མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཤར་མངའ་ཁུལ་གྱི་མི་རིཊ་དང་བོད་མིའི་སེམས་ཐག་ཉེ་རུ་གཏོང་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མའི་ནང་༧གོང་ས་མཆོག་རྒྱ་གར་བྱང་ཤར་ཨ་སམ་དང་མེ་གྷ་ལཱ་ཡ་བཅས་སུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་དུས་སྟོན་དབུ་འབྱེད་གནང་རྒྱུ་ཡིན་ཞིང་། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བཅས་ཀྱང་མཉམ་ཞུགས་གནང་འཆར་ཡོད་འདུག  

འབྱུང་འགྱུར་ཕྱི་ཟླ་ ༢ པའི་ཚེས་ ༡ ནས་ ༥ བར་༧གོང་ས་མཆོག་རྒྱ་གར་བྱང་ཤར་ཨ་སམ་དང་མེ་གྷ་ལཱ་ཡ་བཅས་མངའ་སྡེ་ཁག་གཉིས་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ཞིང་། ཚེས་ ༡ ཉིན་རྒྱལ་ས་གྷོ་ཝ་ཊིའི་ར་བིན་ཌ་བྷ་ཝན་ཚོགས་ཁང་དུ་ཆོས་ལུགས་རིས་མེད་ལྷན་ཚོགས་སྟེང་བཀའ་སློབ་གནང་རྒྱུ་ཡིན་པ་དང་། ཚེས་ ༢ ཉིན་གྱི་སྔ་དྲོ་རྒྱལ་ས་གྷོ་ཝ་ཊའི་ནེ་རུ་རྩེད་ཐང་དུ། ཨེལ་བྷེ་ཨེ་སི་དཔེ་བསྐྲུན་ཁང་གསར་འཛུགས་གནང་མཁན་གྱི་རྗེས་དྲན་ཚོགས་འདུའི་ཐོག་ཆིབས་བསྒྱུར་གྱིས་གསུང་བཤད་གནང་རྒྱུ་ཡིན་འདུག

ཉིན་དེའི་ཉིན་རྒྱབ་རྒྱལ་སའི་ཚོགས་ཁང་ (Shrimant Shankardev Kalashetra) ཞེས་པར། བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་དུས་སྟོན་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། དུས་སྟོན་མཛད་སྒོའི་སྟེང་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་དང་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་པདྨ་མཁའ་འགྲོ་མཆོག་གིས་གཙོས་པའི་ཨ་རུ་ན་ཅལ་དང་ཨ་སམ་མངའ་སྡེའི་དཔོན་རིགས་ཁག་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ། གཞན། བརྗོད་གཞི་སྣ་ཚོགས་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་མཁས་དབང་གྲགས་ཅན་ཁག་ཅིག་གི་གསུང་བཤད་དང་བགྲོ་གླེང་བཅས་གོ་སྒྲིག་གནང་འཆར་ཡོད་འདུག

དུས་སྟོན་དེ་ཚེས་ ༢ ནས་ ༦ བར་ཉིན་ལྔའི་རིང་ཚོགས་འཆར་ཡོད་ཅིང་། དེར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པས་གཞས་སྣ་འཁྲབ་སྟོན་དང་། ཨ་སམ་དང་ཨ་རུ་ན་ཅལ་ཡུལ་མིའི་འཁྲབ་སྟོན་ཚོགས་པ་ཁག་དང་། རྒྱ་གར་གྱི་གཞས་པ་གྲགས་ཅན་ཁག་བཅས་ཀྱིས་གནང་དེང་རོལ་དབྱངས་གཟིགས་འབུལ་གནང་འཆར་ཡོད་འདུག དུས་སྟོན་དངོས་གཞིར་བོད་ཟས་དང་བོད་ཀྱི་ལྷ་བྲིས་སྒྱུ་རྩལ། དཀྱིལ་འཁོར་དང་མར་མཚོན་གྱི་མཆོད་པ་བཞེངས་སྟངས། བོད་ཀྱི་ཤིང་བརྐོ་སོགས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཁག་གཟིགས་འབུལ་དང་། བོད་མིས་བཟོས་པའི་ལག་ཤེས་ཐོན་སྐྱེད་རིགས་ཚོང་འགྲེམས། བོད་དང་འབྲེལ་བའི་པར་རྙིང་རིགས་འགྲེམས་སྟོན། བོད་དང་འབྲེལ་བའི་ཆེད་བསྒྲིགས་གློག་བརྙན་གཟིགས་འབུལ། བོད་སྐོར་གྱི་དཔེ་དེབ་འགྲེམས་སྟོན་བཅས་གནང་རྒྱུ་ཡིན་འདུག

ཐེངས་འདིའི་དུས་སྟོན་གོ་སྒྲིག་གནང་གཙོ་གྲས་དག་ནི། ཨ་རུ་ན་ཅལ་མངའ་སྡེའི་གཞུང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། རྟ་དབང་དགོན་པའི་མཁན་རིན་པོ་ཆེ་གུ་རུ་སྤྲུལ་སྐུ། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་དབྱངས་ཅན་སྒྲོལ་དཀར་ལགས། ཚེ་བརྟན་ཆོས་འཕེལ་སྐྱིད། རན་ཇན་ཨེན་གྷ་ཌི་ (Ranjat Ingati) ། གྷོ་ཧ་ཊི་རྒྱལ་སའི་གཙོ་འགན་འབྲེལ་མཐུད་པ་ (Guwahati Metro Coordinator) བཅས་ཡིན་འདུག་ལ། དུས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི། ཡུལ་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤུན་ཟླ་རྣམས་ཀྱིས་བོད་ཀྱི་ཁྱད་འཕགས་རིག་གཞུང་དང་སྒྱུ་རྩལ་ལ་དངོས་སུ་གསན་གཟིགས་གནང་རྒྱུའི་གོ་སྐབས་བསྐྲུན་ཏེ། བོད་ཀྱི་རིག་གཞུང་གི་མཛེས་ཉམས་དང་གཟི་བརྗིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གར་བྱང་ཤར་ཁུལ་གྱི་མི་རིགས་ཁག་དང་བོད་མིའི་བར་ཕན་ཚུན་མཛའ་མཐུན་དམ་ཟབ་དང་། ཆོས་དང་རིག་གཞུང་གི་གོ་རྟོགས་སྤེལ་རེས་བྱ་ཆེད་བཅས་ཡིན་འདུག

གཞན། ཚེས་ ༣ ཉིན་༧གོང་ས་མཆོག་རྒྱ་གར་བྱང་ཤར་ཤེས་ལོངས་དུ་ཆིབས་བསྒྱུར་བསྐྱངས་ཏེ། མར་ཊི་ལིའུ་ཐིར་ཡེ་ཤུའི་གཙུག་ལག་སློབ་ཆེན་ (Martin Luther Christian University) གྱི་ཐེངས་དྲུག་པའི་བསླབ་པ་མཐར་སོན་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ་ཡིན་པ་དང་། ཚེས་ ༤ ཉིན་ཤེས་ལོངས་ས་གནས་བོད་རིགས་མི་མང་ལ་ཆོས་འབྲེལ། ཚེས་ ༥ ཉིན་ཤེས་ལོངས་མངའ་སྡེའི་དཔེ་མཛོད་ཁང་ (Central State library) གི་གདན་ཞུ་ལྟར་ཆོས་ལུགས་རིས་མེད་མཛད་སྒོའི་ཐོག་མཉམ་ཞུགས་བཅས་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༤༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese