ་རྒྱུས་ཤིག་ཆགས་ཡོད། དེ་ནི་དུས་ཚོད་ཐུང་ཐུང་ཞིག་དང་བཙན་བྱོལ་ནང་གཅིག་པུ་མིན་པར་བོད་ནང་ནས་ཀྱང་ ནང་ཁུལ་གསོད་རེས་བྱས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་ཐུགས་ཕམ་བྱུང་བསྡད་པ་ཞིག་རེད། འཐུས་ཤོར་སྔ་རྗེས་མང་པོ་ཕྱིན་ཡོད་པ་རེད། གང་ལྟར་༸སྐྱབས་མགོན་རིན་པོ་ཆེ་དགོངས་ཚོམ་དྭངས་གསལ་ཡོང་བ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གཡོལ་ཐབས་མེད་པ་ཞིག་རེད། ༸སྐྱབས་མགོན་རིན་པོ་ཆེས་དམངས་གཙོ་གནང་བ་དང་། ང་ཚོས་ཀྱང་དམངས་གཙོ་དེར་བདག་པོ་རྒྱབ་ཐུབ་པ་བྱེད་དགོས། བཀའ་ཤག་དང་སྤྱི་འཐུས་བདམས་པ་ཙམ་གྱིས་དམངས་གཙོའི་ལས་འགན་གྲུབ་པ་ཞིག་མ་རེད། གཞུང་ལ་མི་མང་གིས་སྐུལ་འདེད་བྱེད་དགོས་ཀྱི་ཡོད། ཚོགས་པ་ཁག་ཡིན་ནའང་དམངས་གཙོའི་འགན་ཁུར་བའི་ཐོག་ནས་ཚོགས་འདུ་སྣ་ཚོགས་བསྐོངས་ཏེ་ཉིན་དང་མཚན་མཐུད་ནས་ཅིག་བྱེད་དགོས་པའི་དུས་ལ་བབ་ཡོད། བརྟན་བཞུགས་ཕུལ་བ་དེ་རྟེན་འབྲེལ་ཙམ་གྱི་ཐོག་ནས་ཡག་པོ་རེད་དེ་གཙོ་བོ་ལག་ལེན་གྱི་ཐོག་ནས་གོམ་པ་རྒྱག་དགོས་ཀྱི་འདུག ང་ཚོས་དམངས་གཙོ་དེ་ངོ་ཤེས་པ་བྱེད་དགོས་ཀྱི་འདུག ད་ལྟའང་དམངས་གཙོའི་འགྲོ་སྟངས་ཡག་པོ་ཆགས་མི་འདུག  ཁ་ནས་གང་བྱུང་མང་བྱུང་བཤད་ཆོག་པ་དེ་དམངས་གཙོའི་རང་དབང་མ་རེད། རྒྱ་ནག་གི་མི་མང་དེ་གཞུང་གི་ཆེད་དུ་ཡིན་ཡང་། ང་ཚོ་ནི་དེ་འདྲ་མིན་པར་མི་མང་གི་ཆེད་དུ་གཞུང་བཙུགས་བཞག་པ་ཞིག་རེད། ང་རང་གཞུང་གི་ལས་བྱེད་པ་མིན་པར་མི་དཀྱུས་མ་ཞིག་གི་ཐོག་ནས་དྲན་སྐུལ་ཙམ་ཞུས་ པ་ཡིན” ཞེས་གསུངས་འདུག

ལས་འགུལ་དེའི་མཇུག་ཏུ་མྱ་ངན་གྱི་སྙན་ངག་གྱེར་འདོན་དང་གཞས་པ་གཞས་མ་ཁག་ཅིག་གིས་གླུ་གཞས་བཅས་བཏང་རྗེས། རྨེའུ་དཀོན་རྒྱམ་ལགས་ཀྱིས་ཐུགས་རྗེ་ཞུའི་གཏམ་བཤད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ལས་འགུལ་སྤེལ་བར་རྒྱབ་སྐྱོར་ཡོད།
    གསལ་བཤད་ཞུ་འདོད་པ་ཞིག་ལ། གནས་ཚུལ་འདི་འདྲའི་སྐབས་སུ།
    “རྒྱ་ནག་གཞུང་གིས་དཔང་རྟགས་དང་ཁུངས་སྐྱེལ་སོགས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པར་བཙན་དབང་གིས་བརྗོད་དེ་་་་་” ཞེས་པ་འདི་ཙམ་གྱིས་མི་ཆོག་པར། ཁོང་རྣམ་པར་བཀལ་བའི་ཉེས་འཛུགས་དེ་དོན་དངོས་མིན་པའི་ཐད་ལ་དངོས་ཡོད་གནས་ཚུལ་ཞིབ་ཕྲ་བཀོད་ནས་ཐེར་འདོན་བྱས་ན་ནུས་པ་ཆེའོ།
    དེ་བས་གཞུང་སྒེར་ཚང་མས་དངོས་ཡོད་གནས་ཚུལ་གསལ་རྟོགས་ཐད་ལ་ཐབས་ཤེས་གང་མང་གནང་དགོས། རབ་བྱུང་ན་བོད་ནང་ལ་གནས་ཚུལ་ཞིབ་རྟོག་པ་ཆེད་འཛུགས་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese