མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་ལ་བསམ་བློ་ཐོངས་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ངོ་སྤྲོད་གནང་བ་ལྟར་ན། དེང་སྐབས་རྒྱལ་སྤྱིའི་ཐོག་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་སྐད་འཕྲིན་དང་ལའེན་གཉིས་རྒྱ་ནག་གི་ལག་ཆ་ཞིག་ཆགས་ཡོད་ཚུལ་དང་། ཁཱ་ཁོ་དང་ཝོསི་ཨབ་གཉིས་ཅུང་བདེ་འཇགས་ཡིན་སྐོར་ངོ་སྤྲོད་བྱས་སོང་།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣།༡༥ ཐོག་ངྷ་རམ་ས་ལའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་། བསྟི་གནས་ཁང་གི་གློག་ཀླད་ཆེད་མཁས་པ་བློ་བཟང་རྒྱ་མཚོ་སྲིད་ཐར་ལགས་རྣམ་གཉིས་ཀྱིས་༼སྲུང་འཁོར༽ཞེས་པའི་ཚགས་པར་ཞིག་འགྲེམས་སྤེལ་དང་འབྲེལ། དེང་སྐབས་བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་འབྲེལ་རིགས་ལ་དོགས་ཟོན་གཟབ་ནན་བྱ་དགོས་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང་།

བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གསར་དུ་ཐོན་པའི་བརྡ་འཕྲིན་ཚན་རྩལ་གྱི་མཉེན་ཆས་སྐད་འཕྲིན་དེ་རྒྱ་ནག་དང་རྒྱ་གར་གཙོས་རྒྱལ་ཁབ་མང་པོའི་ནང་ལོ་ན་ ༡༦ ཡན་གྱི་ན་གཞོན་དང་། ལྷག་དོན་བོད་ཕྱི་ནང་གཉིས་སུ་བཀོལ་སྤྱོད་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། ང་ཚོས་སྐད་འཕྲིན་འདི་སུས་བཟོས་མེད་དང་སུས་སྟངས་འཛིན་བྱེད་ཀྱི་ཡོད་མེད་ཧ་གོ་བ་བྱས་ཏེ་རང་སྲུང་བདེ་འཇགས་ཐོག་གཟབ་ནན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། དེ་ཡང་། ཁོ་མོས་ཉེ་ཆར་ངྷ་རམ་ས་ལར་སྡོད་མཁན་ཞིག་དང་བོད་ནང་གི་ནང་མི་ཚོ་དང་གླེང་མོལ་བྱེད་སའི་སྐད་འཕྲིན་གྱི་ཚོགས་པའི་ནང་དུ་རྒྱ་མི་ཞིག་ལྐོག་འཛུལ་བྱས་ཏེ། རྒྱ་སྐད་ཐོག་ “དེ་ལ་དུས་ཚོད་ཅི་ཙམ་རེད། ང་ལ་ད་ལྟ། ཏོག་ཙམ་རྗེས་ནས་ཆུ་ཚོད་ 12.20 །12.50 དང་། ད་དུང་1.30 བཅས་ཡོད། དུས་བགོས་ལྟར་ན་འདི་གསུམ་ཡོད། མ་གཏོགས་ད་ལྟ་རང་ལས་ཀ་མེད།” ཅེས་པ་ཞིག་བསྐུར་ཡོད་སྟབས། ནང་མི་སྤུན་མཆེད་ཚོས་ཞིབ་འཇུག་བྱས་པ་བརྒྱུད་སྐད་འཕྲིན་དེ་རྒྱ་གར་ནང་ཡོད་པའི་སྤུན་མཆེད་དེས་བཏང་བ་མིན་པ་ཤེས་རྟོགས་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་མི་སྒེར་གྱི་སྐད་འཕྲིན་ནང་སིམ་འཛུལ་གྱིས་སྐད་ཆ་དང་གནས་ཚུལ། ཆབ་སྲིད་ལས་འགུལ་བཅས་ཀྱི་སྐོར་ལ་ལྐོག་བལྟ་དང་ལྐོག་ཉན་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་སྟབས། སོ་སོའི་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ནི་སོ་སོའི་དམིགས་ཡུལ་དང་ཁེ་ཕན་སྒྲུབ་བྱེད་ཅིག་ཆགས་དགོས་པ་ལས་སོ་སོ་གཡོ་ཚོང་བྱེད་པའི་ཅ་དངོས་ཤིག་ཏུ་མི་འགྱུར་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་བརྗོད་སོང་།

 དེ་རྗེས་བསྟི་གནས་ཁང་གི་གློག་ཀླད་ཆེད་མཁས་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས། ཁོང་ཚོའི་བསྟི་གནས་ཁང་གི་ངོས་ནས་ཁེ་ན་ཌའི་གཙུག་ལག་སློབ་ཆེན་ཞིག་གི་ཆབ་འབངས་རྟོག་ཞིབ་སྡེ་ཚན་( Citizen Lab) དང་མཉམ་འབྲེལ་གྱིས་འདས་པའི་ཟླ་ཤས་རིང་ཞིབ་འཇུག་བྱས་ཏེ། ༢༠༡༣ ལོའི་ཟླ་ ༡༡ ནང་འདོན་སྤེལ་བྱས་པའི་སྙན་ཐོ་ (Asia chat; analyzing information controls and privacy in Asian messaging Application) ཞེས་པའི་ནང་། བོད་མི་ཚོས་བཀོལ་སྤྱོད་ཤུགས་ཆེན་བྱེད་བཞིན་པའི་སྐད་འཕྲིན་ ( Wechat)དང་། ལའེན་ ( Line)ཁཱ་ཁོ།( kakao) ཝོསི་ཨབ་ ( whatsup)བཞི་ཨེ་ཤ་ཡའི་ནང་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༡༠༠ ལྷག་ཡོད་པ་དང་། སྐད་འཕྲིན་དེ་རྒྱ་ནག་གིས་བཟོས་པ་དང་། ལའེན་ཉི་ཧོང་ནས་བཟོས་པ། ཀཱ་ཁཱོ་ཀོ་རི་ཡཱ་ནས་བཟོས་པ་བཅས་གསལ་བོ་བྱུང་ཡོད་ཀྱང་། ལའེན་ཞེས་པ་དེ་རྒྱལ་སྤྱིའི་ནང་ལ་བེད་སྤྱོད་གཏོང་སྐབས་འགོག་རྐྱེན་གང་ཡང་མེད་ཀྱང་། རྒྱ་ནག་དང་བོད་ནང་བེད་སྤྱོད་གཏོང་སྐབས་མཉེན་ཆས་དེ་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་དང་རྩ་རླུང་སྒོམ་སྒྲུབ་སོགས་འཚོལ་ཞིབ་བྱེད་ཐུབ་ཀྱི་མེད་སྟབས། མཉེན་ཆས་དེ་ཉི་ཧོང་ནས་བཟོས་པ་ཞིག་ཡིན་ཡང་མཉེན་ཆས་དེ་རྒྱལ་ཁབ་གཞན་གང་དག་དང་ཚོང་འབྲེལ་ཡོད་མེད་ལ་རྟོག་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་བར་རྒྱ་གཞུང་གིས་ཀོ་རི་ཡ་ནས་བཟོས་པའི་མཉེན་ཆས་ཀཱ་ཁཱོ་ལ་ཐེ་བྱུས་བྱེད་ཐུབ་མེད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཁོང་གིས་ང་ཚོས་ད་ལྟ་སྐད་འཕྲིན་གྱི་འགྲོ་སྟངས་དང་སྒྲུབ་ཚུལ་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྟབས་བསྟི་གནས་ཁང་གི་ངོས་ནས་རིམ་པས་སྐད་འཕྲིན་སྐོར་ལ་གནས་ཚུལ་གསར་པ་དེ་འདྲ་རག་པ་ཡིན་ན་གསར་འགོད་པ་ཚོར་འབྲེལ་བ་དང་མང་ཚོགས་ཚོར་གང་ཐུབ་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. དཔལ་ལྡན་བྷ་ཟླ། says:
    ལོ་ 12 སྔོན།

    ངོ་མ་ཡིད་སྐྱོ་བྱེད་རེད། ད་ལྟ་བར་དུ་ཆེད་ལས་མཁས་པ་དང་ཁྱེད་རྣམ་པ་ཚོ་གཉིད་ནས་བསྡད་པ་ཡིན་ས་རེད། ད་སུན་གི་འདུག

    Reply
  2. སེངྒེ་ says:
    ལོ་ 12 སྔོན།

    བཀྲས་མཐོང་ལྷ་སྒྲོན་ལགས་ཁྱེད་རང་ཨ་རི་ཡང་ན་ཀེ་ནཱ་ཌ་ལ་ཉིད་ཤོག་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese