མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེ་འཇཊ་ཨུ་ཡོན་ལྷན་ཁང་འཛུཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཚོགས་ཏེ་རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་གཏན་འབེབས་གནང་འདུག

ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཙོ་སྐྱོང་འོག དབུས་ཆབ་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ཚོགས་ཏེ། རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་མ་ཟད། འདས་པའི་ལོ་ ༡ རིང་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ཕྱོགས་བསྡོམས་དང་འབྱུང་འགྱུར་གྱི་ལས་དོན་ལེགས་བཅོས་བྱ་ཕྱོཊ་ཐོག་གྲོས་བསྡུར་གནང་ཡོད་འདུག

ཚོགས་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་འགན་ཞི་ཅིན་ཕིན་གྱིས་འཁུར་རྒྱུ་དང་། ལི་ཁེ་ཆང་དང་ཀྲང་ཏེ་ཅང་གིས་མགོ་གཙོ་གཞོན་པའི་འགན་འཁུར་རྒྱུ། ད་དུང་དམར་ཤོག་རྒྱུན་ལས་ཁག་ཅིག་དང་རྒྱུན་ལས་འཐུས་མི་ཁག་ཅིག་གདམ་རྒྱུའི་གཏན་འབེབས་གནང་ཡོད་པ་དང་། བདེ་འཇགས་ལས་དོན་ཨུ་ཡོན་ལྷན་ཁང་དེ་རྒྱ་ནག་དམར་ཤོག་ཚོགས་པའི་བདེ་འཇགས་ལས་དོན་ཐད་བཀོད་ཇུས་དང་གྲོས་བསྡུར་བྱེད་པའི་མཐུན་སྦྱོར་ལས་ཁུངས་ཤིག་ཡིན་སྟབས། དམར་ཤོག་ཚོགས་པའི་ཆབ་སྲིད་སྡེ་ཚན་དང་དམར་ཤོག་ཆབ་སྲིད་རྒྱུན་ལས་སྡེ་ཚན་གྱིས་འགན་འཁུར་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་རིགས་དང་ལས་རིགས་གལ་ཆེན་ཁག་ལ་གཅིག་གྱུར་ཐོག་འཆར་འགོད་བྱ་རྒྱུའི་གཏན་འབེབས་གནང་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་འདས་པའི་ལོ་ ༡ རིང་དབུས་ཆབ་སྲིད་སྡེ་ཚན་གྱིས་དབུས་གཞུང་གིས་གཏན་འབེབས་དོན་ཚན་བརྒྱད་དང་། མི་དམངས་ལ་ཁས་བླངས་པ་རྣམས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། འབྱུང་འགྱུར་ཡུན་རིང་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། སྤྱོད་ཚུལ་ལེགས་བཅོས་ཀྱིས་འགག་རྩའི་དམག་འཐབ་དང་ཡུན་རིང་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་། མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱ་རྒྱུར་ཁྲིད་ཕྱོགས་བྱ་དགོས་ཚུལ་སོགས་བརྗོད་ཡོད་འདུག་ལ། མ་འོངས་པར་གནད་དོན་གཙོ་བོ་བདུན་སྟེ། དང་པོ། གཞི་རིམ་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལས་ཁུངས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཉིས་པ། གཞུང་གི་རླངས་འཁོར་བེད་སྤྱོད་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འགྲོ་བསྐྱོད་རྒྱས་སྤྲོས་བྱེད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ། གསུམ་པ། མགོ་ཁྲིད་ལས་བྱེད་པས་གཞུང་དོན་ཁང་བཟུང་བའི་གནད་དོན་ཐག་གཅོད་དང་། གཞུང་དོན་ཁང་གི་ཐོན་ཁུངས་གཞུང་དྲང་ངང་བཀོད་སྒྲིག་དང་གཅིག་བསྡུས་ཐོག་བེད་སྤྱོད་གཏོང་རྒྱུ།

བཞི་བ། གཞུང་གསུམ་འགྲོ་གྲོན་དང་གྲོས་ཚོགས་འགྲོ་གྲོན་སོགས་སྔོན་རྩིས་དོ་དམ་བྱ་རྒྱུར་དམ་འཛིན་བྱས་ཏེ། མུ་མཐུད་སྒེར་གྱི་བང་མཛོད་ལ་ཆེད་དོན་བཅོས་སྒྲིག་བྱས་ཐོག འབྱུང་རྩ་ནས་སྤྱོད་ཚུལ་ངན་པའི་མ་དངུལ་ཡོང་ཁུངས་མེད་པ་བཟོ་རྒྱུ། ལྔ་བ། ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པའི་གསོ་སྦྱོང་ལྟེ་གནས་དང་། ངལ་གསོ་ལུས་གསོ་ལྟེ་གནས་སོགས་ཀྱི་གནད་དོན་བཅོས་སྐྱོང་བྱས་ཏེ། ལས་ཁུངས་འདི་རིགས་སྤྱོད་ཚུལ་ངན་པའི་ཁྲིམས་ཀྱི་བཀག་རྒྱ་མེད་པའི་ས་ཁུལ་ལ་འགྱུར་རྒྱུར་བཀག་འགོག་བྱ་རྒྱུ། དྲུག་པ། ཚོགས་པའི་རོལ་རྩེད་ཞབས་ཞུ་ལྟེ་གནས་ཀྱི་སྤྱོད་ཚུལ་ངན་པ་ལེགས་བཅོས་བྱས་ཏེ། དེ་གར་བག་མེད་ལོངས་སྤྱོད་དང་རུལ་སུངས་འབྱུང་ཁུངས་མི་ཆཊ་པ་བྱེད་དགོས་པ། བདུན་པ། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དངུལ་རྩའི་ཁེ་ལས་ཀྱི་འགན་འཁུར་བའི་འགན་གནས་འཛད་སྤྱོད་སོགས་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་རྒྱབ་ནས་རྒྱས་སྤྲོས་འཕྲོ་བརླག་ཏུ་གཏོང་ས་མེད་པ་བྱེད་དགོས་ཚུལ་བཅས་བརྗོད་ཡོད་པ་མ་ཟད།  ད་དུང་ཀྲུང་དབྱང་སྲིད་གཞུང་གིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་འགན་སྲུང་བྱ་དགོས་ཚུལ་སོགས་བསྒྲགས་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 8 སྔོན།

    དེང་སང་དོན་དམ་གྱི་ལེགས་བཅོས་རྣམ་པ་མངོན་གྱིན་འདུག ཐོག་མར་རུལ་སུངས་རྩ་མེད་གཙང་དག་བཟོ་ཐུབ་སོང་ན་དེ་ནས་དམངས་གཙོ་ལེགས་བཅོས་ཀྱི་བར་ཆད་ནུས་ཞན་དུ་འགྱུར་ངེས་ཡིན། ཏང་ནང་གི་སྟག་འདུལ་བའི་འཐབ་ཇུས་ལ་རྒྱལ་ཁ་འཐོབ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist