མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངལ་རྩོལ་བསྒྱུར་བཀོད་ར་བ་མྱོས་རྫས་ངན་གོམས་སྨན་བཅོས་ཁང་དུ་མིང་བསྒྱུར་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་བོད་པའི་ཆབ་སྲིད་བཙོན་པ་ ༡༢༠༤ ཙམ་ཡོད་ཅིང་། ཉེ་ལམ་རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་མེད་པ་བཟོ་རྒྱུ་ཡིན་ཚུལ་བསྒྲགས་པ་དེ་མིང་ཙམ་ལས་དོན་གྱིས་མི་མང་ལ་མནར་གཅོད་རྡུང་རྡེག་གཏོང་བའི་སྲིད་ཇུས་མུ་མཐུད་ལྷག་རྒྱུ་ཡིན་པ་དང་། ཉེ་ལམ་བོད་ནང་གི་ངལ་རྩོལ་བསྒྱུར་བཀོད་ར་བ་ཁ་ཤས་མིང་བསྒྱུར་བྱས་ཏེ་མྱོས་རྫས་ངན་གོམས་སྨན་བཅོས་ལྟེ་གནས་སོགས་སུ་བསྒྱུར་ཡོད་འདུག

འདི་གའི་གསར་འགོད་པས་ངྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། ད་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་པའི་ཆབ་སྲིད་བཙོན་པའི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་མོས་བརྗོད་དོན། ང་ཚོས་ད་ལྟ་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་ལ་ལོ་འཁོར་སྙན་ཐོ་འདོན་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། ང་ཚོས་ཆབ་སྲིད་བཙོན་པའི་མིང་ཐོ་གཙང་མ་བཟོས་རྗེས་དབྱེ་བ་འགར་གྱི་ཡོད། དཔེར་ན། གྲྭ་བཙུན་ག་ཚོད་ཡོད་མེད་དང་། ཁྲིམས་ཐག་བཅད་ཡོད་མེད་ཀྱི་གྲངས་ཀ སྔོན་མ་ཡིན་ན་དབྱེ་བ་དེ་འདྲ་ཡོད་པ་མ་རེད། མིང་དང་ལོ། སྐྱེས་ཡུལ། ཁྲིམས་བཅད་ལོ་ཚད་སོགས་ལས་ཡོད་པ་མ་རེད། ད་ལོ་ང་ཚོས་ཐོ་གཞུང་ཙམ་མིན་པར་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་འགོད་ཀྱི་ཡོད། རྒྱ་གཞུང་གིས་བོད་མི་ཚོར་ཉེས་རྡུང་བཏང་སྟེ་དམར་གསོད་བཏང་རིགས་ལོགས་སུ་བཞག་ཡོད། ད་ལོའི་ཕྱི་ཟླ་ ༡༠ བའི་ཟླ་མཇུག་བར་ཆབ་སྲིད་བཙོན་པ་གྲངས་ ༡༢༠༤ ཙམ་འདུག ༢༠༡༣ ལོའི་སྙན་ཐོ་དེ་ ༢༠༡༤ ལོའི་ལོ་མགོ་ཙམ་འདོན་འཆར་ཡོད་སྟབས། ཕྱི་ཟླ་ ༡༡ དང༌། ༡༢ བཅས་སུ་བོད་མི་འཛིན་བཟུང་བྱས་པ་དང་གར་སོང་ཆ་མེད་ཆགས་པ་སོགས་ཀྱང་ཚུད་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་བོད་པའི་ཆབ་སྲིད་བཙོན་པ་དེ་དག་རྒྱ་ནག་གི་བཙོན་ཁང་གང་དག་ནང་ཡོད་པ་དང༌ལྷ་སའི་གྲ་བཞིའི་བཙོན་ཁང་སོགས་སུ་བོད་པའི་ཆབ་སྲིད་བཙོན་པ་ག་ཚོད་ཡོད་མེད་དྲིས་པར། ཁོང་མོས། བོད་ནང་བཙོན་ཁང་ག་ཚོད་ཡོད་མེད་དང༌། བཙོན་ཁང་ཁག་ཏུ་བོད་པའི་ཆབ་སྲིད་བཙོན་པ་ག་ཚོད་ཡོད་མེད་ཤེས་ཐུབ་ཀྱི་མི་འདུག དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པའི་གྲངས་འབོར་ཡང་ཏག་ཏག་ཅིག་ཤེས་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གཞུང་ལ་མཚོན་ན་བཙོན་པའི་གྲངས་འབོར་དེ་རྒྱལ་ཁབ་ཀྱི་གསང་བ་རེད། དཔེར་ན། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་མེད་པ་བཟོ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་ཀྱང༌། ད་སྔ་དེའི་འོག་མི་ག་ཚོད་ཡོད་མེད་བསྒྲགས་ཡོད་པ་མ་རེད། ང་ཚོས་ཤེས་ཚོད་བྱས་ན། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་པ་ནས་བཟུང་ཨ་མདོ་དང་ཁམས་ཕྱོགས་སུ་ཆབ་སྲིད་བཙོན་པའི་གྲངས་འབོར་མང་པོ་ཆགས་འདུག དེ་དག་མང་ཆེ་བ་ཟི་ཁྲོན་མཱེན་དབྱང་བཙོན་ཁང་དུ་བཅུག་འདུག བཙོན་ཁང་དེ་བཙོན་ཁང་དང་ངལ་རྩོལ་བསྒྱུར་བཀོད་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཡིན་ས་རེད། དེ་བཞིན་ཟི་ལིང་དུ་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཞི་བདེ་ལྷིང་འཇགས་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང༌། རང་སྐྱོང་ལྗོངས་འོག་རང་ལུས་མེར་བསྲེགས་བྱུང་མེད་ལུགས་རྗོད་ཀྱི་ཡོད་ཀྱང༌། ད་ལྟའི་བར་བོད་རང་སྐྱོང་ལྗོངས་ནང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་དྲུག་བདུན་ཞིག་བྱུང་ཡོད་པ་རེད། ལྷག་པར་དུ་ད་ལོ་ནག་ཆུ་འབྲི་རུ་རྫོང་དུ་དོན་རྐྱེན་ཆེན་པོ་བྱུང་སྟེ་བོད་མི་མང་པོ་འཛིན་བཟུང་བྱས་པ་རེད། ཅེས་བརྗོད་བྱུང་།

ཟླ་སྔོན་མར་རྒྱ་ནག་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ངལ་རྩོལ་བསྒྱུར་བཀོད་ར་བ་མེད་པ་བཟོ་རྒྱུའི་ཐག་གཅོད་བྱུང་པའི་སྐོར་དྲིས་པར། རྒྱ་ནག་གཞུང་འབྲེལ་ཡིག་ཆའི་ནང་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་མེད་པ་བཟོ་རྒྱུ་ཡིན་ཞེས་བཀོད་འདུག ང་ཚོར་སེམས་འཚབ་ག་རེ་ཡོང་གི་འདུག་ཟེར་ན། རྒྱ་གཞུང་གིས་ལམ་ལུགས་དེར་སྔོན་ཆད་ཐེངས་ཁ་ཤས་ལ་བཅོས་བསྒྱུར་བྱས་པ་རེད། སྔོན་མ་ཉེན་རྟོག་པ་དབང་ཆ་ཆེས་ཤོས་ཡོད་ཀྱང༌། རྗེས་སུ་ཁྲིམས་ཞིབ་ལྷན་ཚོགས་ཀྱི་བློན་ཆེན་ལ་དབང་ཆ་སྤྲད་པ་རེད། ཡིན་ནའང་ཉེས་མེད་མང་ཚོགས་འཛིན་བཟུང་དང་གང་བྱུང་རྡུང་རྡེག་གཏོང་པ་གཅིག་མཚུངས་ཆགས་ཡོད། ཉེ་ཆར་ཡུལ་ཤུལ་དགོན་པའི་གྲྭ་བ་ ༤ ཟི་ལིང་གི་ངལ་རྩོལ་བསྒྱུར་བཀོད་ནས་དུས་ཡུན་མ་རྫོགས་སྔོན་ལ་ཀློད་གྲོལ་བཏང་ཡོད་པ་རེད། གོ་ཐོས་ལྟར་ན། ཟི་ལིང་དུ་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་ཁང་སྒོ་རྒྱག་རྒྱུ་རེད་ཟེར། དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་ངལ་རྩོལ་བསྒྱུར་བཀོད་ར་བ་ཁ་ཤས་སྒོ་བརྒྱབ་པའི་གནས་ཚུལ་འདུག འོན་ཀྱང་ང་ཚོས་ཉེ་ཆར་གནས་ཚུལ་གོ་བ་ལྟར་ན། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་སྒོ་བྱང་དང་མིང་སོགས་ལ་འགྱུར་བ་བཏང་སྟེ། མྱོས་རྫས་ངན་གོམས་ལ་སྨན་བཅོས་བྱེད་པའི་ལྟེ་གནས་སུ་མིང་བསྒྱུར་བྱེད་ཀྱི་ཡོད་ཚུལ་འདུག དེ་བཞིན། རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་ཁག་ཅིག་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། ང་ཚོར་དོགས་པ་ག་རེ་འདུག་ཟེར་ན། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཅེས་པའི་མིང་དེ་མེད་པ་བཟོས་ཀྱང༌། ཁྲིམས་ཡིག་ནང་དུ་མིའི་སྤྱོད་ལམ་ལ་བཅོས་བསྒྱུར་གཏོང་རྒྱུ་ཞིག་བཀོད་ཡོད་པ་དེ་རྩ་མེད་མ་བཟོས་བར་དུ་མི་མང་ལ་མནར་གཅོད་གཏོང་རྒྱུ་མཚམས་ཆད་རྒྱུ་མིན་པ་གསལ་བོ་རེད། སྔོན་མ་རྒྱ་གཞུང་གིས་གསར་བརྗེ་ངོ་ལོག་པ་ཟེར་བའི་ཚིག་རྩ་ཁྲིམས་ནང་བཞག་སྟེ་མི་སྟོང་ཕྲག་མང་པོར་ལོག་སྤྱོད་པའི་ཞྭ་མོ་གཡོགས་ནས་མྱངས་པ་རེད། ༡༩༩༧ ལོར་ཚིག་དེ་མའོ་སྐབས་སུ་བྱུང་པ་རེད་དེ་ཡག་པོ་མི་འདུག་ཟེར་ནས་དེའི་ཚབ་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་བཞག་པ་རེད། དེ་གཉིས་ཀྱི་ནག་ཉེས་དང་ལ་ངོས་འཛིན་དང་ཉེས་ཆད་གཏོང་སྟངས་གཅིག་པ་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་ཁོ་མོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ནང་གི་གནས་ཚུལ་སྐོར་ལ་ཉམས་ཞིབ་བྱེད་སྟངས་དང་གནས་ཚུལ་བསྡུ་རུབ་བྱེད་ཕྱོགས་གང་འདྲ་ཡོད་མེད་དྲིས་པར། གནས་ཚུལ་ཁུངས་གནས་གལ་ཆེ་ཤོས་དེ་བོད་ནས་ཚུར་སྐྱབས་བཅོལ་ལ་ཡོང་མཁན་དེ་ཚོ་རེད། དེ་ནས་རྒྱ་ནག་གཞུང་འབྲེལ་དྲ་ཚིགས་ཁག་ནང་བཏོན་པའི་ཁྲིམས་དང་ཡིག་ཆ་དེ་དག་རེད། གསུམ་པ་དེ་ཕྱི་རྒྱལ་ཁག་ནང་ཡོད་པའི་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཚོས་བཏོན་པའི་སྙན་ཐོ་སོགས་རེད། གང་ཡིན་ཟེར་ན། རྒྱ་ནག་གི་སྲིད་ཇུས་དང་ཁྲིམས་སྒྲིག་སྐོར་གྱི་ཡིག་ཆ་དེ་ཚོ་ཀློག་སྐབས་གློ་བུར་དུ་ནང་དོན་གོ་ཁག་པོ་འདུག དེ་དག་གི་གོ་དོན་རྟོགས་པར་རྒྱ་ནག་ལ་ལོ་མང་ཉམས་ཞིབ་གནང་མཁན་མཁས་དབང་ཚོའི་རྩོམ་ཡིག་དང་འགྲེལ་བཤད་སོགས་ལ་གཞི་འཇོག་གི་ཡོད། གཞན། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་བསྐྱོད་པའི་དངོས་མཐོང་གནས་ཚུལ་རེད། དཔེར་ན། ད་ལོ་ཧྥ་རན་སིའི་གསར་འགོད་པ་བོད་ནང་དུ་གསང་འཛུལ་བྱས་ཏེ་དངོས་ཡོད་གནས་ཚུལ་མང་པོ་ཞིག་བརྙན་པར་བརྒྱབ་ཡོད་པ་རེད། དེ་མིན། ཕྱི་རྒྱལ་གྱི་ཚགས་པར་སོགས་ལ་ཁུངས་དེ་ཙམ་བཅོལ་ཐུབ་ཀྱི་མི་འདུག གང་ཡིན་ཞེ་ན། མཚམས་རེར་ཕྱི་རྒྱལ་གྱི་གསར་འགོད་པ་ཁ་ཤས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་མ་ཤེས་པར་གང་བྱུང་བྲིས་ཡོང་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༧ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 2

  1. ཡར་ཀླུང་པ། says:
    ལོ་ 12 སྔོན།

    གསར་འགོད་པའི་དྲི་བ་ཁག་ཧ་ཅང་གནད་དུ་འཁེལ་འདུག རྒྱ་ནག་ནང་བཙོན་ཁང་ཅི་ཙམ་ཡོད། བོད་ནང་བཙོན་ཁང་ཅི་ཙམ་ཡོད། དེ་དག་རེ་རེའི་ནང་དུ་བོད་པའི་ཆབ་སྲིད་བཙོན་པ་ག་ཚོད་ཡོད། ལྷ་སའི་གྲ་བཞིའི་བཙོན་ཁང་ནང་དུ་དེང་སྐབས་བཙོན་པ་ག་ཚོད་ཡོད། དྲི་བ་འདི་ལ་འགྲོ་བ་མིའི་ཐོབ་ཐང་ཚང་གིས་ལན་འདེབས་མི་ཐུབ་པ་མིག་མཐོང་ལག་ཟིན་རེད། མ་འོངས་པར་འགྲོ་བ་མིའི་ཐོབ་ཐང་ཚང་གིས་དྲི་བ་འདི་དག་ལ་ལན་ཞིག་ངེས་པར་དུ་འདེབ་ཐུབ་པ་ཞིག་བཟོ་དགོས་པ་རེད།

    Reply
  2. བསྟན་འཛིན་དར་རྒྱས། says:
    ལོ་ 12 སྔོན།

    འགྲོ་བ་མིའི་ཐོབ་ཐང་ཚང་གིས་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་དུ་བོད་པའི་ཆབ་སྲིད་བཙོན་པ་ ༡༢༠༤་ཙམ་འདུག་ལབ་འདུག ཁུངས་སྐྱེལ་ར་སྤྲོད་གསལ་བོ་དགོས་རེད། ལོ་སྔོན་མ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་ཚང་གི་སྙན་ཐོ་ཞིག་མཐོང་བའི་ནང་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་ཕྱིར་གློད་གྲོལ་བཏང་སྟེ་ལོ་གཉིས་འགོར་ཡོད་པ་དེ་འདྲ་རྒྱ་ནག་གི་བཙོན་ཁང་ནང་ཡོད་སྐོར་འཁོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese