མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་གྱི་རྒྱུན་ལས་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགོང་དྲོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་གསར་འདེམས་དང་ཚོགས་གཙོ་བསྐོ་བཞག་གནང་སོང་།  

དེ་རིང་ཕྱི་དྲོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་མཇུག་བསྡོམས་དང་བསྟུན་ཏེ། སྐབས་དྲུག་པའི་རྒྱུན་ལས་ ༡༥ གསར་འདེམས་གནང་ཡོད་པ་དང་། དེ་དག་ལས་ས་རཱ་མཐོ་སློབ་ཀྱི་དགེ་རྒན་པ་སངས་ཚེ་རིང་ལགས་ཚོགས་གཙོར་འོས་ཐོན་བྱུང་སྟེ། རྒྱུན་ལས་གསར་པ་ཚོས་༧གོང་ས་མཆོག་གི་སྐུ་པར་མདུན་དུ་དམ་འབུལ་ཞུས་སོང་། གཞན། ཚོགས་གཞོན་དང་དྲུང་ཆེ་སོགས་སང་ཉིན་རྒྱུན་ལས་གསར་པ་ནང་ཁུལ་ནས་བསྐོ་བཞག་བྱ་འཆར་ཡོད་འདུག

སྐབས་དེར་ཚོགས་གཙོ་གསར་པ་པ་སངས་ཚེ་རིང་ལགས་ཀྱིས་རྩིས་ལེན་གཏམ་བཤད་གནང་བའི་ནང་། དམ་བཅའ་ཕུལ་བ་ལྟར་མ་འོངས་ལས་ཡུན་ལོ་གསུམ་གྱི་རིང་ཚོགས་པའི་ལངས་ཕྱོགས་དང་སྒྲིག་གཞིར་མ་འགལ་བའི་ཐོག གང་ཐུབ་ཅི་ཐུབ་ཀྱིས་བོད་མིའི་མངོན་འདོད་དང་གྲོས་ཆོད་ཁག་འགྲུབ་ཐབས་གནང་རྒྱུ་ཡིན་སྐོར་དང་། མ་འོངས་པར་རྒྱུན་ལས་ཚོས་ལས་ཀའི་བརྒྱུད་རིམ་ཁྲོད་ནས་ནོར་འཁྲུལ་ཤོར་སྲིད་སྟབས། སྐབས་དེར་ཚོགས་མི་ཚོའི་ངོས་ནས་ཐད་ཀར་བསམ་ཚུལ་འདོན་དགོས་པའི་རེ་སྐུལ་བཅས་གནང་སོང་།

ཐེངས་འདིར་བདམས་ཐོན་བྱུང་བའི་རྒྱུན་ལས་དག་ནི། བློ་བཟང་དཔལ་ལྡན་ལ་འོས་གྲངས་ ༩༡ དང་། ལྷ་ཆབ་སྤྱིན་པར་འོས་ ༧༧། བློ་བཟང་རྒྱ་མཚོར་འོས་ ༧༦། འཇམ་དབྱངས་སྤྱིན་པ་ལ་འོས་ ༦༨ ། ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལ་འོས་ ༦༦ ། ཏྲེ་ཧོར་བསྟན་འཛིན་རྣམ་རྒྱལ་ལ་འོས་ ༥༨། ཀུན་མཁྱེན་ལ་འོས་ ༥༢ ། པ་སངས་ཚེ་རིང་ལ་འོས་ ༥༡ ། རྒྱལ་མཚན་ལ་འོས་ ༥༠ ། བསོད་ནམས་རྡོ་རྗེར་འོས་ ༥༠ ། འཇམ་དཔལ་ཤེས་རབ་ལ་འོས་ ༤༩ ། རྨེའུ་དཀོན་རྒྱམ་ལ་འོས་ ༤༨ ། ཡེ་ཤེས་ལ་འོས་ ༤༦ ། བཟོད་པར་འོས་ ༤༦ ། ཚེ་རིང་བསམ་གྲུབ་ལ་འོས་ ༤༤ བཅས་ཐོབ་འདུག

ཐེངས་འདིའི་ཚོགས་ཆེན་སྟེང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དེ་སྔོན་གྱི་རང་བཙན་ལངས་ཕྱོགས་དབུ་མའི་ལམ་དུ་བསྒྱུར་ཡོད་ལ། དེ་བཞིན། ས་གནས་རྒྱུན་ལས་གསར་འཛུགས་གནང་རྒྱུ་དང་། བོད་དོན་ལས་འགུལ་དང་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སྔར་ལས་ལྷག་པའི་ལས་འགུལ་ཤུགས་ཆེན་སྤེལ་རྒྱུ་བཅས་ལ་གྲོས་ཆོད་བཞག་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 11

  1. ནོར་ཚེ། says:
    ལོ་ 13 སྔོན།

    ཚོགས་གཙོ་ལགས། ལས་དོན་རྣམས་ལམ་འགྲོ་ཡོང་བ་དང་གཞིས་བྱེས་གཉིས་ཀྱི་ཆབ་བཙོན་རྣམས་བློ་ཕམ་མི་འབྱུང་བའི་བྱ་བ་ཞིག་གནང་རོགས།

    Reply
  2. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    ད་ཡིན་ན་དགུ་བཅུ་གསུམ་ཚོགས་པ་ལ་ཡིད་ཆེས་དང་རེ་བ་རྩ་བ་ནས་མེད་ཨ།

    Reply
  3. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    སྔོན་ཆད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕུད་དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་ནས་དགུ་བཅུ་གསུམ་གྱི་ཚོགས་པ་དེ་ལ་ཤེས་ལྡན་མི་མང་ཚོས་རེ་བ་བཅོལ་ཡུལ་ཆགས་ཡོད། འདི་ལོ་ན་ངན་ཞིག་གིས་རྐྱེན་པས་ཚོགས་པའི་ལྟ་གྲུབ་གྱི་སྲོག་དབུག་ཆད་ཀྱང་། ཚོགས་གཞོན་ཀླུ་མཁར་འཇམ་སྨན་ཁང་ནང་ནས་ཁོ་རང་སྲོག་འགོ་ཐོན་ཙམ་བྱུང་སྟེ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ལ་ནད་ངན་ཇི་ལྟར་ཁྱབ་ཅིང་མཐའ་མ་ནད་དེ་ལས་གྲོལ་ཐབས་མེད་པའི་གནད་འགག་དང་བྱུང་རྩ་གསལ་བསྒྲགས་ཤིག་གནང་ཐུབ་ཙམ་བྱུང་བ་དེ་དངོས་ཡོད་རེད། ད་ནི་དགུ་བཅུ་གསུམ་མ་ཚད་བཅུ་བཞི་བཅོ་ལྔ་ག་ཚོད་ཡོད་ཀྱང་བོད་མི་རིགས་ལ་ཕན་པ་ཞིག་ཡོང་རེ་ནམ་ཡང་མེད།

    Reply
  4. ཚེ་རིང་ནོར་བུ། says:
    ལོ་ 13 སྔོན།

    བཀྲིས་བདེ་ལེགས།

    Reply
  5. བོད་ཀྱི་བུ། says:
    ལོ་ 13 སྔོན།

    འདས་པའི་ལོ་ཤས་རིང་ཚོགས་ཟུར་ངག་དབང་འོད་འབར་གྱིས་དགུ་བཅུ་གསུམ་ལུས་ལ་གྱོན་ཞིང་ངག་ལ་འཁྱེར་ནས་སློང་མོ་རྒྱག་བསམ་པའི་རྨི་ལམ་གཏོང་ཡང་། ད་ནི་ཁོང་གི་རེ་བ་རློག་སོང་།ཡིན་ན་ཡང་རྡ་སའི་ལྕགས་ཀྱི་གྲྭ་བ་དེ་ཚོ་སྐབས་འཚོལ་ལ་བྱང་ཆུབ་རྐྱེན་འཛུལ་ས་ཞིག་ཡོད་ངེས།

    Reply
  6. ལུང་རྟོགས། says:
    ལོ་ 13 སྔོན།

    ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ཆབ་སྲིད་བཙོན་པ་ཇི་ལྟར་ཆགས་པ་རེད། ཡང་ན་དགུ་བཅུ་བསུམ་གྱི་ཚོགས་མི་ཡིན་ན་ཆབ་སྲིད་བཙོན་ཟུར་ཡིན་མི་དགོས་པ་ཨེ་རེད།

    Reply
  7. སྤགས་ཤར། says:
    ལོ་ 13 སྔོན།

    ངོ་མ་ཡ་མཚན་རེད། བོད་མིག་མཐོང་མ་མྱོང་བའི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་རྒྱུན་ལས་ནང་དུ་བླུག་མཁན་གྱི་བཙོན་པ་དེ་ཚོར་ཆབ་སྲིད་གོ་རྟོགས་ཕྲན་བུ་ཙམ་ཡང་མེད་པ་ཟུར་བལྟས་ལེབ་མཐོང་རེད། བོད་ནང་དུ་རྒྱའི་བཙོན་འོག་ཏུ་ལྷག་པའི་ཆབ་སྲིད་བཙོན་པ་ངོ་མ་རྣམས་ཀྱི་དཀའ་སྡུག བོད་མིག་མཐོང་མ་མྱོང་བའི་མི་ཞིག་གི་འབྲེལ་བརྗོད་བྱས་ན་ངོ་རེ་ཚ། བཙན་འབྱོར་ནང་དུ་ཡོད་པའི་་གསར་འབྱོར་བཙོན་རྫུན་རྣམས་ཀྱི་ཐོབ་ཆ་རྩོད་མ་ཚར་བ་རྣམས། གཞུང་དང་༸གོང་ས་མཆོག་ཟམ་གདོང་རིན་པོ་ཆེ་སོགས་ལ་མཚན་སྨད་ཞུ་འཕྲོས་རྣམས་ཞུ་རོགས་ལ་མོས་ཕན་ཐོག་ངེས་རེད། ལྷག་པར་དུ་བཙོན་རྫུན་རྣམས་རྒྱ་གར་མི་སེར་གྱི་ཐོབ་ཆ་བླངས་ཏེ་བོད་མིིའ་མི་ཁུངས་ནས་མེད་པ་བཟོ་ཡས་ལ་མོ་ཧ་ཅང་ཡག ཆབ་སྲིད་བཙོན་པ་ངོ་རྣམས་རྒྱ་དམར་གི་དམར་གསོད་དང་བཙོན་ཁང་ནང་དཀའ་སྡུག་འོག་ཏུ་གནས་ཡོད། ད་ལྟ་རྒྱ་གར་དུ་འབྱོར་བའི་བཙོན་པ་རེ་ཟུང་ལས་མང་ཆེ་བ་བཙོན་པ་རྫུན་མ་ཁ་ལས་མིག་ཆེ་བ་བལྟ་མཁན་ཀྱང་རེད། གལ་སྲིད་ནམ་ཞིག་བོད་གཞུང་ནས་ཁོ་ཚོ་ཕྱི་རྒྱལ་གཏང་མ་ཐུབ་ན་བོད་གཞུང་མེད་པར་བཟོ་མི་ཡང་ཐོབ་ཐང་རྩོད་རྒྱུར་དགའ་བའི་བཙོན་རྫུན་དེ་རྣམས་རེད། དཔེར་ན་ཚོགས་ཆེན་སྐབས་སུ་ལག་འཛིང་བྱེད་སྟངས་དང་གཅིག ནམ་རྒྱུན་གཞུང་གི་མ་འགྲིག་པ་དང་།མ་བྱུང་པ། མ་རག་སོགས་གླེང་མི་བཙོན་རྫུན་དེ་རྣམས་ཡིན་པ་རྡ་ས་ནས་འོན་ལྐུགས་ཞིག་ཡིན་ཡང་མ་ཤེས་པ་ཡོད་མ་རེད།

    Reply
  8. བློ་སྤེན། says:
    ལོ་ 13 སྔོན།

    ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་རྒྱ་གར་མི་སེར་ཡིན་དུས་ཆབ་སྲིད་བཙོན་པ་ག་འདྲ་ཆགས་པ་རེད་དམ།

    Reply
  9. ཨ་མའི་བུ། says:
    ལོ་ 13 སྔོན།

    ས་གནས་ཁག་ཏུ་ཡོངས་ཁྱབ་བྱུང་གསལ་ལ། དགུ་བཅུ་གསུམ་གྱི་ཚོགས་ཆེན་སྐབས་སུ་ལུང་དང་རིག་པ་རྒྱབ་ཏུ་བསྐྱུར་ཏེ་བཙོན་ཟུར་གསར་པ་རེ་ཟུང་གིས་རང་ཉིད་ཀྱི་ལྟ་བ་རྒྱུན་གནས་ཡོང་ཆེད་བཙོན་ཟུར་རྙིང་པ་རྒད་པོ་ཞིག་ལ་རྐུབ་སྟེགས་ཞུས་ཏེ་ལག་འཛིང་བྱས་པ་སོགས་སྔར་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་ལའང་བྱུང་མ་མྱོང་བའི་གསར་གཏོད་ཀྱི་ཚོགས་ཆེན་ཞིག་ཚོགས་འདུག བོད་ཞེན་ཅན་མང་པོ་ཞིག་གི་སེམས་འཕྲལ་ནི་ཚོགས་ཆེན་སྐབས་སུ་བསད་རེས་གཏང་མི་ཡོང་ང་བསམ་པ་དེ་རེད། དེའི་ཐོག་བཀུར་འོས་གསར་འགོད་ཚོས་དོ་སྣང་གནང་ཏེ་གསར་སྤེལ་བྱུང་ན་ཅི་མི་ལེགས།

    Reply
  10. བོད་ཀྱི་བུ། says:
    ལོ་ 13 སྔོན།

    ༡༩༩༣ལོར་དགུ་བཅུ་གསུམ་གསར་འཛུགས་སྐབས་ལྟ་བ་དབུ་མའི་ལམ་རེད། དེ་ནས་༢༠༠༠ལོར་རང་བཙན་ལྟ་བར་ཤར་སྐྱོད་གནང་ཡོད། ད་རེས་དབུ་མའི་ལམ་ལ་འགྲོ་སྟངས་ལ་ལྟོས་ན་ཚོགས་པ་འདིར་རང་ཚུགས་མེད་པ་གསལ་བོ་རེད། ལྷག་པར་ཚོགས་ཟུར་ངག་དབང་འོད་འབར་དང་ཐུབ་བསྟན་ཡར་འཕེལ་གཉིས་ཀྱིས་ཐབས་ཇུས་འོག་རང་བཙན་གཡུག་ནས་དབུ་མའི་ལམ་ལ་འགྲོ་རུ་བཅུག་ཐུབ་ཡང་། ཁོ་གཉིས་སླར་ཡང་རྐུབ་ཀྱོག་མ་རག་པ་དེ་གང་འདྲ་ཡིན་ནམ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རྒྱུན་ལས་གསར་བ་རྣམ་པས་ལས་འགན་གསར་བ་ལེགས་སྒྲུབ་ཐུབ་པའི་རྟེན་འབྲེལ་ཞུ།
    ལྟ་བ་དབུ་མ་དང་སྤྱོད་པ་ཞི་བ་གཉིས་ནི་དེང་གི་བོད་མི་རིགས་ཀྱི་དམག་འཐབ་སྲིད་བྱུས་ཡང་དག་པ་དེ་ཡིན། རིམ་བཞིན་ཚོགས་པ་ཚང་མ་ཁུ་ཚུར་གཅིག་སྒྲིལ་ཡོང་བའི་རེ་བ་ཡོད།ཐེངས་འདིར་ཚོགས་ཆེན་རྒྱལ་ཁའི་ངང་ནས་གྲོལ་ལོ་ཟེར་བ་དེ་དོན་གྱིས་ཆགས་འདུག་པས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese