མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་རམ་ས་ལའི་བོད་མིའི་སྡོད་ཁང་ ༢༡༠ གཏོར་འཆར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཧི་མ་ཅྰལ་མངའ་སྡེའི་སིམ་ལ་ཁྲིམས་ཁང་གིས། བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་བོད་མིའི་སྡོད་ཁང་ ༢༡༠ གཏོར་རྒྱུའི་ཉན་ཞིབ་ཀྱི་དུས་ཡུན་ཕྱི་ཟླ་ ༣ ཚེས་ ༢༧ བར་འཕར་འགྱངས་བྱས་ཡོད་འདུག

སིམ་ལ་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། སྔར་ལོ་རྒྱ་གར་ཧི་མྰ་ཅལ་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱིས་རྡ་རམ་ས་ལའི་མེག་གྷན་ཁུལ་གྱི་བོད་མིའི་ཁྱིམ་ཚང་ ༢༡༠ ལ། ཤིང་ནགས་ས་ཆ་ཧམ་བཟོས་བྱས་ཡོད་ཚུལ་དང་། གང་མགྱོགས་ཕྱིར་ཕུད་དགོས་པའི་བཀའ་རྒྱ་འབྱོར་ཡོད་པ་མ་ཟད། ཧི་མ་ཅྰལ་མངའ་སྡེའི་སིམ་ལ་ཁྲིམས་ཁང་ (National Green Tribunal) གིས། ༢༠༡༣ ལོའི་ཟླ་ ༧ ཚེས་ ༢༩ ཉིན་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་བཀའ་ཕེབས་པ་ལྟར། ཞིབ་འཇུག་ཚོགས་ཆུང་ཞིག་ངྷ་རམ་ས་ལར་ཡོང་སྟེ་ཞིབ་འཇུག་ཞིབ་ཕྲ་གནང་བའི་སྙན་ཐོའི་ནང་དུའང་། བོད་མི་རྣམས་ཀྱིས་ཤིང་ནགས་ཀྱི་ས་ཆ་བཟུང་བ་དང་ཤིང་ནགས་གཅོད་འདྲེག་བྱས་ཡོད་ཚུལ་དང་། ཁང་པ་ཐོག་རྩེགས་མང་པོ་བརྒྱབ་ཡོད་པ་དང་བྲག་རྡོའི་ཐོག་རི་མོ་འདྲ་མིན་བརྐོས་པ། ཤིང་ནགས་ས་ཆའི་ཐོག་དར་ལྕོག་སོགས་བཙུགས་ཏེ་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་ཚུལ་སོགས་བཀོད་འདུག

དེའི་རྗེས་སིམ་ལ་ཁྲིམས་ཁང་གིས་བོད་མིའི་བྱེད་སྒོ་མཐའ་དག་མཚམས་འཇོག་དགོས་པ་མ་ཟད། ཤིང་ནགས་སྲུང་སྐྱོབ་ལས་ཁུངས་ནས་ཁང་པ་ག་ཚོད་གཏོར་ཚར་མིན་དང་། ལག་བསྟར་ཇི་བྱུང་གི་སྙན་ཐོ་ཁྲིམས་ཁང་ལ་འབུལ་དགོས་པའི་བཀའ་ཕེབས་སྟབས། ཤིང་ནགས་སྲུང་སྐྱོབ་ལས་ཁུངས་ཀྱིས་སྙན་ཐོའི་ནང་ཁང་པ་དེའི་རིགས་གཏོར་རྒྱུ་ཡིན་པ་དང་། གཏོར་ཚར་རྗེས་ཞིག་རོ་གཡུག་ས་སོགས་འཆར་གཞི་སྒྲིག་བྱེད་བཞིན་པའི་སྐོར་ལན་འདེབས་སོགས་བྱས་ཏེ། བོད་མི་ཚོ་གནས་ཐུབ་དང་མི་ཐུབ་ཀྱི་ཛ་དྲག་གི་གནས་སུ་བསླེབ་ཡོད་འདུག

གནས་སྟངས་དེའི་ཐད་སྔར་ལོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་དབུ་འཁྲིད་འོག ནང་སྲིད་ལས་ཁུངས་དང་ངྷ་ས་ས་གནས་མགོ་འཛིན། སིམ་ལ་ས་གནས་མགོ་འཛིན་ལས་ཁུངས་བཅས་ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་པའི་དཔོན་རིགས་ཆེ་ཕྲ་ཁག་ལ་ཞུ་གཏུགས་ལན་མང་གནང་ཡོད་ཀྱང་། གནས་ཚུལ་ཛ་དྲག་ཆེ་རུ་གྱུར་ཏེ་ནང་སྲིད་བཀའ་བློན་མཆོག་གིས་ལྡི་ལིར་རྒྱ་གར་དབུས་གཞུང་ལ་ཞུ་གཏུགས་དང་། སིམ་ལར་ཡོད་པའི་ཁྲིམས་རྩོད་པ་དང་མཇལ་འཕྲད་བཅས་གནང་རྗེས། ཉེ་ལམ་སིམ་ལ་ཁྲིམས་ཁང་གིས་རྗེས་མའི་ཉན་ཞིབ་ཀྱི་དུས་ཚོད་ ༢༠༡༤ ལོའི་ཟླ་ ༣ ཚེས་ ༢༧ བར་འཕར་འགྱངས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 9

  1. སེངྒེ་ says:
    ལོ་ 12 སྔོན།

    སྦེལ་རྗམ་དུ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཡོད་འདུག
    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
    དེང་སྐབས་ཡུ་རུབ་སྦེལ་རྗམ་དུ་བསྐྱོད་པའི་བོད་མི་ཚོར་གཞུང་གིས་ཡིག་ཆ་མ་སྤྲད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཉེ་ཆར་ནས་བོད་མི་མང་པོ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཡོད་འདུག

    གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༡༤ ལོའི་ཕྱི་ཟླ་༡ ཚེས་ ༡༠ ཉིན་སྦེལ་རྗམ་བྷུ་རུ་ཧུ་ས་གནས་ནས་སྦེལ་རྗམ་གྱི་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་རྩོད་པ་བྱེད་སའི་སྐྱབས་བཅོལ་མ་རག་མཁན་བོད་མི་༡༥ ཙམ་ཞིག་བསྡུ་བསྐོང་གིས། དེང་སྐབས་སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མི་རག་པའི་དཀའ་ངལ་སྐོར་འགྲེལ་བཤད་སྐབས། འདས་ལོའི་ནང་སྦེལ་རྗམ་དང་སུད་སའི་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་གར་སོགས་བོད་མིའི་སྤྱི་ཚོགས་སུ་གཟིགས་སྐོར་ལ་ཕྱིན་པ་དང་། རྡ་ས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་བློན་རྒྱ་རི་སྒྲོལ་མ་བཅས་ལ་མཇལ་འཕྲད་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སྐབས་རྒྱ་གར་དུ་བོད་མི་ཚོར་དཀའ་ངལ་གང་ཡང་མེད་སྐོར་བརྗོད་འདུག་ཅེས་གསུངས་འདུག
    གཞན་ཡང་ཁྲིམས་རྩོད་པ་ཞིག་གིས་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་(RC) སྤྲོད་བཞིན་ཡོད་པ་དེའི་སྐྱབས་བཅོལ་དང་པོ་རྒྱ་གར་ལ་ཞུས་པ་མཚོན་གྱི་ཡོད་པ་དང་། སྦེལ་རྗམ་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་གཉིས་པ་ཞུ་མཁན་ཚོར་སྐྱབས་བཅོལ་སྤྲད་ཀྱི་མེད་སྐོར་བརྗོད་ཡོད་འདུག

    གང་ལྟར་དེང་སྐབས་སྦེལ་རྗམ་ནང་སྐྱབས་བཅོལ་ཞུས་ནས་སྣེ་ལེན་ཁང་དུ་ཡོད་པའི་བོད་མིའི་གྲངས་འབོར་ ༤༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས། འདས་པའི་ཟླ་གཉིས་ཕྱེད་ཙམ་གྱི་ནང་ཁོ་ནར་ཡིག་ཆ་ནག་པོ་ཆགས་ཟིན་པ་སྟེ། སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་ ༤༠ བརྒལ་ཟིན་ཡོད་པའི་གནས་ཚུལ་འདུག

    དེང་སྐབས་སྦེལ་རྗམ་དུ་སྐྱབས་བཅོལ་མ་རག་པའི་བོད་མི་རྣམས་ཀྱིས་འཕྲིན་ཕྲན་ཐོག་ཚོགས་པ་ཞིག་བཙུགས་ཏེ་ཕན་ཚུན་གང་དགོས་ཅི་དྲག་གྲོས་བསྡུར་བྱེད་བཞིན་འདུག་ལ། འཕྲིན་ཕྲན་ཚོགས་པ་དེའི་ནང་མི་གྲངས་ ༢༥ ཡོད་པ་དང་། ད་དུང་འཕྲིན་ཕྲན་མེད་མཁན་དང་ཡོད་ཀྱང་འབྲེལ་བ་བྱེད་མ་ཐུབ་ས་གང་མང་ཡོད་འདུག སྐྱབས་བཅོལ་མ་རག་པའི་བོད་མི་ཁག་ཅིག་བྷུ་རུ་ཟུལ་བོད་མིའི་དོན་གཅོད་དུ་བཅར་ནས་བདེ་སྡུག་སྙན་སེང་དང་ལམ་སྟོན་ཞུས་པར། དོན་གཅོད་ཀྱིས་ཁོང་རྣམ་པ་ཕྱི་ལ་མ་ཐོན་པར་ནང་ནས་གང་བྱེད་རྒྱུ་འདུག་ལྟ་ཆོག་གི་རེད་ཅེས་གསུངས་ཡོད་འདུག

    དེང་སྐབས་སྦེལ་རྗམ་དུ་སྐྱབས་བཅོལ་མི་རག་པའི་རྒྱུ་མཚན་ནི་འདས་ལོའི་ནང་བོད་མིའི་སྒྲིགས་འཛུགས་ཀྱི་འབྲེལ་དཔོན་རིགས་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རང་སོགས་གཞུང་འབྲེལ་གཟིགས་སྐོར་བ་ཚོ་ཕར་ཕེབས་ཚུར་ཕེབས་སྐབས་སུ་རྒྱ་གར་ནང་བོད་མི་ཚོར་དཀའ་ངལ་མེད་སྐོར་དང་། རྒྱ་གར་ཀྱི་rcསྤྲོད་བཞིན་པ་དེས་བོད་མིར་ཐོབ་ཐང་དང་རང་དབང་། འཚོ་བ་བཅས་ཀྱི་ཐད་འགན་ཁུར་ཡོད་པ། ད་དུང་དཀའ་ངལ་ཡོད་མཁན་ཚོ་ཁེ་ན་ཌ་དང་ཨ་རི་སོགས་སུ་གཞུང་འབྲེལ་ཀྱི་སྐྱབས་བཅོལ་གཏོང་བཞིན་ཡོད་སྐོར་བརྗོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་གླེང་སློང་བྱེད་བཞིན་འདུག

    སྦེལ་རྗམ་དུ་སྐྱབས་བཅོལ་མ་རག་པ་ཡིན་ན་ཁྲིམས་མཐུན་སྡོད་གནས་དང་ལས་ཀ་སོགས་གང་ཡང་རག་གི་མེད་པས་མ་ཚད། འཚོ་བའི་མདུན་ལམ་བཅས་སུ་དཀའ་ངལ་འཕྲད་ཀྱི་ཡིན་པ་རེད།

    ཡང་གནས་ཚུལ་གོ་ཐོས་ལྟར་ན། སྦེལ་རྗམ་དུ་བོད་མི་སྐྱབས་བཅོལ་བ་གཅིག་པུ་མ་ཡིན་པར། མི་རིགས་གཞན་གྱི་སྐྱབས་བཅོལ་བ་ཚོ་ལ་ཡང་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཡང་འདུག

    སྦེལ་རྗམ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བའི་སྐྱབས་བཅོལ་བ་ཚོར་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཇི་ནི་ཝར་ལྷན་ཚོགས་སྐབས་ཀྱི་སྐྱབས་བཅོལ་ཐོབ་ཐང་དང་འབྲེལ་བའི་འབྲེལ་ཡོད་གྲོས་ཆོད་དང་། ཕྱི་ལོ་ ༡༩༨༠ ཟླ་ ༡༢ པའི་ ༡༥ པའི་ཁྲིམས་ཡིག་དོན་ཚན་ ༤༨ པ་ཡིག་ཆ་ཨང་ ༤ པ་ནང་གསལ་བཅས་ཀྱི་ཁྲིམས་ལུགས་ལྟར། མི་རིགས་དང་ཆོས་ལུགས། རྒྱལ་ཁབ། དམིགས་བསལ་སྤྱི་ཚོགས་ཀྱི་ཚོགས་པའི་ཐོབ་ཐང་། ཡང་ན་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུ་མཚན་དུ་བྱས་ནས་སྡུག་སྦྱོང་དང་བཙན་གནོན་གྱི་ཞེད་སྣང་ཡོད་པ་དང་། དེར་སོ་སོའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་མེད་པའམ། ཡང་ན་དེ་འདྲའི་འཇིགས་སྣང་ཡོད་པར་སོ་སོའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་མི་བྱེད་པའི་མི་དག་དང་། གཞན་ཡང་རྒྱལ་ཁབ་མེད་པ་དང་སོ་སོའི་སྡོད་ཡུལ་རྙིང་པ་ནས་ཀྱང་མཐུན་རྐྱེན་རོགས་སྐྱོར་བྱེད་མི་ཐུབ་པའམ། དེར་ཡང་འཇིགས་སྣང་ཡོད་མཁན་སོགས་ལ་སྐྱབས་བཅོལ་སྤྲོད་ཀྱི་ཡོད་པ་རེད་འདུག

    གཞན་ཡང་སྦེལ་རྗམ་གྱི་ཁྲིམས་ལུགས་ལྟར་ ༡༩༨༠ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་ནས་རྒྱལ་ཁོངས་སུ་འཛུལ་བ་དང་། དེ་བཞིན་རྒྱལ་ཁབ་གཞན་ནས་ཕྱིར་ཕུད་བཏང་བའི་མི་རྣམས་ལ་གཞིར་བཞག་སྟེ། ཁྲིམས་ལུགས་ལྟར་ ༢༠༠༤/༨༣/EC/ཕྱི་ལོ་ ༢༠༠༤ ཟླ་ ༤ ཚེས་ ༢༩ ཉིན་གཞི་རྩའི་སྤུས་ཚད་དམ་འདང་ངེས་ཀྱི་ཆ་རྐྱེན་ནམ། རྒྱལ་ཁབ་གསུམ་པ་དེའི་ཐོབ་ཐང་ངམ་རྒྱལ་ཁབ་མེད་པའི་མི། དཔེར་ན་སྐྱབས་བཅོལ་བའམ་རྒྱལ་སྤྱིའི་སྲུང་སྐྱོབ་དགོས་པ་རྣམས་ལ་སྲུང་སྐྱོབ་ཀྱི་ཆོག་མཆན་དང་། ཁ་གསབ་སྲུང་སྐྱོབ་ཀྱི་རོགས་སྐྱོར་བཅས་གནང་གི་ཡོད་པ་རེད་འདུག

    མཐའ་མའི་བསྐྱར་བཅོས། ( ‘2014, 01, 17’ )
    གསར་འགྱུར་འདིར་བང་ཆེན་དུ་འཁོད་འདུག་པས་རྫུན་མ་ཡིན་རྒྱུ་མ་རེད་སྙམ

    Reply
  2. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    ཡུལ་མི་དང་སྐྱབས་བཅོལ་བའི་ཐོབ་ཐང་མི་འདྲ་བས། བོད་མི་ཚོས་ཁྲིམས་འགལ་གྱིས་ནགས་སར་ཁང་པ་བསྐྲུན་པ་དང་། རྒྱ་གར་བས་མངོན་སུམ་འཛེམ་མེད་ཀྱིས་ཤིང་སྡོང་སྡེབ་གཅོད་བྱས་ཏེ་ཤུལ་དུ་ཁང་བ་བརྒྱབ་པ་ལ་ཁྲིམས་ལུགས་ལག་བསྟར་སྟངས་མི་འདྲ་བ་ཡིན། ཁྲིམས་འགལ་ཡིན་པ་འདྲ་འདྲ་ལ་ཁྲིམས་ལུགས་ཀྱིས་ཕྱོགས་རིས་བྱེད་པ་འདི་ལས་བོད་མི་ཚོས་རང་ཉིད་སྐྱབས་བཅོལ་ཡིན་པ་དྲན་སྐུལ་བྱས་པ་མིན་ནམ། གང་ལྟར་རྡ་རམ་ས་ལའི་བོད་མི་ཇེ་ཉུང་ནས་ཇེ་ཉུང་་་་་་་་་་་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྒེར་པ་དང་། ས་གནས་རྒྱ་གར་གཞུང་ལ་གཉིས་སྨན་ཅིག་དགོངས་པ་བཞེས་ནས་ཐག་གཅོད་ཅིག བྱས་མ་ཐུབ་ན། སྡོད་ཁང་༢༡༠ཡི་བདག་པོར་གྱོང་གུན་ཤིན་ཏུ་ཆེ་བ་ཙམ་མ་ཟད། ས་གནས་གཞུང་ལ་ཡང་གཏོར་བཅོམ་འགྲོ་སོང་དང་། གད་སྙིད་སྔར་མེད་གསོག་འཇོག་གིས། འབྱུང་འགྱུར་ཡུལ་འཁོར་སྤྲོ་འཁྱམས་ཡོངས་བབ་ལ་ཡང་། སྤྱི་སྒེར་གཉིས་ཀར་གྱོང་གུན་ཚདལས་འདས་པ་ཅིག་འོངས་མི་སྲིད་ཅིག་མིན་པས་་་་་་་་་་་་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཁྲིམས་མེད་ཁང་བརྩེགས་ཟིན་པ་རྣམས་ལ་དངུལ་གྱིས་ཆད་པ་སྤྱད་ནས། བོད་མི་སྒེར་བ་ཚོ་དང་། རྒྱ་གར་ས་གནས་གཞུང་གཉིས་ཀ་ལ། གཉིས་སྨན་ཡོང་སྲིད་པ་དང་།
    ཕྱིས་སུ་དེ་ལྟར་མི་འོངས་པའི་བཙན་ཁྲིམས་ཁ་གསལ་ཅིག བོད་མིའི་སྒྲིག་འཇུགས་དང་སྦྲག བཟོ་ཐུབ་པ་བྱ་རྒྱུ་ཅིག ད་ལྟའི་འགན་འཁྲིས་བཞིན་པའི་སྲིད་སྐྱོང་སོགས་ལ་འགན་ཆེན་པོ་ཅིག་བབས་པ་མིན་ནམ། ལགས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཉེས་པ་ལ་ཉེས་ཆད་ཕོག་པ་ཆོས་ཉིད་ཡིན་ན་ཡང་། ང་ཚོ་བོད་རིགས་འུ་ཐུག་བཙན་བྱོལ་བ་ཡིན་པས། ཁྲིམས་ཟུར་ལས་ཐར་ཐབའ་ཅིག་ཡོད་ངེས་པས། དེ་གང་མགྱོགས་བཙལ་བའི་དུས་ལ་བབས་པ་རེད་དོ།།

    Reply
  6. གནས་ཚང་། says:
    ལོ་ 12 སྔོན།

    ད་ཐབས་ལམ་གཅིག་འདུག ནང་ཚང༢༡༠མཉམ་རུབ་ཀྱིས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་ནས་སྐྱབས་བཅོལ་ཞུ་དགོས་པ་རེད། དེ་ལྟར་ཁང་བ་སྲུང་ཐུབ་སྲིད་ལ། མ་ཐུབ་ཀྱང་ཨ་རིར་གནས་སྤོར་ཐུབ་པས། སྡོད་ཁང་དགོས་ཡ་མི་འདུག

    Reply
  7. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། འཛམ་བུ་གླིང་གི་བཙན་བྱོལ་བ་དང་། སྐྱབས་བཅོལ་བ། ཡུལ་གྱར་བ་འདྲ་འདྲའི་ནང་གི་སུ་དང་གང་ལའང་མི་འདྲ་བར། ང་ཚོ་བོད་གཞིས་བྱེས་གཉིས་ལ་སེམས་ཀྱིས་གཏད་ས་དང་། མིག་གིས་ལྟ་ས། ཆིག་སྒྲིལ་གྱི་ལྟེ་གནས། གཞིས་བཞུགས་ཀྱི་ངོ་ཚབ། བྱེས་གྱར་གྱི་དབུ་ཁྲིད་གཞུང་ངམ་སྒྲིག་འཛུགས་ཤིག་ཡོད་པ་ཙམ་གྱིས་ཧ་ལས་པའི་དོན་བཟང་དང་། ཡ་མཚན་པའི་མཛད་རྗེས་ཡིན་པ་སྨྲོས་མ་དགོས་པ་རེད། དེ་ལས་ཀྱང་ད་ལྟའི་སྲ་ཐག་ཐག་གི་མང་གཙོ་ཡང་དག་གི་སྒྲིག་འཛུགས་གཞུང་འདི་ལྟ་བུ་ནི་ང་ཚོའི་བསོད་ནམས་ཀྱིས་ཐེག་ན་སྲོག་བསྡོས་ཀྱི་སྲུང་བྱ་ཁོ་ན་ཡིན་པར་ངོས་འཛིན་བྱས་ཡོད། ཉེ་བའི་ལོ་ཤས་ནས་གུས་དམན་པ་རང་ཡུ་རོབ་སྦེལ་ལྗམ་དུ་ཡོད་སྐབས་ལ་དཔལ་ལྡན་རང་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་བཀའ་བློན་རྣམ་པ་དང་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་སྤྱི་འཐུས་མང་ཙམ་ཞིག་བཅས་ཐེངས་མང་ཙམ་ལ་བོད་དོན་ཕྱོགས་སྐྱོད་གནང་ནས་ནུབ་ཡུ་རོབ་གླིང་ལ་ཕེབས་བྱུང་། ཁོང་རྣམ་པའི་བོད་མིར་མཇལ་འཕྲད་དང་ཚོགས་འདུ་སོགས་རབས་དང་རིམ་པ་གནང་བའི་ཆ་ཤས་དམན་པ་ཁོ་བོས་ཀྱང་བླངས་པ་ཡིན། བཀུར་འོས་གོང་གསལ་བ་རྣམ་པ་དང་།སྤེལ་ལྗམ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གཅིག་ལས་གཅིག་ལྷག་གི་གསུང་བཤད་དག་གིས་རེ་བ་དང་སེམས་ཤུགས་ལ་དབུག་འབྱུང་དང་སྐུལ་མ་ཐེབས་ཀྱིན་འདུག སྨོན་པ་དང་ཡིད་ཆེས་གནང་གིན་འདུག སྤོབས་པ་དང་ལ་རྒྱ་སློང་གིན་འདུག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་པ་གཉིས་ལ་ནི་སྔོན་མ་ནས་བློ་ཐུབ་ཡིད་ཆེས་ཆེན་པོ་ཡོད་ལ་འདི་ནས་ཕར་ཉན་ན། རྒྱ་གར་ནང་དུ་ཡིག་ཆ་དང་ཁྲོམ་ས།རླངས་རྫས་ད་རེས་ཀྱི་སྡོད་ཁང་སོགས་ཀྱི་གནད་དོན་ཕྲ་རག་ཐམས་ཅད་ལ། ཐག་གཅོད་ཀྱི་འཇོན་ཐང་།གདོང་ལེན་གྱི་གདེང་ཚོད། དཀའ་སེལ་གྱི་ཐབས་རྩལ་སོགས་ཡོད་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད། ཁོང་རྣམ་པ་ཡུ་རོབ་ཁག་ལ་ཕེབས་སྐབས་ཀྱི།སྙིང་གཏམ་སྙན་པར་གདལ་བའི་གསུང་བཤད་དང་། ལྷག་བསམ་ལྷོག་ལྷོག་འཕྱུར་བའི་འབོད་སྒྲ་དག་ལ་ནི།ཨ་མའི་གམ་ན་དགྲ་མེད་པ་དང་། འོ་མའི་ནང་ན་དུག་མེད་པ་གསལ་བོ་ཡིན་ན་ཡང་། ཉེ་ཆར་སྟབས་མ་ལེགས་པར་སྦེལ་རྗམ་ཕྱི་འབྲེལ་འགོ་ཁྲིད་དང་སྐྱབས་ལེན་གནད་ཡོད་མི་སྣར་འཕོ་འགྱུར་བརྒྱུད་ཡུལ་ཁྲིམས་ལ་འགྱུར་བ་ཐེབས་ནས། སྲོག་གི་ཉེན་ཁ་མེད་རིགས་སྐྱབས་བཅོལ་ལེན་རྒྱུར་ཚད་བཀག་བྱུང་སྟེ།བོད་མི་སྐྱབས་བཅོལ་བ་མི་ཉུང་བ་ཞིག་ལ་ཡིག་ཆ་ནག་པོ་ཆགས་པ་དེར། ཆབ་གནག་སྐབས་འཚོལ་རིང་ལུགས་པ་དག་གིས། བསམ་མེད་གཡམ་རྒྱུག་རིང་ལུགས་པ་དག་ལ་འུར་ཞོགས་བསླངས་ནས། གཞུང་དང་མི་དམངས་བར་གྱི་ཡིད་ཆེས་དང་། དབུ་ཁྲིད་དང་མི་སེར་བར་གྱི་བརྩེ་བ། དུས་སྐབས་གཉན་འཕྲང་ཅན་གྱི་འགག་མཚམས་འདིར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་སོགས་ལ་གཏོར་བཤིག་དང་། བོད་མིའི་སྤྱི་ཚོགས་འཆམ་མཐུན་ལ་འགལ་བ་སོགས་འབྱུང་བའི་དཀྲོག་གཏམ་མང་ཙམ་བརྒྱུལ་ལམ་འདྲ་མིན་དུ་འགྲོ་བཞིན་པ་ནི་དགྲ་དགའ་གཉེན་སྡུག་གི་གནས་སོ།།

    Reply
  8. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    འདི་འདྲ་ཡོང་གི་རེད་་་་་ད་དུང་གཟབ་གཟབ་མ་བྱས་ན་འདི་ལས་ཀྱང་སྡུག་ཅིག་ཡོང་རྒྱུའི་ཉེན་ཁ་འདུག་་་་དྲང་མོ་བཤད་ན་ང་ཚོ་བོད་པ་ཚོས་ཚོད་ཐུག་གི་མི་འདུག དེ་འདྲ་མ་བྱེད་ཅེས་ལོ་མང་པོའི་གོང་ནས་རྒྱ་གར་གཞུང་གིས་ཐེངས་མང་ཉེན་བརྡ་བཏང་བ་རེད་་་ཡིན་ནའང་བོད་པ་ཚོས་སྣང་མེད་བཞགས་ནས་སོ་སོ་གཅིག་པོའི་ཁེ་བཟང་ལས་བོད་སྤྱི་བའི་དོན་ལ་བསམ་བློ་མ་བཏང་བ་རེད་་་མཚན་མོ་ཤིང་ནགས་བཅད་ནས་མེད་པར་བཟོས་་་ཉིན་ཤས་རྗེས་ནས་དེའི་ཤུལ་ཏུ་ཁང་པ་རྒྱ་བསྐྱེད་གང་ཐུབ་བྱས་པ་རེད་་་་ཞིབ་འཇུག་ཡག་པོ་བྱས་དུས་འུ་ཚང་ལ་ས་ཞིག་རྦད་དེ་ཡོད་པ་མ་རེད་་་་ད་དུང་ཅིག་འཇོན་ཡོད་མདོག་མདོག་བྱེད་ཀྱི་འདུག་པས་ད་འདི་ལས་ཡོང་རྒྱུ་ཡོད་པ་མ་རེད་་་་

    Reply
  9. འཇམ་བཟང་། says:
    ལོ་ 12 སྔོན།

    འོ་ཡ་ད་ཡིན་ན། གཞིས་ལུས་བོད་མི་རྣམས་ནི་རྒྱ་ནག་གིས་དྲག་གནོན་དང་སྡུག་རྩུབ་འོག་ལ་གནས་ཡོད། བྱེས་པ་རྣམས་ནི་རྒྱ་གར་གི་སྡོད་ཁང་གཏོར་ཤོར། སྙིང་རྗེ།
    ད་ང་ཚོ་གང་ན་འགྲོ་དགོས་སམ???????????????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese