མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་ཤེས་ཡོན་ཅན་ཚོར་ཕུལ་བའི་ཞུ་ཡིག

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

༄༅།  གུས་བརྩི་འོས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་སྤྱི་དང་། བྱེ་བྲག་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་སྤུན་ཟླ། ཁྱད་པར་ཤེས་ཡོན་ཅན་དང༌། སློབ་ཕྲུག་བཅས་ལ་ང་ཚོ་ཨ་རིའི་མངའ་སྡེ་མི་ནི་སུད་ཀྲར་གནས་འཁོད་བོད་མི་ཡོངས་ནས་ཕྱི་ལོ་གསར་པ་ཚེས་ལ་ཉེ་བའི་སྐབས་འདིར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་རྒྱའི་མི་རིགས་གཉིས་ས་བབས་ཀྱིས་ཁྱིམ་མཚེས་སུ་གནས་ཏེ། ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་རིང་པོའི་ནང་སྐབས་རེ་གཉེན་སྒྲིག་མཆོད་ཡོན་བཟང་ཕྱོགས་ཀྱི་འབྲེལ་བ་དང༌། སྐབས་རེར་དམག་འཁྲུག་རྒྱག་རེས་བྱས་པ་སོགས་ཡོད། འབྱུང་འགྱུར་ཕན་ཚུན་ཡིད་ཆེས་ཀྱིས་འཆམ་མཐུན་གཅིག་ཏུ་གནས་ཐུབ་ན། རྒྱ་བོད་གཉིས་ཕན་ཡོང་རྒྱུའི་དགེ་མཚན་ཡོད་པ་ནི་སྨོས་མ་དགོས་པ་ཡིན།  ༸གོང་ས་མཆོག་ནས་ལམ་སྟོན་མཛད་ཅིང་། གཞིས་བྱེས་བོད་མི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་ད་ལྟའི་བོད་མིའི་སྲིད་བྱུས་དབུ་མའི་ལམ་གྱི་དགོངས་དོན་ཡང་གཙོ་བོ་བོད་རྒྱ་གཉིས་སྨན་གྱི་ཆེད་དུ་དམིགས་པ་ཞིག་ཡིན།

རྒྱ་བོད་མི་རིགས་བར་གྱི་དཀའ་ངལ་སེལ་རྒྱུར་གཡོལ་ཐབས་མེད་པའི་འགན་འཁྲི་དེ་རྒྱ་བོད་མི་རིགས་གཉིས་ཀར་ཡོད་པ་དང་།  དེའི་ནང་ནས་ཤེས་ཡོན་ཅན་རྣམས་ལ་ཡོད་པ་ནི། དེ་སྔོན་རྒྱ་ནག་པེ་ཅིན་མཐོ་རིམ་སློབ་གྲྭའི་སློབ་དཔོན་ཆེན་མོ་ཏིང་ཙེ་ལེན་གྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་བྱེད་རྒྱུ་དེ་ཤེས་ཡོན་ཅན་གྱི་འགན་འཁྲི་ཡིན་ཞེས་པའི་རྩོམ་ནང་ཤེས་ཡོན་ཏོག་ཙམ་ཡོད་པའི་ང་ཚོས་འདས་པའི་ལོ་བཞི་བཅུའི་ནང་བོད་མི་དམངས་ཀྱི་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པར་རྒྱབ་སྐྱོར་དང་། རྒྱབ་སྐྱོར་བྱེད་རྒྱུའི་འགན་འཁྲིའི་འདུ་ཤེས་ཙམ་ཡང་སླེབས་མྱོང་མེད་པ་མ་ཟད། བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་དེ་དག་སྣང་མེད་དུ་བཞག་ཡོད། འོན་ཀྱང་ང་ཚོ་རྒྱ་ནག་མི་རིགས་གི་སྡུག་བསྔལ་ཉིན་མོར། བོད་ཀྱི་བསམ་པའི་གཙོ་འཛིན་ཏྭ་ལའི་བླ་མ་མཆོག་གི་དྲང་བདེན་གྱི་རྒྱབ་སྐྱོར་གནང་བའི་སྲུང་འཕྲིན་གནང་ཡོད། ཅེས་འཚོར་ཤུགས་བྱུང་བ་བསྟོད་པར་འོས་པ་རང་རེད།

ད་ཆ་བོད་དོན་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་གནང་མཁན་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་པ་དང་། ཁྱེད་རྣམ་པས་བོད་མིའི་གཉིས་ཕན་དབུ་མའི་ལམ་སྟེ། བོད་ཀྱི་ཐུང་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་ཆེད། བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་བྱུང་བ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་འདོད་ཡོད་ཅེས། ལངས་ཕྱོགས་བཟུང་བ་དེ་ལ་རྒྱབ་སྐྱོར་གནང་སྟེ་བོད་ནང་ཡོད་པའི་བོད་མི་རྣམས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་སེམས་འཁུར་གནང་བ་ང་ཚོ་ཨ་རིའི་མི་ནི་སུད་ཀྲར་གནས་འཁོད་བོད་རིགས་ཡོངས་ནས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟའི་བོད་ནང་གི་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ཕར་ཞོག ད་དུང་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ། བོད་མི་ ༡༢༢ ཙམ་རང་སྲེག་གི་ལམ་ནས་རྒྱ་ནག་གུང་བྲན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད། ཡིན་ན་ཡང་རྒྱ་ནག་གུང་བྲན་གཞུང་གིས་བོད་མིའི་སྐད་སྒྲ་སྣང་མེད་དུ་བཏང་བ་མ་ཟད། ད་དུང་བོད་མི་རྣམས་ལ་ཁ་བྲལ་གྱི་ཉེས་མིང་བཏགས་པ་དང་། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་རྒྱ་མི་རིགས་ལ་ཁ་གཏད་བྱེད་ཀྱི་ཡོད་འདྲའི་བདེན་པ་མིན་པའི་དྲིལ་བསྒྲགས་བྱེད་བཞིན་པའི་དུས་འདིར། ང་ཚོར་རྒྱ་རིགས་ཤེས་ཡོན་ཅན་གྱི་རྒྱབ་སྐྱོར་མུ་མཐུད་ནས་དགོས་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་དངོས་ཡོད་གནས་ཚུལ་ཤིན་ཏུ་ཐོས་དཀའ་བའི་རྒྱ་རིགས་མི་མང་ཚོས་བོད་ཀྱི་གནས་ཚུལ་དངོས་ཤེས་པ་བཟོ་རྒྱུར་ཡང་ཁྱེད་རྣམ་པའི་རྒྱབ་སྐྱོར་ནི་ནུས་པ་ཆེ་ཤོས་ཆགས་ཡོད།

བོད་མི་ཚོས།  རྒྱ་ནག་གཞུང་གིས་བོད་ལ་རྩ་ཁྲིམས་ནང་བཤད་པ་ལྟར།  རང་སྐྱོང་མིང་དོན་མཚུངས་པ་ཞིག་སྤྲད་པ་ཡིན་ན། ང་ཚོས་རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུའི་འདོད་པ་མེད། རང་སྐྱོང་རྩོད་པའི་དགོས་དམིགས་གཙོ་བོ་ནི།  བོད་མི་རིགས་ཙམ་མ་ཟད། འགྲོ་བ་མིའི་རིགས་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ཡིན།

ཁྱེད་རྣམ་པས་མུ་མཐུད་ནས་ང་ཚོར་རྒྱབ་སྐྱོར་གནང་སྟེ། བོད་མི་ཚོའི་དགོས་འདུན་གཙོ་བོ་ག་རེ་ཡིན་པ་དང་། བོད་མིས་ཁ་བྲལ་བྱེད་ཀྱི་མེད་པ། བོད་མིས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མེད་པ་བཅས་ཀྱི་དངོས་ཡོད་བདེན་པའི་གནས་ཚུལ་རྣམས་རྒྱ་རིགས་མང་ཚོགས་ལ་ངོ་སྤྲོད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། ད་བར་ཁྱེད་རྣམ་པས་ང་ཚོར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་རྒྱ་ནག་ནང་ཡོད་པའི་ཤེས་ཡོན་ཅན་ཚོས་སྙིང་སྟོབས་ཆེན་པོའི་སྒོ་ནས་ང་ཚོར་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཨ་རིའི་མི་ནི་སུད་ཀྲ་གནས་འཁོད་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུང་མོང་ནས་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༡ ལ།།

མཆན། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་ཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གོང་བཀོད་ཞུ་ཡིག་འཕྲིན་དེ་ནི། ཨ་རིའི་མི་ནི་སུད་ཊའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་ཡོངས་ལ་སྤྱི་ལོ་གསར་པ་ཤར་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ་ཡོངས་བསྒྲགས་སུ་ཕུལ་བ་ཞིག་ཡིན་ཞིང་། ཞུ་ཡིག་དེ་རྒྱ་ཡིག་གི་དྲ་ཚིགས་ཁག་ཏུ་ཐོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 4

  1. གནས་ཚང་། says:
    ལོ་ 12 སྔོན།

    དོན་དག་གཉིས་ཤེས་འོས་སྟེ། ༡ རྒྱ་ནག་གི་ཕྱི་སྡོད་ཤེས་ཡོན་ཚོའི་བརྒྱ་ཆའི་དགུ་བཅུ་ལྷག་རྒྱ་དམར་གཞུང་གི་རྩ་ཁྲིམས་འོག་འགྲོ་མཁན་མ་རེད། ༢ རྒྱ་ནག་མི་མང་ཡང་རྒྱ་དམར་གཞུང་གི་རྩ་ཁྲིམས་ལ་ཡི་ཐང་ཆད་ཡོད་པས། ཟམ་གདོང་ལུགས་ཀྱི་དབུ་མའི་ལམ་ཡང་བསྐྱར་སི་ཊ་སི་སྦག་གི་གསུང་བཤད་སྒང་ལོག་རན་ཡོག་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྗེས་སུ་ཡི་རང་ཞུ། ངོ་མ་ཡིན་ན་གཞུང་ངོས་ནས་འདི་རིགས་སྤེལ་ན་ནུས་པ་ཆེན་པོ་ཐོན་ངེས་རེད། འོན་ཀྱང་་་་
    རྒྱ་རིགས་གྲོགས་པོ་འགར་བཏང་ཡོད། གང་མྱུར་དྲ་ཐོག་ལ་འགོད་དགོས་ཟེར།

    Reply
  3. ཇོ་ལགས། says:
    ལོ་ 12 སྔོན།

    ཞེ་དྲག་ཡག་པོ་འདུག

    ༡ དབུ་མའི་ལམ་གྱི་སྲིད་བྱུས་ཉམས་ལེན་ཞུ་སྟངས་དངོས་གནས་དེ་འདི་རེད།
    ༢ རྒྱ་ནག་ཤེས་ཡོན་དང་མི་མང་ལ་བོད་དོན་སྙན་གསེང་ཞུ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གྲོས་ཚོགས། ཨ་རིའི་གྲོས་ཚོགས་དང་གཞུང་ལས་ཀྱང་བོད་དོན་ཐད་གལ་ཆེན་དང། ནུས་པ་ཆེ་ཤོས་ཡིན།
    ༣ དབུ་མའི་ལམ་ནི་༸གོང་ས་མཆོག་དང་མགོ་ཁྲིད་ཁ་ཤས་ཤིག་ཁོ་ནའི་མིན་པར། བོད་མི་མང་གིས་འདི་ལྟར་དབུ་འོག་དཔུང་འདེགས་བྱས་ན། བཙན་བྱོལ་བའི་ལས་འགན་འགྲུབ་ཀྱི་ཡོད་པས་འདི་ལྟར་གནང་བ་དུས་དང་མཐུན་ལ། རྣམ་དཔྱོད་ལྡན་པ་ཡིན།

    མི་ཁ་ཤས་ཀྱིས་ལོ་རྒྱུས་ནང་བྱུང་བའི་གནས་ཚུལ་རིགས་དེང་དུས་དང་བཙན་སྦྱར་བྱས་ནས། ཞེ་འཁོན་རྩོད་དགོས་པ་འདྲ་བའི་འཆལ་གཏམ་བཤད་པ་ནི་དོན་དངོས་སུ་འཐབ་རྩོད་ལ་ཤིན་ཏུ་རྨོངས་པས་རེད། ལོ་རྒྱུས་ནང་བཙན་དབང་གིས་འོག་ཕམ་ཏེ་ཁྲག་བཞུར་མྱོང་བའི་མི་རིགས་ཤིག་ཡིན་ནའང། དེས་དེ་རིང་སང་ཉིན་དང་མཐུན་པའི་ཚེ་སྲོག་ཅིག་འཚོལ་གྱི་ཡིན་ན། ངེས་པར་དུ་ཁྲག་གི་འགྲོ་གྲོན་དང་འཚེ་བའི་ལམ་སྤངས་དགོས་པ་མ་ཟད། རང་ཉིད་ཁོ་ན་ལས་མི་མཐོང་པའི་འུ་ཐུག་པའི་ཀུན་སྤྱོད་དང་བསམ་བློ་དེ་ཡང་དོར་དགོས། དེ་ལྟར་བྱས་ན་འཐབ་རྩོད་པ་སུ་ཡང་ཤི་མི་སྲིད། དེས་ན་ལྗང་གཞོན་ལྟ་བུའི་གླེན་རྨོངས་ཅན་གྱི་འཆལ་གཏམ་ལ་ཡ་མ་བྱས་པར་མུ་མཐུད་ནས་ལས་འགུལ་སྤེལ་རོགས། རྒྱའི་དར་ཆ་གནམ་མཁར་འཕྱར་ནས་དབུ་མའི་ལམ་ནས་རང་སྐྱོང་རྩོད་རོགས།།

    Reply
  4. ལྗང་གཞོན། says:
    ལོ་ 12 སྔོན།

    མ་བཤད་ཐབས་མེད་ཀྱི་ཚིག་འགའ་འདིར་འགོད་དགོས་བྱུང་། དེ་ནི། ང་ཚོ་རང་དབང་དང་དམངས་གཙོའི་སྤྱི་ཚོགས་ཤིག་ཏུ་གནས་ཡོད་པས། མི་སུ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་ལྟ་ཚུལ་མ་འདྲ་བ་དང་ལངས་ཕྱོགས་མ་འདྲ་བ་ཡོང་ཆོག་གིས་རེད་ལ། ཡོང་དགོས་པ་ཞིག་ཀྱང་རེད། དེར་སུས་ཀྱང་ནག་པོ་དང་འབུར་འཇོམས་བྱ་མི་རུང་། འོན་ཏེ། ང་ཚོས་ཤེས་དགོས་པ་ཞིག་ནི། བསམ་ཚུལ་གྱི་ངོ་བོར་ཅི་དྲན་བརྗོད་འོས་པའི་རིགས་ཤིག་དང་གནད་དོན་ཁག་ཅིག་གི་ཐད་ནས་ལོ་རྒྱུས་དང་རྩ་དོན། འབྱུང་འགྱུར། མཐའ་ན་རང་ཉིད་བཅས་ལ་འགན་འཁུར་དགོས་པ་ལས་ཚོར་སྣང་ཙམ་དང་གཞན་གྱི་རྗེས་སུ་འབྲེང་སྟེ། ལུག་ཁྱུ་ཆུར་བསྟར་པའི་ལས་སུ་ཞུགས་མི་རུང་། གོང་གི་ཡོངས་བསྒྲགས་ཡིག་ཆ་དང་འབྲེལ་གནད་དོན་འགའ་གླེང་རྒྱུ་ཡིན།
    དང་པོ། ཨ་རིའི་མི་ནི་སུད་ཊའི་༼Minnesota༽བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཚོས། རང་ཉིད་ཀྱི་ཕ་མེས་སྤུན་ཟླ་དམར་གསོད་གཏོང་མཁན་དང་། རང་ཉིད་ཀྱི་༧དབུ་ཁྲིད་དང་གཞུང་། སོ་སོ་བཅས་སོ་སོར་བདག་པའི་ཕ་ཡུལ་དུ་གནས་མ་ཐུབ་པར་མི་ཡུལ་དུ་བྲོས་བྱོལ་ལ་བརྫངས་མཁན་གྱི་བཙན་འཛུལ་བར། འཆར་ལ་ཉེ་བའི་ལོ་གསར་པ་འཚམས་འདྲི་ཞུས་འདུག དེ་ལས་ཚབས་ཆེ་བའི་རྣམ་འགྱུར་ཞིག་ནི་དབུ་མའི་ལམ་ལ་སྐྱོར་བྱས་པར་ཁས་འཆེ་སྟེ་ཐུགས་རྗེ་ཆེ་ཞུས་འདུག ཀློག་པ་པོ་དང་བོད་མི་རྣམ་པ། ཐུགས་བསམ་རེ་བཞེད་དང་། བྱེད་སྟངས་འདི་ཅི་ཞིག་རེད།
    ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ན། དབུ་མའི་ལམ་ལ་གྲུབ་འབྲས་གང་ཡང་ཐོབ་མེད་པར་ཐུགས་རྗེ་ཆེ་ཞུ་བའི་དུས་ལ་བབས་ཡོད་དམ། གྲུབ་འབྲས་ཐོན་རྒྱུ་ལས་རྒྱ་ནག་ཕྱོགས་ཀྱི་སྲིད་ཇུས་ཇེ་མཁྲེགས་སུ་འགྱུར་བཞིན་ཡོད། ད་དུང་། ང་ཚོས་རྒྱ་ནང་མི་མང་དང་ལྷག་པར་དུ་རྒྱ་རིགས་ཤེས་ཡོན་ཅན་ཚོར་འབྲེལ་བ་བྱེད་དགོས་པ། མ་འགྲིག་པ་དེ་གུང་ཁྲན་ཏང་ཡིན་པ་ལས་རྒྱ་ནག་མི་མང་མ་རེད་ཟེར་བ་སོགས་ཀྱི་ལྟ་ཚུལ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོང་གི་ཡོད་རེད། དེ་ན་ངས་འདྲི་རྒྱུ་ཞིག་ལ། རྒྱུས་བོད་ལ་བཙན་འཛུལ་དབང་སྒྱུར་བྱས་ཕྱིན་བོད་མདོ་དབུས་ཁམས་གང་སར་ཕ་བུ་བསྡེབས་གསོད་དང་བུད་མེད་ཡུགས་སར་ཕུད་པ། ཕྲུ་གུ་དྭ་ཕྲུག་ཏུ་གྱུར་བ། དགོན་སྡེ་དང་ཕ་ཁྱིམ་གཏོར་བརླག་བཏང་པ། རྒྱུ་ནོར་བཙན་མཁྱེར་བྱས་པ་འདི་དག་ཐབས་ཆད་ཁྲོད་རྒྱ་ནག་མི་མང་དང་ཤེས་ཡོན་ཅན་དང་ཁོ་ཚོའི་མི་མེད་དམ། དེ་ཡོད་ན་ཕ་མེས་བུ་སྤུན་གསར་གསོད་གཏོང་མཁན་དང་ཕ་གཞིས་དྲོད་མོ་བཙན་འཕྲོག་བྱས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ་རེད་དམ། ད་དུང་དམངས་ཁྲོད་དུ་མི་རིགས་དབྱེ་འབྱེད་དང་བོད་རིག་མཐོང་ཆུང་བྱེད་མཁན། བོད་མིར་བཤུ་གཞོགས་གཏོང་མཁན་རིགས་རྒྱ་ནག་མི་མང་དང་ཤེས་ཡོན་འབྱོར་ལྡན་ཅན་ཚོ་ཡིན། ཡང་ཅིག་བཤད་ན། བོད་དུ་བོད་མི་ཚོས་རྒྱ་རྒོལ་གྱིས་རང་ལུས་མེ་རུ་སྒྲོན་པ་དང་རྒྱའི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུར་ཚེ་སྲོག་གིས་ཁ་གཏད་གཅོག་བཞིན་པའི་དུས་འདིར། བཙན་བྱོལ་དུ་རྒྱ་ནག་གི་རྒྱལ་དར་སྤོབས་ཉམས་ཀྱིས་ཁྱེར་ཏེ་ལས་འགུལ་སྤེལ་བ་དང་། ཕ་གསོད་ལག་དམར་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་ཀི་ཡོད་རེད།
    གཉིས་པ། ང་ཚོས་རྒྱ་རིགས་ཤེས་ཡོན་ཅན་དང་མང་ཚོགས་ལ་འབྲེལ་བ་བཟུང་སྟེ་བོད་དོན་ཐག་གཅོད་ཐུབ་རྒྱུར་རེ་བ་འཛིན་པའི་ལྟ་ཚུལ་འདི་ནི་སྟོང་བསམ་ཁྲོད་ཀྱི་འཆར་ཡན་ཙམ་རེད། རྒྱ་ནག་གུང་ཁྲན་ཏང་ལ་ཁ་གཏད་གཅོག་མཁན་གྱི་རྒྱ་རིགས་ཤུགས་ཆེ་གྲོས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཆོས་འཁོར་སྒོམ་སྒྲུབ་པ་ཚོ་རེད། དེ་ཚོ་རྒྱ་ནག་གི་སྤྱིའི་མི་འབོར་གྱི་བརྒྱ་ཆ་གཅིག་ཟིན་གྱི་མེད། ཁོ་ཚོས་སོ་སོའི་འཐབ་རྩོད་སྒྲུབ་ཐུབ་ཀྱི་མེད་པར་ང་ཚོའི་རྩ་དོན་སེལ་རྒྱུའི་ནུས་སྟོབས་གང་དུ་ཡོད། ང་ཚོར་འབྲེལ་བ་བྱེད་མཁན་དང་ང་ཚོའི་སྙོབ་ཐུབ་སའི་རྒྱ་རིགས་མི་མང་དང་ཤེས་ཡོན་ཅན་ཟེར་པ་གོང་གི་ཤོག་ཁག་གཉིས་ཀྱི་ནང་གིས་ཆེ་ཉུང་ལ་གྲངས་ཀ་རྒྱག་ཐུབ་པ་ཙམ་རེད། ཆེ་ཉུང་ངུ་ཞིག་ཡིན་རུང་ཟུར་ནས་འབྲེལ་བཟུང་ན་མ་འོས་པ་མེད་ཀྱང་། དེ་ཙམ་གྱི་ཆེད་དུ་རང་ཚུགས་ཤོར། ལངས་ཤོར་བོར། བྱེད་སྟངས་དེ་ཚོ་དོན་དངོས་ཐོག་ད་ལྟའི་འཐབ་རྩོད་ཀྱི་སྤོབས་པ་ཉམས་བྱེད་དང་མ་འོངས་ལོ་རྒྱུས་ནང་བསུབ་ཐབས་མེད་པའི་ནོར་འཁྲུལ་གྱི་ནག་ཐུག་ཅིག་ཏུ་འགྱུར་ངེས་པས། དེང་ཕྱིན་ལས་དོན་གང་ཅིའི་ཐད་ཚང་མས་ཡིད་གཟབ་དང་དཔྱོད་ཤེས་ཡོད་པའི་ཐོག་འགུལ་སྐྱོད་རེ་གནང་སྐྱོང་ཡོད་པར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese