མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞིང་ས་འཕྲོག་པར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༡༧ ནས་ཟླ་འདིའི་ཚེས་ ༢༠ བར་རྔ་པ་རྫོང་ཁྲིན་ཀན་རུ་ཁག་དང་པོའི་རྒན་མོ་ལོ་ ༨༠ ཅན་ཞིག་ཚུད་པའི་ཡུལ་མི་ ༡༦ གིས། རྫོང་སྲིད་གཞུང་གིས་འདས་པའི་ལོ་ཉི་སུམ་བཅུའི་སྔོན་ནས་བཙན་འཕྲོག་བྱས་ཟིན་པའི་ཞིང་སའི་ཐོག་གུར་འཕིབས་ཏེ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་སྲིད་གཞུང་གིས་ངོ་རྒོལ་མཚམས་འཇོག་མ་བྱས་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་ཀྱང་། མི་མང་གིས་ཞིང་ས་མེད་ན་ཁོ་ཚོར་འཚོ་བའི་རྟེན་ས་མེད་སྟབས། དེ་སྔའི་མང་ཚོགས་ཀྱི་ཞིང་སའི་ཐོག་ད་ལྟ་རྒྱ་གཞུང་གིས་བཤས་ར་རྒྱག་བཞིན་པའི་ས་རྨུ་ ༣༤ ལ་རིན་པ་སྤྲོད་དགོས་པ་དང་། ལྷག་མ་རྨུ་ ༦ ཕྱིར་སྤྲོད་དགོས་པའི་རེ་སྐུལ་བྱས་པར། རྫོང་སྲིད་གཞུང་གིས་ཞིང་ས་རྨུ་གཅིག་རང་ལ་ས་རིན་སྤྲོད་རྒྱུ་ཡིན་ལུགས་ཙམ་བརྗོད་པ་ལས་བཟང་ཕྱོགས་ཀྱི་ཐག་གཅོད་གང་ཡང་བྱས་མེད་ཀྱང་། ས་ཆ་དེར་བཤས་ར་འཛུགས་སྐྲུན་བྱེད་བཞིན་པ་མཚམས་འཇོག་བྱས་ཡོད་པ་དང་། མི་མང་གིས་གྲང་ངར་ཆེ་རུ་འགྲོ་བཞིན་ཡོད་པས་གནས་སྐབས་རིང་ལས་གཞི་མཚམས་འཇོག་བྱས་པ་ཡིན་ལུགས་རྗོད་ཀྱི་ཡོད་འདུག

མང་ཚོགས་ཀྱི་ས་ཞིང་བཙན་འཕྲོག་བྱས་པ་འདིའི་ཐད་དེ་སྔོན་ནས་ས་གནས་མང་ཚོགས་ཀྱིས་ཞུ་གཏུག་ཐེངས་ ༥༠ ཙམ་བྱས་ཡོད་ཀྱང་གཞུང་གིས་ཡ་ལན་གང་ཡང་སྤྲད་མེད་སྟབས། ཐེངས་འདིར་ས་གནས་མང་ཚོགས་ཨུ་ཐུག་ཐབས་ཟད་དུ་གྱུར་ཏེ་ངོ་རྒོལ་ལས་འགུལ་དེ་བརྩམས་པ་ཞིག་ཡིན་འདུག 

ཕྱི་ལོ་ ༡༩༨༦ ཟླ་ ༦ པའི་ནང་རྔ་པ་རྫོང་མི་མང་སྲིད་གཞུང་གིས་ཁྲིན་ཀན་རུ་ཁག་དང་པོའི་དུད་ཁྱིམ་ ༡༦ ནས་ཞིང་ས་རྨུ་ ༤༠ བླངས་ཏེ། སྐྱིན་ཚབ་ཏུ་ཁྱིམ་ཚང་རེར་ལོ་གཅིག་ལ་རྒྱ་སྒོར་  ༣༥༠ སྤྲོད་རྒྱུ་དང་། ཁྱིམ་ཚང་རེ་ནས་མི་གཅིག་ལ་བཤས་རའི་ནང་ལས་ཀ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཐོག་མའི་ལོ་གཅིག་གི་སྐྱིན་ཚབ་སྒོར་མོ་མ་གཏོགས་སྤྲད་མེད་པ་མ་ཟད། བཤས་རའི་ནང་ལས་ཀ་སྤྲོད་རྒྱུའང་ལག་བསྟར་བྱས་མེད་སྟབས། མི་མང་གིས་རྫོང་སྲིད་གཞུང་ལ་གནད་དོན་ཐག་གཅོད་དགོས་པའི་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་། རྫོང་དཔོན་གྱིས་བཤས་ར་དེ་ད་ལྟ་ཚོད་ལྟའི་དུས་ཡུན་ཡིན་ལ། གནད་དོན་དེར་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལུགས་སོགས་བརྗོད་དེ་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་སྤྲད་མེད་སྟབས། མི་མང་འུ་ཐུག་སྟེ་ངོ་རྒོལ་བྱས་ཡོད་འདུག

ད་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་སྡེ་བའི་རྒན་རྒོན་ ༡༦ གིས་ས་གནས་འབྲེལ་ཡོད་ཚོར་མིང་དང་མཛུབ་ཐེལ་བརྒྱབ་པའི་དོན་ཚན་གསུམ་ཅན་གྱི་ཞུ་གཏུག་ཡི་གེ་ཞིག་ཕུལ་ཡོད་པ་མ་ཟད། ཕྱི་ཚེས་ ༡༧ ནས་ ༢༠ བར་སྐྲུན་འཛུགས་བྱེད་བཞིན་པའི་ཞིང་སའི་ཐོག་ཕུར་འཕིབས་ཏེ་ངོ་རྒོལ་བྱས་ཡོད་འདུག  

ཞུ་གཏུག་ཡི་གེའི་ནང་དུ། གཅིག  ༡༩༨༦ ་ལོར་ཁོ་ཚོ་ཁྱིམ་ཚང་ ༡༦ གི་ཞིང་ས་གནས་རྒྱ་གཞུང་གིས་བེད་སྤྱོད་སྐབས། སྲིད་གཞུང་གིས་ཁོ་ཚོར་ཁྱིམ་ཚང་རེ་ནས་མི་གཅིག་རེ་གཞུང་ཞབས་ལས་བཟོ་བའི་གྲས་སུ་འདེམས་སྒྲུག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར།  ད་ལྟ་ཁས་ལེན་དེ་ངེས་པར་ལག་ལེན་བྱེད་དགོས་པ་མ་ཟད། ཕྱི་ལོ་ ༡༩༨༦ ལོ་ནས་ད་ལྟའི་བར་གྱི་ཕོགས་དངུལ་ཁ་གསབ་བྱེད་དགོས། གཉིས།  ཁོ་ཚོ་ཁྱིམ་ཚང་ ༡༦ ཚང་མ་དཀའ་ངལ་ཅན་གྱི་མི་ཚང་ཡིན་པ་དང་། ཁོ་ཚོའི་ཁྲོད་ལྔ་སྐྱོང་ཁྱིམ་དང་འཚོ་བར་དཀའ་ངལ་ཆེན་པོ་ཅན་ཡང་ཡོད་སྟབས། ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་སེལ་ཐབས་ཐད་རོགས་སྐྱོར་ཆེད། ས་ཆ་དེའི་ཐོག་ཐོག་ཁང་གསར་རྒྱག་སྐབས། ལམ་ཁའི་འགྲམ་བརྒྱུད་ཀྱི་ས་ཆ་རྣམས་ཁོ་ཚོ་ཁྱིམ་ཚང་ ༡༦ གི་མང་ཚོགས་ལ་དབང་དགོས། གསུམ། ཁོ་ཚོའི་ཞིང་ས་དེར་བསྡོམས་མུའུ་ ༤༠ ཡོད་པ་དང་། དེའི་ནང་ནས་ས་གནས་སྲིད་གཞུང་གིས་ས་ཆ་མུའུ་ ༣༤ བེད་སྤྱོད་གཏོང་བཞིན་པ་ཕུད།   དེ་འཕྲོས་ཀྱི་ས་ཞིང་རྣམས་ཁྱིམ་ཚང་བཅུ་དྲུག་པོ་ལ་ཕྱིར་སློག་དགོས་ཅེས་བཀོད་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༦ སྔོན་ལ།
ཚོགས་དུས་དྲུག་པ་འཕར་འགྱངས་གནང་སོང་། བོད་ཀྱི་དུས་བབ་ཀྱི་པར། ༢༨།༠།༢༠༢༣
Mobile App

གྲོས་ཚོགས་ཚོགས་དུས་ ༦ པ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་སོང་།

ཆུ་ཚོད་ ༧ སྔོན་ལ།
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist