མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྭཊ་པོ་བཀའ་བརྒྱུད་ནང་གཞན་སྟོང་འདོད་མཁན་མང་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཉིས་པ་དེ་ཟླ་སྔོན་མའི་ཚེས་ ༢༨ ནས་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་དུ་ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་ཉིན་བདུན་རིང་གི་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཉིས་པ་འཚོགས་བཞིན་ཡོད་པ་དང་། དེར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་ཁྱོན་ ༥༠༠ ནས་ ༢༠༠༠ ལྷག་ཞུགས་ཡོད་འདུག ཉིན་ལྔ་བའི་སྨོན་ལམ་གྱི་ཚོགས་མགོན་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཏེ། རིས་མེད་ཆོས་བརྒྱུད་ཁག་གི་བླ་མ་གོང་མ་རྣམས་ཀྱི་དམ་ཚིག་གཅིག་འབྲེལ་དང་ཇོ་ནང་དགོན་སྡེ་ཁག་གི་སློབ་གཉེར་གནང་ཕྱོགས་བཅས་ཀྱི་ཐོག་བཀའ་སློབ་གནང་ཡོད་འདུག

ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་རྒྱལ་བ་ཀརྨ་པ་མཆོག་གིས། “སྤྱིར་རང་རེ་བོད་གངས་ཅན་ལྗོངས་ལ་བླ་མའི་མཚན་མི་འདྲ་བ་དང་། དགོན་པའི་ཆགས་རབས་མི་འདྲ་བའི་ཐོག་ནས་ཆོས་བརྒྱུད་ཀྱི་མིང་མི་འདྲ་བ་བྱུང་བ་རེད་མ་གཏོགས། དོན་ལ་རྒྱ་གར་འཕགས་ཕའི་ཡུལ་ནས་སངས་རྒྱས་ཀྱི་བསྟན་པ་གཅིག་མར་བརྒྱུད་ཡོད་པ་ལས། བསྟན་པ་ཁ་ཁ་སོ་སོ་ཞིག་ཡོད་པ་མ་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་པ་གཅིག་པ་རེད། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་གཅིག་པ་ཆགས་བསྡད་ཡོད་རེད། སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པའི་གནད་མཁྱེན་པ་བྱས་ཏེ་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་དྲན་གྱིན་ཡོད” ཞེས་གསུངས་ཡོད་འདུག  

ཡང་ཁོང་གིས་མུ་མཐུད་དུ་ཇོ་ནང་དང་དྭགས་པོ་བཀའ་བརྒྱུད་གཉིས་བར་གྱི་འབྲེལ་ལམ་སྐོར་གསུངས་དོན། “ལྷག་པར་དུ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་དང་། མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་ཆོས་བརྒྱུད་གཉིས་ལ་མཚོན་པ་ཡིན་ན། ཕན་ཚུན་ལས་དང་སྨོན་ལམ་གྱིས་དམ་ཚིག་གི་འབྲེལ་བ་ཟབ་མོ་ཞེ་དྲག་ཆགས་བསྡད་ཡོད་རེད། དེ་རེ་རེ་བཞིན་དེ་རིང་འདིར་ངས་ཞུ་བའི་གོ་སྐབས་མི་འདུག་སྟེ། རྒྱལ་བ་ཇོ་ནང་པས་བཤད་པའི་གཞན་སྟོང་གི་ལྟ་གྲུབ་དེ་དྭགས་པོ་བཀའ་བརྒྱུད་ཀྱི་ཕྱོགས་ལ་ཡང་རང་གི་དགོངས་པའི་མཐར་ཐུག་ཏུ་བཞེད་པའི་མཁས་གྲུབ་མང་པོ་ཞིག་བྱུང་པ་རེད། ལྷག་པར་དུ་ཀརྨ་ཀམ་ཚང་ནང་ལོགས་ལ་ཡང་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ། དེ་བཞིན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ལ་སོགས་པ་ཚད་མར་གྱུར་པའི་མཁས་གྲུབ་མང་པོ་ཞིག་གིས་རང་གི་ལྟ་བའི་མཐར་ཐུག་དེ། གཞན་སྟོང་དབུ་མ་ཆེན་པོར་བཞེད་ནས་འཇིགས་མེད་སེང་གེའི་སྒྲ་ཆེན་པོ་བསྒྲགས་པ་ཡོངས་སུ་གྲགས་བསྡད་པ་དེ་འདྲ་རེད། དེ་བཞིན་ཇོ་ནང་གི་སྦྱོར་དྲུག་ལ་སོགས་པ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་མཉམ་ལེན་དེ་ཚོ་དངོས་གནས་གཞན་དང་མ་འདྲ་བའི་མཉམ་ལན་གྱི་རྒྱུན་ཉམས་པ་མེད་པ་དེ་འདྲ་ཅིག་ཡོད་པ་དེ་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་ཀྱང་བསྟོད་བསྔགས་ཀྱི་ཡུལ་འདྲ་བོ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ལྟ་བ་རེད། དེ་བཞིན་གསང་སྔགས་ཀྱི་ཉམས་ལེན་རེད། གང་ཅིའི་ཆ་ནས་ཡིན་ནའང་གཞན་དང་མཚུངས་ཟླ་མ་མཆིས་པའི་ཆོས་བརྒྱུད་ཅིག་ཆགས་བསྡད་ཡོད་རེད།” ཞེས་སོགས་བཀའ་སློབ་གནང་ཡོད་འདུག

དཔལ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཞེས་པ་འདི་ནི། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༠༠ ལོར་ཐོག་མར་གསར་འཛུགས་མཛད་ཅིང་། ཐེངས་འདི་སྐབས་བཅུ་གཉིས་པ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese