མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་ཁོག་སྟོང་དང་གྲོས་ཆོད་རུལ་པ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

                   ཤེས་རིག་ཚོགས་ཆེན་ཐེངས་དྲུག་པར་ཕུལ་བ།

རྡོ་རྗེ་རིན་ཆེན།

            འདས་པའི་ལོ་ཤས་གོང་ནས་བོད་ཕྱི་ནང་གི་རིགས་ཞེན་ཅན་དུ་མས་རང་གི་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཐད་ལས་འགུལ་རབ་དང་རིམ་པ་ཞིག་བརྩམས་དང་རྩོམ་མུས་སུ་ལགས་པ་ནི་ཆེས་བསྔགས་བརྗོད་བྱ་ཡུལ་ཞིག་དང་། དེ་ལས་ཀྱང་དོན་གནད་གལ་ཆེན་ཞིག་ནི། ༸གོང་ས་མཆོག་གིས་ “ ང་ཚོ་འགྱེལ་ས་ནས་ལངས་རྒྱུའི་དམིགས་ཡུལ་ཡོད་པ་ཡིན་དུས། བོད་པའི་སྐད་ཡིག་ཡོན་ཏན་ཐོག་ཤུགས་རྒྱག་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད། དབྱིན་ཇི། ཧིན་དྷི། དེ་མིན་གྱི་སྐད་ཡིག་འདྲ་མིན་དེ་ཚོའི་གྲས་སྐད་ཡིག་དེ་ག་སློབ་སྦྱོང་བྱེད་པ་མ་གཏོགས། སློབ་ཚན་གཞན་དག་ཚང་མ་སོ་སོའི་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་བྱུང་ན་བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་གི་རེད། དེས་བོད་པའི་རིག་གཞུང་ལ་ཕན་གྱི་རེད། བོད་པའི་རྣམ་པ་ཟིན་རྒྱུ་ལ་དེས་ཕན་གྱི་རེད། ”ཅེས་གསུངས་ཡོད།

གནད་དོན་འདིའི་ཐད་༸གོང་ས་མཆོག་གིས་ལན་གཅིག་ཙམ་མིན་པར། ལོ་རབས་དྲུག་ཅུ་ཡས་མས་ནས་བཀའ་བསྩལ་རིམ་པར་བྱུང་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པའི་དོན་ཚན་བཅུ་བདུན་པའི་ནང་གསེས་བརྒྱད་པར་ཡང་།  “ གཞི་འབྲིང་མཐོ་གསུམ་གྱི་གཞུང་སྒེར་གྱི་གཏན་སློབ་དང་ཉིན་མོའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་དང་། སློབ་ཚན་རྣམས་རིམ་བཞིན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་ཐུབ་ཐབས་བྱ་རྒྱུ། ” ཞེས་འཁོད་ཡོད། དེ་བཞིན་ལོ་རབས་དྲུག་ཅུའི་ནང་སྐོང་འཚོགས་གནང་བའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་དོན་ཚན་དང་པོའི་ནང་གསེས་ཅ་བ་ལའང་། “ དབྱིན་ཡིག་ནང་ནས་སྤྱི་ཚོགས་དང་ཆབ་སྲིད། རྒྱལ་རབས། འཛམ་གླིང་རྒྱས་བཤད་སོགས་ཡིག་ཆའི་རིགས་བོད་ཡིག་བཅས་སུ་ཕབ་སྒྱུར་བྱ་རྒྱུ་འདི་གཉིས་རྩོམ་སྒྱུར་ཁང་ནས་འགན་ཁུར་བྱ་རྒྱུ།” ཞེས་གྲོས་ཆོད་བྱུང་འདུག

བརྒྱ་ལ་བཤད་ཀྱང་ང་ཚོས་དོན་ཕན་ལྡན་པའི་མི་རིགས་དང་སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་དང་ཡར་རྒྱས་སུ་གཏོང་རྒྱུ་ཡིན་ཚེ། གོང་གསལ་༸རྒྱལ་བའི་ཐུགས་རེ་དང་བཅའ་ཁྲིམས་ཀྱི་འབྲུ་དོན། ཚོགས་ཆེན་གྱི་གྲོས་ཆོད་རྣམས་ལག་བསྟར་བྱས་ཏེ། བོད་མི་རིགས་རང་གི་སྐད་བརྡས་སྲོག་ཤིང་བྱས་པའི་རིག་གསར་གྱི་ཤེས་ཡོན་ཞིག་མངོན་འགྱུར་བྱ་དགོས་པ་ལས། དེ་མིན་ང་ཚོས་རྩ་བ་བོར་ཏེ་ཡལ་ག་ཅི་ཙམ་རྒྱས་སྤྲོས་བྱས་ཀྱང་མཐར་ཤི་རྒྱུ་ཉག་གཅིག་ཏུ་ངེས་སྟབས། ང་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་གཞན་ཞིག་འཚོལ་བའམ། ཤོད་སྡོད་པ་ལས།  མིག་སྔར་གྱི་བཅའ་ཁྲིམས་ཁོག་སྟོང་དང་། གྲོས་ཆོད་རུལ་པ་འདི་དག་ཇི་ལྟར་ལག་ལེན་དུ་འཁེལ་བར་འབད་བརྩོན་དགོས་པ་དེ་རེད།

ནམ་ཞིག་གཞིས་ལུས་མི་དམངས་ཀྱིས་ཁྱེད་ཚོས་རང་དབང་ལུང་པ་ནས། རིག་གསར་གྱི་ཤེས་ཡོན་རྣམས་ཀྱང་ནང་འདྲེན་མ་ཐུབ་བམ་ཞེས་འདྲི་དུས། ང་ཚོས་ལན་འདེབས་ཅི་ཞིག་བྱེད་དམ།  སྐད་ཡིག་གི་ནུས་པས་འདང་གི་མི་འདུག་ཅེས་ཁ་གཡོར་རྒྱུ་ཡིན་ཚེ།  ༸གོང་ས་མཆོག་གིས་ “ ང་ཚོའི་བོད་ཡིག་དེ་རླབས་པོ་ཆེ་ཞིག་རེད་དྲན་ཡོང་གི་འདུག  དེ་འདྲ་ཡིན་སྟབས་ང་རང་ཚོས་སྔར་དེའི་ཚེ་དེའི་དུས་ཀྱི་འཛམ་གླིང་འདི་སྟེང་གི་རིག་གཞུང་ཟབ་ཤོས་ཀྱི་གྲས་དེ་མི་ཐོག་མང་པོ་འགོར་ཡོད་ཀྱང་བོད་ཡིག་ནང་ལ་བཟོ་ཐུབ་ཡོད་པ་རེད། དུས་རབས་གསར་པ་འདིའི་ནང་ལ་དེང་སང་གི་སློབ་ཚན་མང་པོ་ཞིག་རྙེད་ཡོད་པ་དེ་དག་ཀྱང་བོད་ཡིག་ནང་བསྒྲུབ་མ་ཐུབ་པ་གཅིག་དང་བསྒྱུར་མ་ཐུབ་པ་ཞིག་ཡོང་གི་མ་རེད་སྙམ་སྟེ། དེར་ང་ཚོ་གདེང་ཁེལ་བ་ལྟ་བུ་ཞིག་ཕལ་ཆེར་རེད། ” ཅེས་བཀའ་གནང་ཡོད་ལ། དེ་བཞིན་རིག་གསར་གྱི་ཤེས་ཡོན་རྣམས་རང་སྐད་ཐོག་སློབ་ཁྲིད་བྱས་ན། རང་སྐད་ཡིན་པས་དོན་ལ་མ་གཏོགས་ཤུགས་རྒྱག་མི་དགོས་པས་ཤེས་སླ་བ་དང་། དབྱིན་སྐད་ཐོག་སློབ་ཁྲིད་བྱས་ན་ཚིག་དོན་གཉིས་ཀར་ཤུགས་རྒྱག་དགོས་པས་དཀའ་ངལ་ཡོད་སྐོར་ཡང་བཀའ་གནང་ཡོད།

ད་ང་ཚོས་དཀའ་ངལ་ཅི་ཞིག་ཤོད་རྒྱུ་ཡིན་ནམ། མ་གཞི་ད་བར་གླེང་ཟིན་པའི་དཀའ་ངལ་ཚང་མའི་ཐད། ༸གོང་ས་མཆོག་གིས་སྔ་ཕྱིར་ལམ་སྟོན་གྱི་བཀའ་སློབ་ཇི་སྙེད་ཅིག་བསྩལ་གྲུབ་འདུག་ལ། ལར་ནས་གནད་དོན་འདིའི་ཐད་ ༸ གོང་ས་མཆོག་གིས་ “ ང་ཚོ་ལས་དོན་མང་པོ་ཞིག་ལ་འདི་འདྲ་བྱས་ནས་དཀའ་ངལ་འདི་འཕྲད་ཀྱི་རེད་ཟེར་ནས་གཡུགས་ཞོག་ཅེས་ལབ་ན། གཡུག་བཞག་པ་རང་རེད། ལས་ཀ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་སྐད་ཆ་ཡོང་རྒྱུ་དེ་ཏན་ཏན་རེད། དཀའ་ངལ་དེ་འཕྲད་སོང་ན་སེལ་ཐབས་ག་རེ་འདུག་གམ་ཞེས་ལམ་སང་རིམ་པ་གཉིས་པ་དེར་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག ” ཅེས་ཀྱང་བཀའ་གནང་གྲུབ་པ་མིན་ནམ།

ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཤེས་རིག་དྲུང་ཆེ་མཆོག་གིས་ “ ཚན་རིག་གིས་གཙོས་པའི་དེང་རབས་ཀྱི་རིག་གསར་ཤེས་ཡོན་རྣམས་བོད་སྐད་ནང་འགྱུར་ཐུབ་པ་དགོས་རྒྱུ་དང་། སློབ་གྲྭའི་ནང་སློབ་ཚན་དེ་དག་བོད་སྐད་ཐོག་ནས་སློབ་ཁྲིད་ཐུབ་པ་དགོས་རྒྱུ་བཅས་ནི། ལོ་རབས་དྲུག་ཅུ་བའི་སྐབས་ཉིད་ནས་ཡོད་པའི་༸རྒྱལ་བའི་དགོངས་གཞི་རྨ་མེད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ད་ཡོད་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན། བོད་ཀྱི་སྐད་ཡིག་གི་རྩ་དོན་དང་ཆེས་ཉེ་བར་འབྲེལ་བ་བཅས་ཡིན་” ཅེས་སོགས་གསུངས་འདུག  འོན་ཀྱང་ལག་ལེན་དུ་ཁེལ་རྒྱུར་འབྲེལ་ཡོད་ཚང་མར་དགོངས་པ་གཅིག་མཐུན་ཞིག་མེད་སྐོར་གླེང་ཡོད།

གལ་སྲིད་བཅའ་ཁྲིམས་དང་ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད། ༸གོང་ས་མཆོག་གི་ཐུགས་རེ། བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཅས་ཡིན་པའི་རིག་གསར་ཤེས་ཡོན་རྣམས། རང་སྐད་ཐོག་བསྒྱུར་རྒྱུའི་དམིགས་ཡུལ་འདི་བཞིན་ལག་ལེན་དུ་བསྟར་དུ་མི་འཇུག་པའི་སྲི་ཞུ་བ་ཞིག་ཡོད་ཚེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྒྱབ་འགལ་བྱེད་མཁན་དང་། བོད་མི་རིགས་ཀྱི་བདེ་སྡུག་ལ་མིག་བཙུམ་མཁན་གྱི་དོན་གྱི་དགྲ་བོ་དངོས་གནས་པ་དེ་ཡིན་མིན་ཐད། རང་རེའི་གཟུར་གནས་བློ་ལྡན་རིགས་ཞེན་ཅན་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་ཁ་གྲག་དགོས་པ་ཞིག་རེད།

མཐའ་དོན་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་འཚོགས་ལ་ཉེ་བའི་སྐབས་འདིར། འབྲེལ་ཡོད་ཚོགས་བཅར་སློབ་དགེ་རྣམས་ཀྱིས་གནད་དོན་འདིའི་ཐོག་དགོངས་ཚུལ་གསུང་བའི་རེ་བ་དང་། སྲི་ཞུ་བ་སྐབས་སྔ་མ་ཚོས་ལག་བསྟར་མ་ཐུབ་པའི་བཅའ་ཁྲིམས་ཀྱི་འབྲུ་དོན་དང་། ཤེས་རིག་ཚོགས་ཆེན་སྐབས་དང་པོའི་གྲོས་ཆོད། ༸གོང་ས་མཆོག་གི་དགོངས་གཞི། བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཅས་ཡིན་པའི་རིག་གསར་ཤེས་ཡོན་རྣམས་རང་སྐད་ཐོག་བསྒྱུར་རྒྱུའི་ཐད། མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཇི་འདྲ་ཞིག་ནར་གཏོང་དགོས་ཀྱང་། ད་ཡོད་སྐབས་བཅུ་བཞིའི་འཛིན་སྐྱོང་བཀའ་ཤག་གིས་བསྒྲུབ་ཐུབ་པ་ཞིག་ལ་རེ་བ་ནན་གྱིས་བྱེད་བཞིན་ཡོད།

དེ་ཡང་བོད་མི་རིགས་འདི་ཡང་རང་རྐང་ནས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་མཉམ་སྐྱོད་ཐུབ་རྒྱུ་དང་། མི་རིགས་འདིའི་ངོ་བོ་ས་སྒང་འདིའི་སྟེང་རྒྱུན་རིང་འཚོ་གནས་བཅས་ཀྱི་ཆེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་། དགེ་རྒན་རྣམས་ནི་ཤེས་ཡོན་པའི་སྡེ་ཁག་ཅིག་ལ་བརྟེན། རང་ཉིད་ཀྱི་ཐད་སོར་མཆིས་པའི་སྐད་ཡིག་གི་གནད་དོན་འདིར་འགན་ཁུར་དགོས་པ་ཞིག་རེད་ལ། དེ་ནི་མཐར་གཏུགས་ན་མི་རིགས་ཤིག་འཆི་གསོན་གྱི་གནད་དོན་ཞིག་ཀྱང་ཅི་ལ་མིན།

ལར་ནས་གཞིས་ལུས་བོད་མིའི་རང་སྲེག་གི་ཞལ་ཆེམས་ཁྲོད་དུ་ཡང་། སྐད་ཡིག་གི་རང་དབང་གླེང་མཁན་བྱུང་ཡོད་ལ།  ང་ཚོ་བཙན་བྱོལ་དུ་གནས་རིང་སྒྲུབ་ནུས་པ་དང་། རྗེས་སོར་ནོངས་འགྱོད་སྐྱེས་མི་དགོས་པའི་མི་རིགས་ལས་དོན་གྱི་བྱ་བ་གལ་འགངས་ཆེ་བ་ཞིག་ནི། བཅའ་ཁྲིམས་ཀྱི་འབྲུ་དོན་འདི་བཞིན་ངེས་པར་ལག་ལེན་དུ་བསྟར་དགོས་པ་དེ་ཡིན་ཞིང་། དེའི་འགན་འཁྲི་ཡང་དམིགས་བསལ་ང་ཚོ་རང་དབང་ལུང་པར་གནས་པའི་སྒྲིག་འཛུགས་འདིར་ཡོད་པར་འདོད་དོ།།   
                                                                                                                                                          

ཁུངས་བཅོལ་ཡིག་ཆ།

༡༽ ཤེས་ཡོན་སྐོར་གྱི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་ཤོག་གྲངས་ ༡༣༨ ཐོག་གསལ།
༢༽
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པར་གསལ།
༣༽
ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ལས་གསལ།
༤༽
ཤེས་རིག་ཚོགས་ཆེན་ཐེངས་ལྔ་བའི་ཐོག་སྩལ་བའི་འོད་སྡེར་ལས་ཕབ་བཤུས་བྱས།
༥༽
ཤེས་ཡོན་སྐོར་གྱི་བཀའ་སློབ་གཅེས་བཏུས་ཤོག་གྲངས་ ༡༠༦ ཐོག་གསལ།
༦༽
ཤེས་རིག་ཚོགས་ཆེན་ཐེངས་ལྔ་བའི་ཐོག་སྩལ་བའི་འོད་སྡེར་ལས་ཕབ་བཤུས་བྱས།

འབྲེལ་ཡོད་གསར་འགྱུར།

Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

༢༠༢༥/༠༥/༢༨

མཆན། 7

  1. ཚ་ཤོད་ཤེས་རབ། says:
    ལོ་ 11 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་བཤད་པ་ནང་བཞིན་རེད། བོད་རང་བཙན་ངོ་མ་ནི་ནམ་ཞིག་བོད་ཡིག་ནང་ཤེས་བྱ་ཡོད་ཚད་སློབ་སྦྱོང་བྱེད་ཐུབ་པའི་དུས་དེ་ཡིན། དེ་ཡང་ད་ལྟའི་ང་ཚོ་དང་ལྷག་པར་དུ་བོད་ཀྱི་མི་རབས་གསར་བ་ལ་རག་ལས་སོ།

    Reply
  2. ཕུན་ཚོགས། says:
    ལོ་ 11 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ད་ལྟ་སློབ་ཚན་གང་ཞིག་གི་ནང་དུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་མེད་པ་དང་། སློབ་གྲྭ་གང་ཞིག་གི་བྱེད་སྟངས་འགྲིག་གི་མེད་པ། དེ་བཞིན་སློབ་ཚན་གང་དང་གང་ཞིག་གིས་འདང་གི་མེད་པ་བཤད་ཐུབ་ན་དེ་བས་དགེ་མཚན་ཆེན་པོ་འདུག

    Reply
  3. རྒྱང་ལྟ། says:
    ལོ་ 11 སྔོན།

    དུས་ཐོག་གི་ཆར་བ་རར་རེད།

    བཀའ་སློབ་སྔ་ཕྱི་གཉིས་ཀྱི་ཞལ་འདེབས་འབུལ།

    ང་ཚོས་མཐོ་རིམ་སློབ་གྲྭའི་གནས་ཚད་བར་དུ། སློབ་ཚན་ཚང་མ་བོད་ཡིག་ནང་ལ་བསླབ་ཐུབ་པ་བྱེད་དགོས། སློབ་ཚན་རྣམས་སྔོན་ལ་བོད་ཡིག་ཐོག་བསྒྱུར་ཏེ་གཏན་འབེབས་བྱས་ནས།སློབ་དེབ་འདྲ་ཆགས་པོ་མ་དགོས་པར། སང་ཉིན་སློབ་ཚན་སྤྲོད་རྒྱུ་དེ་རིང་དགོང་དྲོ་སྒྱུར་གྱིན་སྒྱུར་གྱིན་བྱས། སྔོན་ལ་སྣུམ་དཔར་ཞིག་ལས་མ་བྱུང་ནའང་བརྒྱབ་སྟེ་བེད་སྤྱོད་བྱེད་ཀྱིན་ཉམས་མྱོང་གསོག་གིན་གསོག་གིན་བྱེད་དགོས། སྤུས་དག་ཏུ་ག་ལེར་ལ་བཏང་ཆོག་གི་རེད། དང་པོ་རང་ནས་སྒོ་གང་ས་ནས་ནོར་འཁྲུལ་མེད་པ་གཅིག་བསྒྱུར། སྒོ་གང་ས་ནས་སྤུས་དག་གི་སློབ་དེབ་དཔར་འདེབས་སྔོན་ལ་བྱས། དེ་མཚམས་གཞི་ནས་སློབ་དགོས་བྱུང་ན་དུས་ཚོད་མང་པོ་འགོར་གྱི་རེད་ལ། ཁག་པོ་རེད་ཅེས་བཤད་ཡོད། ད་ཆ་ལོ་དེ་རྣམས་ཕྱིན་པའི་རྗེས་ལ་ང་ཚོར་ལག་ལེན་མ་འཁེལ་བའི་སྐྱོན་ལྷག་ཡོད། རྒྱ་གར་ནང་ལ་ལྷག་ཡོད་པ་རེད་ལ། བོད་ནང་ལ་ཡང་ལྷག་ཡོང་གི་འདུག

    རྒྱ་གར་ནང་གི་རྒྱུགས་སྤྲོད་ཀྱི་ཐོག་ལ་དཀའ་ངལ་ཡོང་མདོག་ཁ་པོ་ཡོད་ཀྱང་། དེ་ལ་ཐབས་ཤེས་བྱེད་དགོས། ང་ཚོ་ལས་དོན་མང་པོ་ཞིག་ལ་འདི་འདྲ་བྱས་ནས་དཀའ་ངལ་འདི་འཕྲད་ཀྱི་རེད་ཟེར་ནས་གཡུགས་ཞོག་ཅེས་ལབ་ན། གཡུག་བཞག་པ་རང་རེད། ལས་ཀ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་སྐད་ཆ་ཡོང་རྒྱུ་དེ་ཏན་ཏན་རེད། དཀའ་ངལ་དེ་འཕྲད་སོང་ན་སེལ་ཐབས་ག་རེ་
    འདུག་གམ་ཞེས་ལམ་སང་རིམ་པ་གཉིས་པ་དེར་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུགརྩ་བ་ནས་སེལ་ཐབས་མེད་པ་ཞིག་དང་། འགྲོ་ཐབས་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    བོད་རང་བཙན་ངོ་མ་ནི་ནམ་ཞིག་བོད་ཡིག་ནང་ཤེས་བྱ་ཡོད་ཚད་སློབ་སྦྱོང་བྱེད་ཐུབ་པའི་དུས་དེ་ཡིན། ད་ཡང་ད་ལྟའི་ང་ཚོ་དང་ལྷག་པར་དུ་བོད་ཀྱི་མི་རབས་གསར་བ་ལ་རག་ལས་སོ།

    Reply
  5. བསྟན་པ། says:
    ལོ་ 11 སྔོན།

    རྡོ་རྗེ་རིན་ཆེན་ལགས་ལ་ལྷན་ཚོགས་མ་ཚོགས་གོང་ལ་ཚོགས་མི་རྣམས་བསམ་བློ་གཏོང་རྒྱུའི་གལ་ཆེའི་ཆེད་བརྗོད་འདི་འདྲ་སྤེལ་བར་བསྔགས་བརྗོད་ཞུ། ཡིན་ནས་ད་ལྟའི་བཀའ་ཤག་དང་མི་མང་ནང་བོད་ཡིག་ལ་བརྩི་མཐོང་བྱེད་སྟངས་ལ་གཅིག་བལྟས་ན། ཁྱེད་ཀྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་ལགས་ལེན་དོན་འཁྱོལ་ཡོང་བ་ཁག་ཙམ་མཐོང་གི་འདུག ད་ལྟའི་བཀའ་ཤག་ནི་སྤྱིར་བཏང་ཤེས་ཡོན་ན་ཐུགས་སྣང་ཆེ་ཡང་བོད་ཀྱི་རིག་གནས་དང་སྲོལ་རྒྱུན་ལེགས་སྦྱང་ལ་དེ་ཙམ་གྱི་སེམས་ཚབ་དང་ཤ་ཚ་ཞིག་ཨེ་ཡོད་སྙམ་པ་ཞིག་འདུག གཅིག་བྱས་ན་མི་ཤེས་པ་དང་ཕྱི་གཤེན་ཤུགས་ཆེ་བའི་དབང་གི་ཡིན་སྲིད། དེ་ནས་གཞུང་ནས་ནུས་ལྡན་དང་གལ་ཆེའི་ལས་འགུལ་མེད་པ་དང་། མི་མང་གནས་སྐབས་ཀྱི་དཔལ་འབྱོར་ཁེ་དབང་ལ་ཆགས་ནས་བོད་སྐད་ཡིག་དང་རིག་གནས་ལ་དྲང་པོར་ཞུས་ན་བཙན་བྱོལ་ནང་བརྒྱ་ཆ་ ༧༠ ཙམ་ལ་དེ་ཙམ་གྱི་དད་འདུན་ཨེ་ཡོད་སྙམ། ཡིན་ནས་གལ་པོ་ཆེ་ལ་ནན་ཏན་ཟེར་བ་བཞིན་གུས་ནས་ཡང་བསྐྱར་གཅིག་སེམས་སྐུལ་གནང་བ་དེ་ནི་ཕྱིན་ཆད་རང་གྱོད་མི་དགོས་པས་ལས་ཤིག་རེད།

    Reply
  6. བདེ་རྒྱལ། says:
    ལོ་ 11 སྔོན།

    དཔྱད་བརྗོད་པ་ལ་ཡག་བྱུང་ཞུ། གཞི་རིམ་བར་མ་བར་སློབ་ཚན་ཁ་ཤས་ཤིག་བསྒྱུར་ཁུལ་ཡང་། མུ་མཐུད་དུ་ལག་བསྟར་ཐུབ་ཀྱི་མེད། ད་དུང་བསྒྱུར་པ་དེ་ཚོ་ཡང་ལག་ལེན་བསྟར་ཐུབ་ཀྱི་མེད། ཤ་ཚ་མོའི་གཏམ་འདི་འདྲ་ལ་དགའ་བསུ་ཡོད། ཐུགས་རྗེ་ཆེ།

    Reply
  7. བསྟན་ཆོས། says:
    ལོ་ 11 སྔོན།

    “བཅའ་ཁྲིམས་ཁོག་སྟོང་དང་གྲོས་ཆོད་རུལ་པ།” མ་རེད། དཔྱད་བརྗོད་པ་ཆེ་ས་གླན་པར་འདོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese