མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འགན་འཕར་མ་ཡོད་ན་དབང་ཚད་འཐོལ་པ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་དགོས་པའི་རེ་སྐུལ་གནང་བྱུང་། བརྗོད་གཞི་འདི་གལ་ཆེན་པོ་དང་རྒྱ་ཆེན་པོ་ཞིག་ཡིན་སྟབས། ངས་མགོ་བརྗོད་འདིའི་འོག་ནས་བོད་པའི་གསར་ལམ་གྱི་ལས་འགན་འཕར་མ་ཞེས་པ་ཞིག་བདམས་པ་ཡིན། བོད་པའི་གསར་འགོད་པ་ཚོར་གསར་འགོད་པ་གཞན་ལས་ལྷག་གི་ལས་འགན་འཕར་མ་ཞིག་ཡོད་ལ། གཞུང་ཚོགས་སྒེར་གསུམ་གྱིས་དེ་ལ་འབབ་པའི་དབང་ཚད་འཐོལ་པ་དང་མཐུན་འགྱུར་འདང་ངེས་ཞུ་དགོས། བོད་པའི་གསར་ལམ་གྱིས་བོད་ནང་གི་གནས་ཚུལ་དྲང་བདེན་ཕྱོགས་ལྷུང་མེད་པར་དུས་ཐོག་ལ་ཁྱབ་སྤེལ་བྱེད་དགོས་པ་སྨོས་ཀྱང་ཅི་དགོས། ད་དུང་བཙན་བྱོལ་སྤྱི་ཚོགས་ནང་གི་ཁྲིམས་དཔོན་གཞན་པའི་གཞན་པ་དེའི་འགན་ཡང་འཁྱེར་དགོས། 

    དམངས་གཙོའི་སྤྱི་ཚོགས་ནང་ཁྲིམས་བཟོ་ལྷན་ཚོགས་དང་ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་སོགས་ལ་དམངས་གཙོའི་ཀ་བ་གསུམ་ཟེར་ཞིང་། དེའི་སྟེང་གསར་འགྱུར་བརྒྱུད་ལམ་བསྣན་ཏེ་དམངས་གཙོའི་ཀ་བ་བཞི་ཞེས་འབོད་སྲོལ་ཡོད། རྒྱལ་ཁབ་གཞན་གྱི་འོག་ཏུ་ལག་བསྟར་བྱེད་ཀྱིན་པའི་དམངས་གཙོ་དེ་རི་མགོའི་དམངས་གཙོ་ཡིན། དམངས་གཙོའི་ཆ་ལག་ཚང་དུ་ཆུགས་ཀྱང་ནུས་པ་ཆ་ཚང་འཛོམས་ཐབས་མེད། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀྱི་སྒལ་ཚིགས་དེ་ལས་ཀྱང་གཉོམ་སྟབས། གསར་འགྱུར་བརྒྱུད་ལམ་གྱི་གཞོཊ་འདེགས་ལ་བརྟེན་ཏེ་ནུས་པ་འདོན་དགོས་པ་ངྷ་རམ་ས་ལའི་སྒྲིག་འཛུགས་དང་བོད་པའི་བརྒྱུད་ལམ་ཁག་གི་འབྲེལ་འདྲིས་ལས་རྟོགས་ཐུབ། 

    གལ་སྲིད་མི་སྒེར་རམ་ཚོགས་སྡེ་གཉིས་ཁ་མཆུར་ཐུག་པ་དང་། ཡང་ན་རྐུ་འཕྲོག་ལྐོག་ཟ་སོགས་ཀྱི་གནས་ཚུལ་བྱུང་སྐབས། ཉེས་ཅན་ཚོས་ཡ་རབས་བཟང་སྤྱོད་ལ་འགན་འཁུར་དགོས་པ་དང་། ཁྲིམས་དཔོན་ཚོས་ཀྱང་ཁྲིམས་གཞིའི་རྩ་ཚིག་དང་ཁ་བརྡ་སློབ་གསོ་མཉམ་དུ་ལག་བསྟར་བྱེད་དགོས། གལ་སྲིད་ཉེས་ཅན་གྱིས་བཟང་སྤྱོད་དོར་ན་ཉེས་ཅན་གང་དེའི་ཐོབ་ཐང་ཁག་མེད་པ་བཟོས་ཏེ། ཉེན་རྟོག་པ་བཏང་སྟེ་འཛིན་བཟུང་བྱེད་པའི་ཚབ་ཏུ་གསར་འགོད་པ་བཏང་སྟེ་སྤྱི་ཚོཊ་ལ་ཉེས་ཆད་གཅོད་དུ་འཇུག་རྒྱུ་ལས་ཐབས་གཞན་མེད། མདོར་ན། ཁྲིམས་ལུཊ་དབང་འཛིན་ལ་གསར་འགྱུར་བརྒྱུད་ལམ་གྱི་གཞོགས་འདེགས་མཁོ་ཞིང་གསར་འགྱུར་བརྒྱུད་ལམ་ལ་འཛིན་སྐྱོང་གི་མཐུན་འགྱུར་མཁོ།

    བོད་པའི་གསར་འགོད་པ་ཚོས་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་དུས་ཐོག་ལ་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་ཐུབ་དགོས་ཤིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་གཞུང་ཚོགས་སྒེར་གསུམ་གྱི་གནས་ཚུལ་ཐབས་རྡུགས་དག་ཀྱང་དྲོད་རླངས་མ་ཡལ་བར་འཐེར་འདོན་བྱེད་ཐུབ་དགོས། རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་ས་གནས་ཚུལ་ཕྱིར་གཏོང་བྱེད་མཁན་བོད་མི་ཚོ་ཡིན་ལ་བཙན་བྱོལ་ནང་གི་ཆེན་པོ་མཐོན་པོ་དག་གི་སྣང་བར་མི་འགྲོ་བའང་བོད་པའི་གསར་འགོད་པ་དག་ཡིན། ང་ཚོས་དགྲ་དགའ་གཉེན་སྡུག་ཟེར་བ་དང་གཞན་དབང་སྟབས་བསྟུན་ཟེར་བ་སོགས་ཀྱི་གཟུངས་སྔགས་གཉན་པོ་དེ་དག་སྐྱོར་ཏེ་མི་ཚེ་སྐྱེལ་ཐབས་དང་ཉི་མ་འཕུད་ཐབས་བྱས་བསྡད་ན། འཕྲལ་འཕྲལ་ལ་འགྲིག་འགྲིག་འདྲ་ཆགས་ཡོང་སྲིད་ཀྱང་། ཕུགས་ལ་སྤྱི་ཚོགས་རུལ་ནས་བོད་དོན་ཕོངས་ཀྱི་ཡོད་པའི་དཀྱེལ་ཡངས་ཀྱི་བློ་མིག་ཕྱེ་དགོས།

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༧ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༨ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese