མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུཊ་ཀྱི་བོད་དོན་དཀའ་རྙོག་སེལ་ཐབས་གནང་ཕྱོཊ་ལ་གུས་བརྩི་ཞུ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྟེང་། གཞོན་ནུས་ཚོགས་གཙོ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་། གཞོན་ལྷན་དབུས་རྒྱུན་ནང་ཁུལ་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཞན་དང་། ༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིའི་གནས་ཚུལ་བྱུང་བ་ནི། བོད་སྤྱི་པའི་ཕམ་ཉེས་ཤིག་དང་བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག་ཆགས་ཡོད་ཟེར།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ པའི་སྟེང་ངྷ་ས་བོད་ཀྱི་ཟློས་གར་ཚོགས་པའི་རྩེད་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༤༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཟུར་བ་སྐུ་ཞབས་བེ་ཇེ་སིན་ (Vijay Singh Mankotia) མཆོག་གཙོས། དབུས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལཊ་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལཊ། གཞོན་ནུའི་རྒྱུན་ལས་ཟུར་བ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་མི་ ༢༠༠ ཡས་མས་ལྷན་འཛོམས་ཐོག བོད་དོན་ཆེ་སྐུ་གཤེགས་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་སོགས་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་དེ་རིང་ཞོགས་པར་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་བུ་ ༥ དང་། བུ་མོ་ ༥ བཅས་སོ་སོར་ཧིན་སྒོར་ ༡༠༠༠༠ ནས་ ༡༠༠༠ བར་གྱི་བྱ་དགའ་གནང་སོང་།

མཛད་སྒོ་དབུ་འཛུགས་ཐོག་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། སྔོན་ཆད་གཞོན་ནུ་དབུ་བརྙེས་པའི་དུས་དྲན་སྲུང་གཙིའི་སྐབས། བོད་ཕྲུག་ཁྱིམ་སྡེའི་སློབ་མ་གཙོས་གཞོན་ནུའི་ཚོགས་མི་མིན་པའི་བོད་མི་ཧ་ཅང་མང་པོ་འཛོམས་སྲོལ་ཡོད་ཀྱང་། གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་ཕྱག་ལས་གནང་སྟངས་ལ་འགྱུར་བ་ཕྱིན་པ་དང་། མང་ཚོགས་ཀྱི་དགོངས་པ་བཞེས་སྟངས་ཤིག་གི་དབང་གིས་ཐེངས་འདིར་མི་མང་པོ་ཞིག་འཛོམས་ཐུབ་མེད་པ། ད་ལྟ་ངྷ་ས་ས་གནས་གཞོན་ནུར་རྒྱུན་ལས་ ༤  ལས་མེད་པ་མ་ཟད་ཚོགས་གཙོའང་མེད་པའི་གནས་སྟངས་ཆགས་ཡོད་པ། མ་འོངས་པར་ཡང་གཞོན་ནུར་དཀའ་ངལ་རིམ་པར་འཕྲད་ངེས་ཡིན་ཡང་། གནས་སྟངས་གང་ལ་འཕྲད་ཀྱང་མུ་མཐུད་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཚུལ་བརྗོད་སོང་། ཁོང་གིས་མུ་མཐུད་དུ་གཞོན་ནུའི་དམིགས་ཡུལ་གཙོ་བོ་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དེ་ཡིན་ཡང་། སྤྱི་ཚོགས་ནང་མི་ཁག་ཅིག་གིས་གཞོན་ནུའི་དམིགས་ཡུལ་ལ་འགལ་ཟླ་ཡིན་ཚུལ་བཤད་པ་དེ་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་གུང་ཁྲན་ལ་ཁ་གཏད་ལྕོག་རྒྱུ་དང་། བོད་པ་རང་གི་སྤྱི་ཚོགས་ཀྱི་ལས་དོན་གང་ཞིག་ཡིན་ཡང་། ༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཀྱི་ཡོད་ཤག་གི་ཀུན་སློང་ཐོག་ནས་ཕྱག་ལས་གནང་གི་ཡོད་ཀྱང་། ཆབ་སྲིད་དམིགས་ཡུལ་གྱི་ཐོག་ནས་ང་ཚོས་སྔོན་མ་ནས་རང་བཙན་རྩོད་ཀྱི་ཡོད་པ་བཞིན་མུ་མཐུད་རང་བཙན་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ཉིད་ནས་མེད་སྐོར་སོགས་བརྗོད་བྱུང་།

གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཐེངས་འདིའི་དུས་དྲན་དང་འབྲེལ་བའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་དོན། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་དུས་འགྱུར་དང་ཕྱི་ནང་གི་རྒྱུ་རྐྱེན། དེ་བཞིན་གཞོན་ལྷན་དབུས་རྒྱུན་ནང་ཁུལ་གྱི་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཕྲན་བུ་ལ་བརྟེན་ནས་རིམ་པས་གཞོན་ནུའི་སྒྲིག་འཛུགས་ཀྱི་གནས་བབས་ལ་དོ་ཕོག་དང་ཕྱོགས་མཚུངས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཡང་ཉམས་ཞན་དུ་སོང་ཡོད། དེ་བས་ཀྱང་ཆེས་བློ་ཕམ་པ་ཞིག་ནི་རང་ཅག་བོད་འབངས་ལྷ་མི་ཀུན་གྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཡོང་གཞིའི་གནད་དོན་ཡང་བྱུང་ཡོད། གནད་དོན་འདི་ནི་སྒྲིག་འཛུགས་བྱེ་བྲག་པ་ཞིག་གི་ཕམ་ཉེས་མ་ཡིན་པར་བོད་སྤྱི་པའི་ཕམ་ཉེས་ཤིག་དང་། བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག རང་ཅག་གངས་ཅན་ལྷ་མི་ཀུན་གྱི་སྐྱོ་གནས། ལྷག་བསམ་ཅན་གྱི་གཞོན་ལྷན་ཚོགས་མི་ཀུན་གྱི་བློ་ཡུལ་ལ་གཤོང་དཀའ་བའི་བློ་འགྱོད་ཅིག་ཡིན་སྟབས། སྐབས་ ༡༥ པའི་གཞོན་ལྷན་ཚོགས་ཆེན་གྱི་ངོས་ནས་དང་། སྐབས་ ༡༥ པའི་དབུས་རྒྱུན་ངོས་ནས་ཀྱང་གཞོན་ལྷན་སྒྲིག་འཛུགས་ཀྱིས་༧མགོན་པོ་མཆོག་ལ་ཐུགས་ཕམ་བྱུང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་གདུང་ཤུགས་དྲག་པོའི་ངང་འགྱོད་བཤགས་བཟོད་གསོལ་དང་། སླད་མར་ཡང་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་མ་ཞུས་ཏེ་༧གོང་ས་མཆོག་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་ཞུ་སྙན་ཕུལ་ཡོད། ཅེས་བསྒྲགས་སོང་།

བསྒྲགས་གཏམ་ནང་མུ་མཐུད་དོན། སྤྱི་ཚོགས་ནང་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་མ་རྟོགས་པའི་དབང་གིས་ལབ་གླེང་སྣ་ཚོགས་དང་དགོངས་ཚུལ་སྣ་ཚོགས་ཞིག་བྱུང་ནས་རང་བཙན་གྱི་དམིགས་ཡུལ་བཟུང་བ་འདི་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིར་ངོས་འཛིན་བྱས་པ་ཡང་བྱུང་ཡོད། གནད་དོན་དེར་སྐབས་༡༥པའི་ཚོགས་ཆེན་ཐོག་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡང་དག་པའི་མང་གཙོའི་ལམ་སྲོལ་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་བྱུང་རྒྱུ་དེ་གཞི་རིམ་གྱི་ཐོབ་ཐང་དང་ལས་འགན་གཉིས་ཀ་ཆགས་ཀྱི་ཡོད་རེད་ཅེས་དང་། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་བཟུང་ན་འགྲིག་གི་མ་རེད། གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་རེད་ཟེར་ནས་ནམ་ཡང་བཀའ་གནང་ཡོད་མ་རེད། མ་འོངས་པར་ཡང་བཀའ་གནང་གི་མ་རེད། ཅེས་དང་། ལྷག་པར་དུ་ཉེ་ཆར་བཀའ་བློན་ཁྲི་ཟུར་མཆོག་གིས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་སུ་ “དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་མ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་རེད་གསུངས་པ་དེ། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད། ཅེས་དང་། ད་དུང་ཁོང་གིས་ “དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་ཡང་འདྲ། རང་བཙན་མངོན་འདོད་ཁུར་མཁན་ཡིན་ན་ཡང་འདྲ། སུ་ཡིན་ན་ཡང་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཀྱི་ནང་ལ་སྲིད་ཇུས་སྐྱོང་སྟངས་དེ་འགྲིག་གི་མི་འདུག དེར་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བ་དེ་གཅིག་གྱུར་རང་རེད། གང་ལྟར་ད་ལྟའི་གནས་བབས་འདིར་འདོད་པ་མ་ཁེངས་པ་ཞིག་དང་། ད་ལྟའི་གནས་བབས་དེར་འགྱུར་བ་གཏོང་དགོས་པ་དེ་ཕྱོགས་གཉིས་ཀའི་མངོན་འདོད་རེད། དེར་བརྟེན་ཕྱོགས་གཉིས་ཀས་ག་རེ་འདོད་ཀྱི་ཡོད་ཟེར་ན། ད་ལྟ་བོད་ཆོལ་ཁ་གསུམ་གྱི་མང་ཚོགས་ཀྱི་མྱང་བཞིན་པའི་སྡུག་བསྔལ་དེ་དག་སེལ་ཐབས་དང་། བོད་ལ་དགོས་ངེས་ཀྱི་རང་དབང་ཡོང་རྒྱུའི་མངོན་འདོད་དེ་གཅིག་པ་རེད། དེ་གཉིས་ཀའི་བསྒྲུབ་བྱ་དེ་ག་རེ་རེད་ཟེར་ན། བོད་རིགས་མང་ཚོགས་ཀྱི་བདེ་དོན་དེ་རེད། བོད་པའི་བདེ་དོན་ལ་དམིགས་པ་དེ་ཁྱད་པར་མེད་པ་ཞིག་རེད། རྒྱ་གར་གྱི་རང་བཙན་རྩོད་པའི་སྐབས་སུ་ཡང་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་ཚོའི་ནང་དགོངས་པ་བཞེས་ཚུལ་གཉིས་པོ་དེ་གསལ་པོ་ཞེ་དྲག་རེད། བདག་ཉིད་ཆེན་པོ་གྷན་དྷིས་ག་དུས་ཡིན་ན་ཡང་རང་སྐྱོང་གི་བཀའ་མོལ་མ་གཏོགས་རང་བཙན་གྱི་བཀའ་མོལ་གནང་གི་ཡོད་མ་རེད། ནེ་རོའོ་ཡིས་མཚོན་པས་དབུ་ཁྲིད་གཞན་པ་དེ་དག་གིས་རང་བཙན་གྱི་བཀའ་མོལ་མ་གཏོགས་རང་སྐྱོང་གི་བཀའ་མོལ་གནང་གི་ཡོད་མ་རེད” ཅེས་དཔེ་མཚོན་དང་བཅས་པའི་ཐོག་ནས་གསལ་བཤད་གནང་ཡོད་པ་སོགས་ལས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རང་བཙན་གྱི་དམིགས་ཡུལ་བཟུང་བ་དེ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་དང་། ༧གོང་ས་མཆོག་གི་བཀའ་དང་འགལ་གྱི་ཡོད་པ་ཞིག་ཆགས་མེད་པ་གསལ་པོར་བསྟན་ཡོད་པས་དེ་འབྲེལ་གྱི་བཀའ་སློབ་དགོངས་དོན་ཁག་གཞོན་ལྷན་ཚོགས་མི་ཀུན་དང་། རྒྱལ་གཅེས་མི་མང་ཡོངས་ནས་མཁྱེན་རྟོགས་ཀྱིས་བོད་རིགས་ནང་ཁུལ་ལང་ཕྱོགས་ཀྱིས་རྐྱེན་པས་འགལ་ཟླ་དང་སྤྱི་ཚོགས་ཁག་གཉིས་སུ་གྱེས་དགོས་དོན་ནམ་ཡང་མེད། ཅེས་སོགས་བཀོད་འདུག

བསྒྲགས་གཏམ་གྱི་མཇུག་ཏུ། “ གཞན་ཡང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུར།  བོད་མིའི་སྒྲིག་འཛུགས་ནས་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་། ལྷག་པར་བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པ་མྱུར་སྐྱོབས་ཀྱི་དགོངས་གཞིའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཅོས་མིན་གྱི་གུས་བརྩི་ཞུ་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་དང་ཆབས་གཅིག  བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་དང་རང་དབང་ཆེད་དུ་རང་ལུས་མེར་བསྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བརྩི་ཚད་མེད་ཞུ་རྒྱུ་དང་།  སེམས་ཅན་གཞན་སུ་གཅིག་ལ་ཡང་འཚེ་བ་མེད་པར་རང་ཉིད་ཁོ་ནིའི་ལུས་སྲོག་མི་རིགས་ཤིག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་མེ་རུ་སྒྲོན་པའི་འཐབ་རྩོད་ཀྱི་ལས་འགུལ་འདི་ནི་འཚེ་མེད་ཞི་བའི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བླ་ན་མེད་པའི་མཛད་རྗེས་ཤིག་དང་འགྲན་ཟླ་མེད་པའི་སྙིང་སྟོབས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་ཡིན” ཞེས་བཀོད་འདུག

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྐུ་ཞབས་བེ་ཇེ་སིན་གྱིས། “ ལོ་ངོ་ ༤༤ རིང་བོད་ཀྱི་འཐབ་རྩོད་ལས་འགུལ་མགོ་བརྩམས་ཐུབ་པ་ཧ་ཅང་བློ་སྟོབས་ཆེན་པོ་དང་མུ་མཐུད་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ལྟ་བ་ལངས་ཕྱོགས་འདྲ་མིན་ཡོང་སྲིད་པ་ཞིག་རེད། ཡིན་ནའང་མཐར་ཐུག་གི་མངོན་འདོད་སྒྲུབ་པར་ལངས་ཕྱོགས་ལ་ཁྱད་པར་གང་ཡང་མེད། བོད་པའི་མངོན་འདོད་སྟེ་བོད་པར་རང་དབང་འཐོབ་རྒྱུར་ཐག་རིང་པོ་མི་འགོར་བར་ངས་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གར་མི་རིགས་ས་ཡ་མང་པོས་ཁྱེད་རང་ཚོའི་རང་དབང་འཐབ་རྩོད་ཐོག་མངོན་གསལ་གྱིས་རྒྱབ་སྐྱོར་མེད་ཀྱང་ཁོང་ཚོས་སེམས་ཁུར་བྱེད་ཀྱི་ཡོད་པ་རེད། ད་ལྟའི་བར་བོད་ནང་དུ་བོད་མིའི་རང་དབང་གི་ཆེད་བོད་མི་༡༢༡ གིས་རང་ལུས་མེར་བསྲེགས་གནང་ཡང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྣམ་འགྱུར་གང་ཡང་སྟོན་གྱི་མེད་པ་ནི་སྐྱུག་བྲོ་བའི་བྱེད་སྟངས་ཤིག་ཆགས་ཡོད། རྒྱ་གར་རང་བཙན་འཐབ་རྩོད་ནང་ལངས་ཕྱོགས་འདྲ་མིན་ཡོད། དེ་ལྟར་བོད་མི་ཚོས་ཀྱང་ལངས་ཕྱོགས་འདྲ་མིན་ཐོག་རང་དབང་འཐབ་རྩོད་བྱེད་དགོས” ཞེས་གསུང་སོང་། 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 14

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ངག་དབང་ནོར་བུ་ལགས།
    དགུ་བཅུ་གསུམ་ལས་འགུལ་པ་རང་བཙན་ནས། དབུས་ལམ་ལ་བཞུགས་པ་དང་། གཞོན་ལྷན་ཚོགས་གཙོ་མགོ་དམར་ཕམ་པ་ལྟར།
    བདེ་སྐྱོང་དང་ངག་ནོར་ཁྱེད་རང་གཉིས་ཁྱོ་ཞུག་བྱས་ནས། ཁ་བཙུམ་བསྡད་ན་བོད་སྤྱི་པར་ཕན་ཐོགས་ཆེ་བ་དང་།
    ཁྱེད་གཉིས་ནི། འཇམ་ནོར་དང་ལྷག་བསམ་ལྟ་བུའི་འགན་མེད་དེ་ཚོའི་རྒྱུགས་ཁྱི་དང་། བོད་སྤྱི་དོན་ལ་ཕུག་རྒྱང་རིང་པོ་མེད་པའི། སེམས་འཚོར་འབའ་ཞིག་གིས་དབང་དུ་ཤོར་བའི་གད་སྙིགས་དངོས་དེ་སུ་ཡིན་མིན་ཤེས་མི་ཡོང་ངོ་།། །།

    Reply
  2. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །ཀརྨ་རྡོ་རྗེ་ལགས། ཁྱེད་རང་ལ་བོད་རང་བཙན་ལ་རེ་བའམ་རང་བཙན་དགོས་མཁོ་མེད་ན་ཁྱེད་རང་ལ་ཕན་གནོད་ཀྱི་འབྲེལ་བ་གང་ཡང་མཐོང་གི་མིན་འདུག སོང་ཙང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་རང་བཙན་ནམ་རྩ་དོན་ལ་ཕན་ཐོགས་མེད་མཁན་ཞིག་ཡིན་ན་ང་ཚོར་དགོས་མཁོ་མེད་པས་གེ་རྙིགས་རེད། དགོང་དག་མ་འོངས་པར་བོད་ཀྱི་དུས་བབས་ཀྱི་དྲ་རྒྱ་དང་བོད་མིའི་སྤྱི་ཚོགས་ནང་བྱུས་གཏོགས་མ་གནང་རོགས་རང་མགོ་གང་ཐོན་གནང་ན་ལེགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བདེ་སྐྱོང་ལགས།
    གཞོན་ལྷན་ཚོས། བོད་ཕྱི་ནང་གཉིས་ནང་ལ་ཕན་པ་ལས། གནོད་པ་ཆེ་བ་བྱུང་ཡོད་རེད། དེ་ཡང་ཁ་ཡོད་ལག་མེད་རང་བཙན་ཞེས་པའི་ཚིག་སྐམ་འདི་ལས་བྱུང་བ་རེད་གདའ།

    Reply
  4. བདེན་སྐྱོང་། says:
    ལོ་ 12 སྔོན།

    ཀརྨ་རྡོ་རྗེ་ལགས། ཁྱེད་ལ་བོད་རང་བཙན་གྱི་རེ་བ་མེད་པ་དང་། བོད་རང་བཙན་གྱིས་ཁྱེད་ལ་གནོད་གྱི་ཡོད་ན་ཐད་ཀར་གསུངས་ན་ལེགས་པ་ལས་གཞན་གྱི་ཚིག་དོན་ལ་འགྱུར་བ་གཏོང་ཐབས་མི་གནང་ན་ལེགས། ཁ་གསལ་པོ་གསུངས་པར་ཐུགས་རྗེ་ཆེ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ང་ལ་བོད་རང་བཙན་གྱི་རེ་བ་ཡང་མེད། ད་ནས་བོད་རང་བཙན་གྱི་དགོས་མཁོ་ཡང་དེ་ཙམ་མ་མཐོང་། བོད་རིགས་ཀྱི་ལས་འགུལ་གཅིག་འགྱུར་ལ་གནོད་པ་འདི་ཉིད། ང་ལ་ཡང་གནོད་བགྱིད་འདུག བདེ་སྐྱོང་ལགས། དེ་རིང་དེ་ཙམ་གྱིས་འགྲིགས་པར་བྱས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བདེན་སྐྱོང་།
    ༢༠༡༣/༡༠/༠༩ ཉིན་འདོན་སྤེལ་བྱས།
    རྐ་མ་རྡོ་རྗེ་ཞེས་པ་དེས་མདའ་དཀྲུག་ཕུ་དཀྲུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་འདུག གང་ཡིན་ཞེ་ན་དོན་དངོས་འབས་ནས་བརྗོད་ཐབས་བྱེད་ཀྱིན་འདུག ཁ་དང་སྣའི་བར་ལ་ཧམ་པ་བཤད་གྲབས་བྱེད་ཀྱིན་འདུག ཁོས་(འདས་པའི་ལོ་ངོ་བཅུ་ཕྲག་རིང་། གཞོན་ལྷན་དབུས་རྒྱུན་ནང་ཁུལ་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཞན་དང་།) ཅེས་དྲངས་འདུག་ དེའི་བར་ནས་ཚིག་གནད་འགག་ཅན་རེ་བཟུང་ཁོས་མ་བྲིས་པ་གང་ཡིན་ནམ། ་་་་་་་་ཟེར།

    Reply
  7. བསྟན་པ། says:
    ལོ་ 12 སྔོན།

    ཤར་ཁུགས་ལགས། གཞོན་ནུའི་ལམ་ནོར་འདུག་བཤད་མི་འདུག་ལ་ལམ་བརྗེ་འགྱུར་གྱི་བསམ་པ་ཡང་སྟོན་མིན་འདུག དྲང་པོར་བཤད་ན་སྤྱི་ཚོགས་ནས་གཡོས་སྦྱོར་བྱེད་མཁན་གཙོ་བོ་ནི་ཚོགས་པ་ཙག་ཙིག་དང་མཁས་པ་དང་མི་ཆེན་གྱི་རྒྱུགས་ཁྱི་དེ་ཚོ་རེད། ཁོ་ཚོས་ཟ་ཡས་ག་པར་ཡོད་ནས་དེ་ལ་སོ་བསྟན་ནས་ཟ་ཕོར་བརྗེ་བཞིན་བསྐོར་ར་རྒྱབ་ནས་འགྲོ་ཡི་འདུག གཞོན་ལྷན་གྱི་ལམ་བསྲང་པ་ཡིན་ན་གཞོན་ལྷན་གྱི་ངོ་བོ་བེད་དེ་བརླགས་པ་རེད། དེ་ནས་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཏུ་འགྱུར་བ་རེད།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ལམ་ནོར་ལྡོག་ཤེས་བྱེད་འདོད་ཡོད་བློ་བསྟན་པ་འདི་ཡག་པོ་རེད། དེ་སྔའི་ཚོགས་གཙོ་གཞོན་གཉིས་ཕྱོགས་ཁག་རང་བཞིན་དུ་གྱེས་ནས་གཞོན་ནུའི་”རང་བཙན་”ཟེར་བ་རྦད་དེ་རྒྱབ་བསྐྱུར་གྱིས་དོན་དག་ཆུང་ཙག་སྟེང་འཇུས་བསྡད་པ་དེ་དེང་སང་གསལ་བོ་ཆགས་པ་ཡིན་ཙང། སྒྲིག་འཛུགས་འདི་འདྲ་ཞིག་དགོས་གནད་མཐོང་གི་ཡོད་ན་ཕྱག་ལས་མིང་དོན་མཚུངས་པ་གནང་དགོས་པ་དེ་གལ་ཆེན་རེད། ༸གོང་ས་མཆོག་གི་དགོངས་གཞི་རྟོགས་མཁན་ཞིག་ཡིན་ན། ”རང་བཙན་”ཟེར་བ་བརྩད་ན་དགོངས་གཞི་དང་འགལ་མེད་པ་མཁྱེན་གྱི་རེད་ལ། རྒྱ་ཆེའི་མི་མང་ཡོངས་ལ་དེ་འདྲའི་རེ་དོགས་ཡོང་མ་ཆོག་པ་གང་ཡང་ཡོད་པ་མ་རེད། གཙོ་བོ་” རང་བཙན་”ཟེར་བ་འདི་ལ་རྣམ་འགྱུར་དང་ཚུགས་ཀ། ཁ་དོག་དང་རྣམ་ཤེས་ཤིག་ཡོང་སྲིད་ཀྱི་རེད་དམ་མ་རེད། ཡོང་སྲིད་ན་ཚོད་དཔག་རང་བཞིན་གྱིས་དུས་ཡུན་ཅི་ཙམ་རེ་བ་རྒྱབ་ཆོག་གི་རེད། དེ་འདྲའི་སྐྱ་ཐིག་ལྟ་བུ་ཞིག་ཡིད་ལ་སྤུ་ཙམ་འཆར་རྒྱུ་མེད་པར། ཨ་རི་གཙོས་ནུབ་ཕྱོགས་པའི་མང་གཙོར་ཞེན་དྲག་ནས་ཆབ་སྲིད་ཀྱི་ལྟ་བ་མ་འདྲ་བ་ཞིག་དགོས་ཤག་གིས་འགྲོ་ཁུལ་བྱས་ན། ནུབ་ཕྱོགས་པའི་མང་གཙོ་འདི་དང་རྒྱ་ནག་གཅིག་སྡུད་ཀྱི་མང་གཙོ་གཉིས་ཀའི་དགེ་སྐྱོན་བཤིབ་བསྡུར་བྱས་ན། འདྲ་ཆགས་པོ་དང་མི་མང་ལ་དབང་བ་ཚོགས་ཀྱི་གཙོ་བའམ་ནུབ་ཕྱོགས་པའི་མང་གཙོའི་ལམ་ལུགས་འདི་ཡིན་མདོག་ཁ་བོ་རེད་དེ། ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་མ་ཕྱིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། དེང་གི་ནུབ་ཕྱོགས་པའི་མང་གཙོ་འདིས་གང་ལ་བསྐྱལ་མིན་ཐེ་ཚོམ་ཆེན་པོ་འདུག་ལ། ང་ཚོའི་བཙན་བྱོལ་ནང་གི་མང་གཙོའི་བརྒྱུད་ལམ་ནས་ཡོང་བའི་སྣེ་མོ་ཚོའི་མགོ་ཁྲིད་མཁས་མཛངས་ལ་བལྟས་ན་མི་མང་གིས་གང་བླུགས་བླུགས་ཡིན་ན་བློ་བདེ་བོ་རང་གནང་ཆོག་པ་ཞིག་མི་འདུག་བསམས། ཕར་ཕྱོགས་རྒྱ་ནག་གི་ལས་སྣེ་ཚོ་འོས་འདེམས་བྱས་པ་མ་རེད་དེ། ཤེས་ཡོན་དང་སྲིད་དོན་ཕྱོགས་ལ་ཞེ་དྲག་མཁས་པ་དང་འཇོན་པོ་ཡོད་པ་གསལ་བོ་རེད། དེ་འདྲ་ཡིན་དུས། སྤྱི་ཚོགས་ནང་གི་ལྟ་གྲུབ་མ་འདྲ་བའི་སྒྲིག་འཛུགས་དག་གནས་དགོས་པའི་རྒྱུ་མཚན་དང་དགེ་སྐྱོན་ལའང་མང་གཙོ་ཟེར་བ་འདིས་ཚད་འཇལ་བྱས་ཚེ་ཏག་ཏག་ཅིག་སྡོད་ཀྱི་ཡོད་པ་མ་རེད། ལར་ནས་རང་བཙན་ཟེར་བ་འདིའང་དངོས་ཡོད་གནས་ཚུལ་དང་བསྟུན་པའི་རྒྱུ་མཚན་ངེས་ཅན་ཞིག་གི་འོག་ནས། ཁོ་རང་ལ་ཁོད་ཡངས་པའི་འགུལ་བསྐྱོད་རྒྱགས་ས་དང་མདུན་ལམ་ཡོད་པ་ཞིག་བཟོ་རྒྱུ་བྱས་ན་བོད་ཀྱི་རྩ་དོན་དང་འབྲེལ་ལབ་ན་འོས་འཚམས་འདུག་པ་ལས། དེ་མིན་དངུལ་འབོར་ཞིག་རྒྱུན་ལས་བརྗེ་སྤོར་གྱིས་བེད་སྤྱོད་གནང་སྟེ་སྒྲིག་འཛུགས་ཤིག་གི་རྟགས་ཙམ་བཟུང་བ་རང་རེད་འདུག་པས་ཞིབ་ཏུ་དགོངས་བཞེས་གནང་དགོས་པ་མང་པོ་འདུག་བསམས།།

    Reply
  9. བདེན་སྐྱོང་། says:
    ལོ་ 12 སྔོན།

    རྐ་མ་རྡོ་རྗེ་ཞེས་པ་དེས་མདའ་དཀྲུག་ཕུ་དཀྲུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་འདུག གང་ཡིན་ཞེ་ན་དོན་དངོས་འབས་ནས་བརྗོད་ཐབས་བྱེད་ཀྱིན་འདུག ཁ་དང་སྣའི་བར་ལ་ཧམ་པ་བཤད་གྲབས་བྱེད་ཀྱིན་འདུག ཁོས་(འདས་པའི་ལོ་ངོ་བཅུ་ཕྲག་རིང་། གཞོན་ལྷན་དབུས་རྒྱུན་ནང་ཁུལ་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཞན་དང་།) ཅེས་དྲངས་འདུག་ དེའི་བར་ནས་ཚིག་གནད་འགག་ཅན་རེ་བཟུང་ཁོས་མ་བྲིས་པ་གང་ཡིན་ནམ། དོན་དངོས་ཐོག་ཚིག་འདི་འདི་འདྲ་ཞིག་རེད་འདུག (འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་དུས་འགྱུར་དང་ཕྱི་ནང་གི་རྒྱུ་རྐྱེན། དེ་བཞིན་གཞོན་ལྷན་དབུས་རྒྱུན་ནང་ཁུལ་གྱི་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཕྲན་བུ་ལ་བརྟེན་ནས་) ཁོ་བོས་དུས་འགྱུར་དང་ཕྱི་ནང་གི་རྒྱུ་རྐྱེན་ཞེས་པ་དེ་མ་བྲིས་པ་གང་རེད། ཕྱག་ལས་གནང་ཕྱོགས་ཕྲན་བུ་ཞེས་པའི་ཕྲན་བུ་དེ་མ་བྲིས་པ་གང་རེད། མདའ་དཀྲུག་ཕུ་དཀྲུག་བྱེད་འདོད་པའི་རྟགས་ལས་ལྷག་བསམ་དང་དྲང་བདེན་གྱི་སྐད་ཆ་ཞིག་མ་རེད། ཚང་མས་ཡིད་གཟབ་བྱོས།

    Reply
  10. བདེན་སྐྱོང་། says:
    ལོ་ 12 སྔོན།

    ད་རེས་གཞོན་ལྷན་གྱིས་དོན་དངོས་ཀྱི་སྐད་ཆ་འགའ་བཤད་འདུག་་་གནས་ཚང་ནས་ད་རེས་གཞོན་ལྷན་གྱི་ལངས་ཕྱོགས་འགྱུར་ཤག་ཅེས་བརྗོད་འདུག་ཀྱང་གཞོན་ལྷན་གྱི་ལངས་ཕྱོགས་འགྱུར་བའི་ཚིག་གཅིག་ངས་མཐོང་མ་སོང་ལ་དེ་ལས་ལྡོག་ནས་རང་བཙན་བརྩོད་ན་འགྲིགས་པའི་འབད་བརྩོན་བྱས་འདུག གལ་སྲིད་ངའི་མིག་གིས་མ་མཐོང་བ་ཞིག་ཡོད་ན་གནས་ཚང་ནས་ལངས་ཕྱོགས་འགྱུར་བའི་ཚིག་དེ་ང་ལ་གཅིག་སྟོན་རོགས། གལ་སྲིད་ལངས་ཕྱོགས་འགྱུར་ཡོད་ན་རང་བཙན་བརྩོད་ན་འགྲིགས་པའི་སྒྲུབ་བྱེད་དཀོད་དགོས་དོན་མིན་འདུག་བསམ།
    སྤགས་ཤར་ནས་གཞོན་ལྷན་དབུས་རྒྱུན་ཟུར་པར་འཐབ་འཛིང་བཏང་བར་བརྗོད་འདུག ངས་བྱས་ན་ཡིན་པ་དེ་ཡིན་པར་བརྗོད་པ་དང་མིན་པ་དེ་མིན་པར་གསལ་གསལ་ཐིང་ཐིང་ཞིག་བརྗོད་ཡོད་པར་མཐོང་སོང་། གང་ཡིན་ཞེ་ན་རྒྱུན་ལས་རྙིང་པ་ཚོའི་བྱས་བརྗེས་ལ་བསྔགས་བརྗོད་ཀྱང་བྱས་འདུག
    ད་རེས་ཀྱི་གཏམ་བཤད་དེ་མཐོང་སྐབས་རང་བཙན་གྱི་འཐབ་རྩོད་རྒྱུན་སྐྱོངས་དང་སྤྱི་ཚོགས་ནང་བོད་རིགས་ཕན་ཚུན་དབར་སླར་ཡང་མཐུན་ལམ་ཞིག་ཡོང་རྒྱུའི་སྔ་ལྟས་འདུག རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  11. གནས་ཚང་། says:
    ལོ་ 12 སྔོན།

    ངས་ལབ་མྱོང་། གཞོན་ལྷན་ལ་ལངས་ཕྱོགས་ཡོག་མ་རེད། དེ་ནི་གཙོ་བོ་གཞོན་ལྷན་གྱི་ལས་ཡུན་ཚང་རྗེས་ཀྱི་བྱ་སྤྱོད་ལ་བལྟས་ནས་བཤད་ཀྱི་ཡོད། ཡིན་ནའི། ད་རེས་ནས་ལས་ཐོགས་པ་ཚོ་ནས་ལངས་ཕྱོགས་འགྱུར་ཤག སྟབས་ལེགས་ནས་ད་དུང་བོད་འདི་གདོད་མ་ནས་རྒྱ་ཁོངས་རེད་ཅེས་ལབ་མ་བདེ་བའི་གནས་སུ་ལྷུང་འདུག སྙིང་རྗེ། བཙན་བྱོལ་བ་ཚོས་སོ་སོའི་རྐང་པ་སོ་སོས་གཅོག་གིན་འདུག སྔོན་གྱི་མོ་ཊ་ཀོབ་ཏོ་ནས་མིའང་ཀོབ་ཏོར་འགྱུར་ཚར་ཤག

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    འདས་པའི་ལོ་ངོ་བཅུ་ཕྲག་རིང་། གཞོན་ལྷན་དབུས་རྒྱུན་ནང་ཁུལ་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་ཞན་དང་།
    ༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིའི་གནས་ཚུལ་བྱུང་བ་ནི། བོད་སྤྱི་པའི་ཕམ་ཉེས་ཤིག་དང་བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག་ཆགས་ཡོད་ན།
    གཞོན་ལྷན་ལམ་དབུ་མའི་ལམ་ཆེན་དུ་ག་དུས་བཞུགས་འདོད་དམ། ལགས།

    Reply
  13. སྤགས་ཤར། says:
    ལོ་ 12 སྔོན།

    ཚོགས་གཙོའི་གཏམ་བཤད་ལ་ལེགས་པར་དཔྱད་ཚེ་ལས་ཀ་ནུས་པ་ཐོན་པ་ཞིག་ཡོང་ཡས་ཧ་ཅང་གི་ཁག་པོ་རེད་འདུག ཡར་ལྷ་མ་གནོད་པ། མར་ཀླུ་ལས་མ་གནོད་པ། བར་བཙན་ལས་མ་གནོད་པའི་གཏམ་ཞིག་བཤད་འདུག གསར་པ་གཅིག་རང་ཡོད་པ་ནི་དབང་ཆ་གང་ཡང་མེད་པའི་རྒྱུན་ལས་རྙིང་པ་ཚོར་སྐྱོན་བརྗོད་དང་འཐབ་འཛིང་ཞིག་བཏང་འདུག

    Reply
  14. བཀྲ་ཤིས་རྣམ་རྒྱལ། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ ༤༤ ་འཁོར་བ་ལ་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་མུ་མཐུད་ལོ་བརྒྱར་གནས་ཤིང་དར་རྒྱས་ཡོང་བར་ཤོག
    ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གཏམ་བཤད་ཡག་པོ་གནང་འདུག ལྷག་པར་དུ་བོད་གཞུང་གི་ལངས་ཕྱོགས་དང་བོད་དོན་སྒྲུབ་ཕྱོགས་ལ་གུས་བརྩི་བྱེད་ཀྱི་ཡོད་ཟེར་བ་དེ་ཧ་ཅང་ཡག་པོ་དང་མང་ཚོགས་ཀྱི་ངོས་ནས་ཀྱང་གཞོན་ནུར་དགའ་བོ་གནང་མཁན་ཇེ་མང་ལ་འགྲོ་བ་རེད། ཡིན་ནའང་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཀའ་མོལ་གནང་སྟངས་དེ་ད་དུང་ཀྱོག་ཀྱོག་ཅིག་རེད། ཨུ་ཐུག་གི་གནས་བབ་ཁྲོད་ནས་སྤྱི་བ་ལས་སྒེར་གྱི་བསམ་འདུན་ཕྱོགས་སུ་ལངས་ཁུལ་བྱེད་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese