མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་སྟོབས་འབྱོར་ཡོད་ཀྱང་ང་ཚོར་དྲང་བདེན་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་དྷ་ས་མེག་གྷན་བར་ངག་བཅད་གོམ་བགྲོད་ཅིག་གནང་སྟེ་བོད་ནང་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་ཐོག་བོད་པར་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་ཅིག་གནང་སོང་།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་དང་སློབ་མ་ ༢༦༠ ལྷག་གིས། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་དགོས་པའི་ཞུ་སྐུལ་ཆེད། སློབ་གྲྭ་ནས་དྷ་ས་མེག་གྷན་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་བར་ཟས་བཅད་ངག་བཅད་ཀྱི་གོམ་བགྲོད་ཅིག་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༡ ཡོལ་ཙམ་ལ་དཔའ་བོའི་རྡོ་རིང་མདུན་དུ་འདུ་འཛོམས་ཀྱིས། བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བསྒྲགས་གཏམ་སྒྲོགས་སྦྱང་དང་གདུང་སེམས་མཉམ་སྐྱེད་ཀྱི་སྙན་ངག་གྱེར་འདོན་སོགས་བྱས་སོང་ལ། ཕྱི་དྲོར་མེག་གྷན་དུ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།  

བསྒྲགས་གཏམ་ནང་དུ།  “བོད་མི་ཞི་རྒོལ་བ་ཚོའི་མངོན་འདོད་ནི། ༧རྒྱལ་བ་རིན་པོ་ཆེ་གཙོས་ཡུལ་གྱར་སྤུན་ཟླ་ཚོ་ཕྱིར་རང་ཡུལ་དུ་ཕེབས་ཐུབ་པ་དང་། པཎ་ཆེན་རིན་པོ་ཆེས་མཚོན་བཙོན་དུ་ལུས་པའི་བོད་མི་ཡོངས་རྫོགས་བཙོན་གྲོལ་དགོས་པ། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། ཆབ་དཔལ་རིག་གསུམ་གྱི་རང་དབང་དགོས་པ། བོད་ཡུལ་དུ་རྒྱ་རིགས་མང་པོ་གནས་སྤོར་བྱེད་ཀྱིན་ཡོད་པ་མཚམས་འཇོག གཏེར་ཁ་སྔོག་འདོན་དང་ནགས་ཚལ་གཅོད་གཏུབ་ཀྱི་མཚོན་པའི་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས་པ་སོགས་ཡིན་པ་ཁོང་ཚོའི་འབོད་ཚིག་གི་ཁྲོད་ནས་ཤེས་ཐུབ།  

འོན་ཀྱང་རྒྱ་གཞུང་གི་སྲིད་དབང་སྒེར་འཛིན་པ་ཚོས་ཁོ་ཚོར་བུ་ལོན་དང་ཡང་ན་བཟའ་འཁོན། གྲྭ་པ་ཚོར་༧གོང་ས་མཆོག་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྐུལ་བྱས་ཡོད་སྐོར་སོགས་འཁྱོག་བརྗོད་དང་ལོག་བཤད་མང་དག་ཅིག་སྤེལ་ཏེ། ཁོང་ཚོས་སྲིད་དབང་སྒེར་འཛིན་བྱེད་བཞིན་པ་དེ་དམངས་སྒོར་དང་བཙན་གནོན་གྱིས་སྦས་སྐུང་དང་གསང་ཐབས་ཀྱིས་རྒྱལ་སྤྱིའི་ཐོག་སྐྱག་རྫུན་ཁོ་ན་ཤོད་བཞིན་ཡོད། ”ཅེས་བཀོད་འདུག  

བསྒྲགས་གཏམ་གྱི་མཇུག་ཏུ། “དེ་རིང་ང་ཚོས་ལས་འགུལ་འདི་བརྒྱུད་ནས་རྒྱ་གཞུང་ལ་སླར་ཡང་གསལ་འདེབས་ཞུ་རྒྱུ་ཞིག་ནི་གདུག་རྩུབ་ཆེ་བའི་བཙན་གནོན་གྱི་སྲིད་བྱུས་དེ་ཇི་སྲིད་བར་དུ་མཚམས་འཇོག་མི་བྱེད་པ་དེ་སྲིད་དུ་གཞིས་བྱེས་གཉིས་ཀྱི་ཞི་རྒོལ་དེ་མཚམས་འཇོག་མི་སྲིད་ལ། མཚམས་མ་བཞག་ན་དེ་སྲིད་དུ་རྒྱ་ནག་གི་གཟི་བརྗིད་དང་ལ་རྒྱ། མཚན་སྙན། རིག་སྟོབས་སོགས་ལ་སུས་ཀྱང་གདེང་འཇོག་དང་ཡིད་ཆེས་མི་བྱེད་པ་མ་ཟད། ཐ་ན་དུས་རབས་ཉེར་གཅིག་པའི་གཅན་གཟན་གཏུམ་པོ་རང་ལ་ངོས་འཛིན་བྱེད་བཞིན་པའི་མིང་ཆད་ངན་པ་དེ་ཉིད་བསྐལ་བའི་བར་དུ་གནས་ངེས་ཡིན། རྒྱུ་མཚནི་འཛམ་གླིང་སྟེང་གི་མི་ཕལ་མོ་ཆེ་དྲང་བདེན་དང་འཚེ་བ་མེད་པ། བྱམས་བརྩེའི་འོག་ན་བདེ་སྐྱིད་ཀྱི་འཚོ་གནས་རོལ་བཞིན་པས་སོ།། ”ཞེས་བཀོད་འདུག

གསར་འགོད་པས་སློབ་མ་ཞིག་ལ། དགེ་སློབ་ཚོས་གྱོན་གོས་ནག་པོ་དང་ཁ་རས་ནག་པོ་གྱོན་པ་དང་། ལག་ཏུ་ཨ་ལོང་གཅིག་སྦྲེལ་གྱི་ཐག་པ་བཟུང་བ་སོགས་ཀྱི་མཚོན་དོན་སྐོར་དྲིས་པར་ཁོང་གིས། “གྱོན་གོས་ནག་པོ་དང་ཁ་རས་ནག་པོ་ཡིས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢༤ ལ་མྱ་ངན་དང་། གཞིས་ལུས་བོད་མི་ཚོར་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པ་མཚོན་གྱི་ཡོད། དེ་བཞིན་ཨ་ལོང་སྦྲེལ་བའི་ཐག་པ་དེས་བོད་ཀྱི་རྩོམ་པ་པོ་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་གཡོགས་ཏེ། གཅིག་རྗེས་གཉིས་མཐུད་དུ་བཙོན་ཁང་ལ་བཅུག་པའི་མཚོན་བྱེད་ཡིན” ཅེས་དང་།

ཁོས་མུ་མཐུད་དུ། ” ང་ཚོ་བོད་རིགས་སྤུན་ཚོ་ལྕགས་ཐག་གི་ཨ་ལོང་གཅིག་ཏུ་སྦྲེལ་བ་བཞིན་སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་ཆིག་སྒྲིལ་མཚོན་གྱི་ཡོད། དེ་རིང་ང་ཚོས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག ལྷག་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ། རྒྱ་ནག་ལ་སྟོབས་འབྱོར་ཡོད་ཀྱང་ང་ཚོར་དྲང་བདེན་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་དྲང་བདེན་དགོས་པ་རེད་དམ། དཔལ་འབྱོར་དགོས་པ་རེད་ཅེས་ཁ་ཡོད་ལག་ཡོད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ གི་གནས་བབ་ལ་རྟོག་ཞིབ་དགོས་པའི་ཞུ་སྐུལ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ཁྱབ་བསྒྲགས། རྒྱ་དམར་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་འདི་མཚམས་འཇོག་དང་གུ་ཡངས་ཀྱི་ཐག་གཅོད་ཅིག་ཡོང་ཆེད་དུ་ཡིན་”ཞེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 2

  1. འཕགས་པ་ཚེ་རིང་། says:
    ལོ་ 12 སྔོན།

    སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་དང་བསམ་བློའི་རྒྱབ་སྐྱོར་ཡོད། ཡིན་ནའང་ད་ལྟའི་དུས་ཚོད་འདི་གོམ་བགྲོད་སྐད་འབོད་ཀྱི་དུས་ཚོད་ཅིག་མ་རེད། ལྷག་པར་དུ་སློབ་ཕྲུག་ཅིག་ལ་མཚོན་ན་དེ་ལས་ཀྱང་འོས་འགན་ཞིག་ཏུ་མཐོང་མ་སོང་། གལ་སྲིད་དགེ་སློབ་ཉིས་བརྒྱ་ལྷག་ཡོད་པ་དེས་རང་རང་གི་རིག་པའི་རྩལ་རེ་བཏོན་ཏེ་དེང་གི་བརྡ་འཕྲིན་བརྒྱད་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཐབས་ཤེས་གཅིག་རེ་སྤེལ་ཐུབ་པ་ཡིན་ན་དེ་ལ་གྲུབ་འབྲས་ཟེར་ན་རེད་ནུས་པ་ག་ཚོད་ཡོང་གི་རེད། འདི་ལྟ་བུའི་གསར་གཏོད་དང་དེང་རབས་ཅན། ཤེས་ཡོན་སློབ་སྦྱོང་བྱེད་མཁན་ཞིག་གི་ལས་འགན་བཅས་ཏག་ཏག་བསྡད་ཡོད་པ་རེད།

    Reply
  2. ཉི་ན་རྡོ་རྗེ། says:
    ལོ་ 12 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོར་སེམས་ཤུགས་ཧ་ལས་པ་རེད། ཡིན་ནའང་སློབ་མའི་ལས་འགན་གཙོ་བོ་དེ་ཤེས་ཡོན་སློབ་སྦྱོང་དང་རྣམ་དཔྱོད་རིག་པའི་ཐོག་ནས་མི་རིགས་ཀྱི་བདེན་དོན་དང་རྒྱལ་ཁབ་ཀྱི་འཐབ་རྩོད་བསྒྲུབ་དགོས་པ་ལས་མི་མང་ཚོགས་དཀྱུས་མིའི་ནང་མར་ཐོན་ཏེ་སྐད་འབོད་གོམ་བགྲོད་སོགས་ཀྱིས་མཚོན་པའི་ལས་འགུལ་རིགས་སྤེལ་རྒྱུ་གཙོ་བོ་མ་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་ལ་ངོ་རྒོལ་སྐད་འབོད་དང་མར་མེ་ཁྲོམ་སྐོར་འདི་ལས་འགུལ་གྱི་ནང་ནས་ཆེས་ཨུ་ཐུག་དང་ལེ་ལོ་ཅན་གྱི་བྱེད་ཐབས་ཤིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese