མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གཞོན་སྐྱེས་ལས་འགུལ་བ་ཤེས་རབ་ཚེ་རྡོར་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། དེ་རིང་ཉིན་གཉིས་པ་འགྲོ་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག ལྡི་ལིར་གནས་སྡོད་བོད་རིགས་གཞོན་སྐྱེས་ལས་འགུལ་བ་ཤེས་རབ་ཚེ་རྡོར་ལགས་ཀྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་གཟིགས་རྟོག་གནང་རྒྱུའི་འབོད་སྐུལ་ཞུ་ཆེད། རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་(Jantar Mantar) ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཟས་བཅད་ངོ་རྒོལ་གྱི་ཉིན་གཉིས་པ་འགྲོ་བཞིན་ཡོད་འདུག

འདིའི་ཐད་གསར་འགོད་པས་ཁ་པར་བརྒྱུད་ཤེས་རབ་ཚེ་རྡོར་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་ཐེངས་འདིར་ཇན་ཏར་མན་ཏར་ས་གནས་སུ་ཟས་བཅད་ངོ་རྒོལ་མགོ་འཛུགས་གནང་དོན། ཁ་སང་ཕྱི་ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་གཏན་འབེབས་བྱས་པའི་ཉིན་མོ་ཡིན་པ་དང་། རྒྱལ་ཚོགས་སྒྲིག་འཛུགས་ཀྱི་ངོས་ནས་རྩ་ཁྲིམས་ནང་འགྲོ་བ་མིའི་རང་དབང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཀྱང་། ད་ལྟའི་བར་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢༡ རང་ལུས་མེར་བསྲེཊ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོར་གང་བྱུང་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཆད་བྱེད་ཀྱིན་པའི་ཐད་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག ཚོགས་པ་དང་མི་སྒེར་བཅས་ཀྱིས་ནུས་པ་ཐོན་པའི་རོགས་རམ་དང་གདུང་སེམས་མཉམ་སྐྱེད་བྱས་མེད་སྟབས། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས། ཁོར་ཡུག་བཅས་ཕྱོགས་ཡོངས་ལ་གཟིགས་རྟོག་གནང་རྒྱུའི་དྲན་གསོ་བྱ་ཆེད་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་བོད་ནང་ཕེབས་ཏེ་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་ཆེད་ཡིན་སྐོར་ངོ་སྤྲོད་གནང་བྱུང་།

ཁོང་ལ་ཐེངས་འདིའི་ལས་འགུལ་ཐད་རྒྱ་གར་གཞུང་ནས་བཀག་འགོག་གནང་ཡོད་མེད་དྲིས་པར། “ དེའི་ཐད་ཉེ་ཆར་ངས་རྒྱ་གར་གཞུང་ལ་ཇན་ཏར་མན་ཏར་ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་རྒྱུའི་སྙན་ཞུ་ཕུལ་ཡོད་ཀྱང་། ཁོང་ཚོས་ང་ལ་ཉིན་གཅིག་མ་གཏོགས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ཆོག་གི་མ་རེད་ཅེས་ཆོག་མཆན་སྤྲད་མ་སོང་ལ། ཁ་སང་སྔ་དྲོ་ཉེན་རྟོག་པས་ཉིན་གཅིག་གི་ཟས་བཅད་གནང་རྒྱུའི་མཚན་རྟགས་བཀོད་དགོས་ཚུལ་སོགས་ཀྱི་རྙོག་གྲ་ལབ་སོང་མོད། དེ་རིང་དམིགས་བསལ་རྙོག་གྲ་ལབ་མཁན་བྱུང་མ་སོང་། གལ་སྲིད། རྙོག་གྲ་བཤད་མཁན་མ་བྱུང་བ་ཡིན་ན་ངས་མུ་མཐུད་ཟས་བཅད་ངོ་རྒོལ་གནང་འཆར་ཡོད། ” ཅེས་བརྗོད་བྱུང་།

ཤེས་རབ་ཚེ་རྡོར་ལགས་ནི། བཙན་བྱོལ་ནང་འཚར་ལོངས་བྱུང་སྟེ་ད་ལྟའི་བར་བོད་དོན་དང་འབྲེལ་བའི་ལས་འགུལ་རབས་དང་རིམ་པའི་ནང་མཉམ་ཞུགས་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་རང་ངོས་ནས་མིག་སྒྲིལ་རྒྱལ་དཀྲོགས་ཀྱི་ལས་འགུལ་འོག་རྒྱ་གར་རྒྱལ་ཡོངས་ནང་བསྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་ལ། ༢༠༡༡ ལོར་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེར་བསྲེཊ་ཀྱིས་ངོ་རྒོལ་གནང་སྟེ་རྐང་པར་རྨས་སྐྱོན་ཐེབས་ཡོད་འདུག 

 
གསར་འགོད་པ། དོན་གོ
 
 

འབྲེལ་ཡོད་གསར་འགྱུར།

Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

སྐར་མ ༥༩ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥

མཆན། 1

  1. ཤག་སྒང་པ། says:
    ལོ་ 10 སྔོན།

    ཡི་རང་བསྔགས་པ་ཡོད། ཐུགས་ལྕགས་གནང་རོགས། གསར་འགོད་པ་སོགས་ལ་བཀའ་མོལ་གནད་སྨིན་གནང་གལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist