མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་བོད་པའི་བུ་ཕྲུག་ཚོ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སུད་སིའི་ནང་གི་བོད་པའི་སློབ་གྲྭ་ཁག་གི་བོད་ཕྲུག་ཚོར་རྒྱལ་ཡོངས་རང་བཞིན་གྱི་བོད་སྐད་ཡིག་དང་རིག་གཞུང་གི་འགྲན་བསྡུར་ཞིག་ཚོགས་ཡོད་འདུག

ཟླ་འདིའི་ཚེས་ ༢༨ ཉིན། སུད་སིའི་ས་གནས་ཨོལ་ཊན་(Olten)དུ། སུད་སི་དང་ལེཀ་ཊེན་སི་ཊཡན་བོད་རིགས་མི་མང་གི་བོད་སློབ་ཁག་ལྔས་གོ་སྒྲིག་འོག སུད་སིའི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར། ‘སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་བོད་སྐད་ཡིག་འགྲན་བསྡུར་སྐབས་དང་པོ’ ཞེས་པ་ཚོགས་ཡོད་ཅིང་། ཐེངས་འདིའི་འགྲན་བསྡུར་ནང་། གཏམ་བཤད་དང་། སྙན་ཚིག་སྐྱོར་བ། ཡི་གེ་དག་ཆ། གླུ་གཞས་འཁྲབ་སྟོན་སོགས་སྡེ་ཚན་ ༤ ཡོད་ཅིང་། སྡེ་ཚན་རེ་རེའི་ཨང་ཐོབ་རྩེ་ཕུད་གསུམ་རེར་ཆེ་བསྟོད་བྱ་དགའ་སྤྲད་ཡོད་འདུག

སྐད་ཡིག་འགྲན་བསྡུར་མཛད་སྒོའི་ཐོག་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང་། སུད་སི་སྐུ་ཚབ་དོན་གཅོད། ས་གནས་འཐུས་མི་རྣམས་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་ས་གནས་བོད་རིགས་ ༢༠༠ ལྷག་འདུ་འཛོམས་གནང་ཡོད་ཅིང་། འགྲན་བསྡུར་གྱི་གཟུ་དཔང་བ་དག་ནི་རི་ཁོན་མཁན་རིན་པོ་ཆེའི་སྐུ་ཚབ་སློབ་དཔོན་ལགས་དང་། ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས། ཝ་ན་མཐོ་སློབ་གྱི་སློབ་ཟུར་སྐལ་བཟང་ལགས་བཅས་གསུམ་ཡིན་འདུག

ཐེངས་འདིའི་སྐད་ཡིག་འགྲན་བསྡུར་ཀྱི་སྡེ་ཚན་དང་པོའི་གཏམ་བཤད་ནང་། ཨང་དང་པོ་ས་གནས་བྷ་སལ་བོད་སློབ་གྱི་སློབ་ཕྲུག་བསྟན་འཛིན་ཆོས་རྒྱལ་དང་། ཨང་གཉིས་པ་ས་གནས་ལུ་རྫན་ཀྱི་སློབ་ཕྲུག་ཁང་སར་བསྟན་འཛིན་འཆི་མེད། ཨང་གསུམ་པ་ས་གནས་ཛུ་རིག་གི་སློབ་ཕྲུག་ཆོས་རྒྱལ་རྙུང་མར་ཚང་བཅས་ཡིན་ཞིང་། སྡེ་ཚན་གཉིས་པའི་སྙན་ཚིག་འགྲན་བསྡུར་ནང་། ཨང་དང་པོ་གཉིས་ཡོད་པ་ནི་ས་གནས་ལུ་རྫན་གྱི་སློབ་ཕྲུག་བཀྲེ་བཀྲེ་བསྟན་འཛིན་བུ་ཁྲིད་དང་ས་གནས་རི་ཁོན་གྱི་སློབ་ཕྲུག་མཁར་རུ་ཤར་བསྟན་འཛིན་སྒྲོལ་མ། ཨང་གཉིས་པ་ས་གནས་ས་གནས་སོ་ལོ་ཐོན་སློབ་ཕྲུག་ངག་དབང་ཆོས་སྐྱིད། ཨང་གསུམ་པ་ས་གནས་སོ་ལོ་ཐོན་སློབ་ཕྲུག་འཆི་མེད་སྒྲོལ་དཀར་བཅས་ཡིན་པ་དང་། སྡེ་ཚན་གསུམ་པའི་དག་ཆ་འགྲན་བསྡུར་ནང་། ཨང་དང་པོ་གཉིས་ཡོད་པ་ནི་ས་གནས་ལུ་རྫན་གྱི་སྐལ་བཟང་ཚང་བསྟན་འཛིན་ལྷ་སྒྲོན་དང་ས་གནས་ཛུ་རིག་ནས་ཡིན་པའི་སློབ་ཕྲུག་ཉི་ཟླ་སངས་རྒྱས་པ་རི། ཨང་གཉིས་པ་ས་གནས་རི་ཁོན་སློབ་ཕྲུག་ལྷབས་ཕྱུག་བསྟན་འཛིན་ཚེ་སྐྱིད། ཨང་གསུམ་པ་ས་གནས་སོ་ལོ་ཐོན་གྱི་སློབ་ཕྲུག་ཚེ་གསང་ཁ་རོལ་བསོད་ནམསབཅས་ཡིན། སྡེ་ཚན་བཞི་བའི་འཁྲབ་སྟོན་ནང་། ས་གནས་སིངྒ་ལེན་བོད་སློབ་དང་། ཨང་གཉིས་པ་ས་གནས་ལུ་རྫན་བོད་སློབ། ཨང་གསུམ་པ་འ་གནས་སོ་ལོ་ཐོན་བོད་སློབ་བཅས་རེད།

ཐེངས་འདིར་སུད་སིའི་བོད་ཕྲུག་ཚོར་བོད་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཐད་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི། འདི་ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སུད་སིའི་ནང་ཆིབས་བསྒྱུར་སྐབས། ཡུ་རོབ་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་དགྱེས་འཛོམས་ཐོག་གྲོས་ཆོད་དོན་ཚན་ ༥ བཞག་ཡོད་པའི་དགོངས་དོན་བཞིན། ལོ་ལྟར་ཡུ་རོབ་སུད་སིའི་ནང་འཚར་ལོང་འབྱུང་བཞིན་པའི་བོད་པའི་ཕྲུ་གུ་ཚོའི་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་ཆེད། བོད་སྐད་འགྲན་བསྡུར་ཐེངས་རེར་འཚོགས་རྒྱུ་དང་། སུད་སི་བོད་སློབ་ཁག་གི་འགན་འཛིན་དགྱེས་འཛོམས་ཐོག་ལོ་ལྟར་ས་གནས་བོད་སློབ་ཁག་ལྔ་རེ་མཉམ་འཛོམས་ཀྱིས་གོ་སྒྲིག་ཞུ་རྒྱུ་གཏན་ཁེལ་ཡོད་པ་བཞིན། ད་ལོའི་གོ་སྒྲིག་པ་ས་གནས་སོ་ལོ་ཐོརན་དང་། ལུ་རྫན། བྷ་སལ། ཨར་རྒོའོ། ལོའོ་སན་བཅས་ཀྱི་བོད་ཡིག་སློབ་གྲྭ་ཁག་གིས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། མ་འོངས་པར་ལོ་ལྟར་བོད་སློབ་ཁག་ལྔ་རེའི་ཆ་བགོས་ཀྱིས་མུ་མཐུད་གོ་སྒྲིག་ཞུ་འཆར་ཡོད་འདུག

 

གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༦ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese