མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིའུ་ཀྲི་ཡུང་གིས་ཁྲིམས་འགལ་གྱི་ཉེས་བ་བསགས་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

~ཁྲིམས་མེད་རྒྱ་ནག་གི་མདུན་ལམ།~

ཆོས་ལྡན་འབུམ།

ཟླ་ ༡ པོའི་ཚེས་ ༢༦ ཉིན། རྒྱ་ནག་པེ་ཅིན་མི་དམངས་ཁྲིམས་ཁང་གིས་ “སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་ཉེས་” མིང་འོག འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་ཞིའུ་ཀྲི་ཡུང་ལ་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་སོང་། བྱེ་བྲག་གི་ཉེས་མིང་ནི་ “སྤྱི་དམངས་ཀྱི་ཐོབ་ཐང་གི་བེད་སྤྱོད་སྒྲིག་སྲོལ་ལ་སྣང་མེད་དུ་བཏང་བ་དང་། མང་ཚོགས་ཀྱི་དོ་སྣང་ཡོད་པའི་སྤྱི་ཚོགས་གནད་དོན་བེད་སྤྱོད་བྱས་པ། སྲིད་གཞུང་གི་ལས་ཁུངས་དང་ཚོང་རྭ་སོགས་མི་མང་འདུས་སར་མི་སྐོང་འགུག་གིས་འཕྲེད་དར་ཁྱེར་ཏེ་བདེ་སྲུང་སྒྲིག་ཁྲིམས་ལ་ངོ་རྒོལ་བྱས་ཡོད། གནད་དོན་ཚབས་ཆེན་ཡིན་” ཞེས་བ་དེ་རེད།

འོན་ཀྱང་། ཁོང་གིས་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་སྤྱི་དམངས་ཤིག་གི་ལངས་ཕྱོགས་ནས་སློབ་གསོའི་ཐོབ་ཐང་ “འདྲ་མཉམ་” ཡིན་དགོས་དོན་དང་། “ཆབ་སྲིད་བཅོས་བསྒྱུར་” བྱེད་དགོས་དོན། “དཔོན་རིགས་ཚོའི་རྒྱུ་ནོར་སྤྱི་བསྒྲགས་” བྱེད་དགོས་དོན་སོགས་གླེང་ཡོད་པ་མ་གཏོགས། ཁྲིམས་འགལ་གྱི་བྱ་འགུལ་གང་ཡང་སྤེལ་མི་འདུག་ཅེས་བཤད་ཆོག རྒྱུ་མཚན་ནི། ཁོང་གི་བྱ་འགུལ་དེ་ལྟ་བུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༣༥ ཡིས་ཁག་ཐེག་བྱས་ཡོད་པས་རྐྱེན་གྱིས་ཡིན། རྩ་ཁྲིམས་དོན་ཚན་ ༣༥ ཡི་ནང་དུ་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སྨྲ་བརྗོད་དང་པར་སྐྲུན། འདུ་འཛོམས། ཚོགས་པ་རྩ་འཛུགས། ངོ་རྒོལ་ཁྲོམ་བསྐོར་སོགས་ཀྱི་རང་དབང་ཡོད་” ཅེས་གཏན་ཁེལ་བྱས་ཡོད། དེ་བས། ཁོང་གི་ཁྲིམས་རྩོད་པ་ཀྲང་ཆིན་ཧྥོན་གྱིས་དེ་ནི་ “དྲང་བདེན་མིན་པའི་ཁྲིམས་ཐག་ཅིག་རེད་” ཅེས་ཁྲིམས་གཏུགས་བྱེད་རྩིས་བྱས་ཡོད་ལ། ཨ་རི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཀྱང་ “བློ་ཕམ་ཆེན་པོ་ཡོད་” ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས་ “གང་མགྱོགས་ཀློད་གྲོལ་གཏོང་དགོས་” པའི་འབོད་སྐུལ་བྱས་ཡོད།

སྤྱིར་གཏམ་བཤད་དང་ངོ་རྒོལ་ཁྲོམ་སྐོར་སོགས་ཀྱི་དམིགས་ཡུལ་ནི། ལྟ་གྲུབ་དང་བདེན་དོན་གང་ཞིག་ལ་མང་ཚོགས་ཀྱི་མོས་མཐུན་དང་དོ་སྣང་ཡོང་བའི་ཆེད་དུ་ཡིན་སྟབས། བྱ་འགུལ་དེ་དག་མི་མང་འདུས་སར་མ་སྤེལ་ན་སྙིང་བོ་མེད། ཉི་ཧོང་ནའང་སྲིད་གཞུང་གི་ལས་ཁུངས་དང་རླངས་འཁོར་འབབ་ཚིགས་སོགས་མི་མང་འདུ་སའི་ཐག་ཉེ་རུ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་གྱི་མི་དང་ཚོགས་པ་སོགས་རྒྱུན་དུ་མཐོང་རྒྱུ་ཡོད། འོན་ཀྱང་། དེ་ནི་ཉི་ཧོང་བའི་མིག་ལམ་ན་སྤྱི་ཚོགས་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དེ་ལས་ལྡོག་སྟེ་སྤྱི་དམངས་ལ་སྨྲ་བརྗོད་དང་འགྲོ་འདུག་སྤྱོད་གསུམ་ཀྱི་རང་དབང་མེད་པའི་སྤྱི་ཚོགས་ཤིག་ཡིན་ཚེ། དེ་ནི་ད་དུང་ “བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་” ལས་ཐར་མེད་ཅེས་བཤད་ཆོག

དེར་བརྟེན། ལྷག་པར་དུ་ “སྟག་སྦྲང་མཉམ་རྡུང་” གི་རྩ་དོན་འོག་ “རུལ་སུངས་” ལ་རྒོལ་རྡུང་བྱེད་བཞིན་པའི་ཞི་ཅིན་ཕིན་སྲིད་དབང་གིས་ཁོང་ལྟ་བུའི་དམངས་གཙོ་དོན་གཉེར་བ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་གཅོད་པ་ནི་ནོར་འཁྲུལ་རེད་ཅེས་བཤད་ཆོག འོན་ཀྱང་། དེ་ལས་ཀྱང་ཚབས་ཆེན་ཞིག་ནི། རྒྱ་ནག་རྒྱལ་ཁབ་ཆགས་ནས་ལོ་ ༦༥ འགོར་ཡང་ད་དུང་མིང་དོན་མཚུངས་བའི་ཁྲིམས་སྐྱོང་ལམ་ལུགས་མངོན་འགྱུར་བྱེད་ཐུབ་མེད་པ་དེ་ཡིན།

༡༩༨༢ ལོའི་ཟླ་ ༡༢ ཚེས་ ༤ ཉིན། རྒྱ་ནག་གཞུང་གིས་དོན་ཚན་ ༡༣༨ ཅན་གྱི་རྩ་ཁྲིམས་ཤིག་གཏན་ཁེལ་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་རྩ་ཁྲིམས་ཀྱི་སྔོན་གླེང་ནང་དུ་ “གུང་ཁྲན་ཏང་གི་འགོ་ཁྲིད་” ཅེས་བ་དེ་གཅིག་པུ་མ་གཏོགས་བརྩི་སྲུང་བྱས་མེད་ལ། དེའི་ཆེད་དུ་ཡོད་ཚད་བློས་བཏངས་ཡོད། དེ་ལྟ་བུའི་སྤྱི་ཚོགས་ཤིག་ལ་ “ཁྲིམས་སྐྱོང་རྒྱལ་ཁབ་” ཟེར་ཐུབ་བམ། གཏན་ནས་ཟེར་མི་ཐུབ། རྒྱུ་མཚན་ནི། ཁྲིམས་སྐྱོང་ཞེས་བ་ནི་གཙོ་བོ་སྲིད་གཞུང་གིས་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་བཞིན་ཡོད་པ་ཞིག་ལ་ཟེར་བའི་རྐྱེན་གྱིས་ཡིན།

རྒྱ་ནག་གི་རྒྱལ་རབས་ཚང་མར་ “འཚེ་བ་” དང་ “རུལ་སུངས་” ཀྱིས་ཐོར་ཞིག་ཏུ་སོང་ཡོད། ཇི་ལྟར་ཆབ་སྲིད་རུལ་སུངས་སུ་གྱུར་ན། དེ་ལྟར་རྒོལ་ལན་ཇེ་མང་དུ་འགྲོ་ངེས་ཡིན་སྟབས། རྒྱ་ནག་གུང་ཁྲན་ཏང་གཞུང་འདིའི་ལས་དབང་ཡང་དེ་ལྟར་མཇུག་རྫོགས་རྒྱུའི་ཉེན་ཁ་ཡོད།

ཉེ་ལམ་རྒྱ་ནག་གཞུང་གིས་ “སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་གི་ལྟ་བའི་སྙིང་བོ་” ཞེས་བའི་བརྗོད་གཞིའི་ཐོག་ “སྟོབས་འབྱོར། དམངས་གཙོ། དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། ཁྲིམས་སྐྱོང་། རྒྱལ་གཅེས། ཧུར་བརྩོན། གཞུང་དྲང་། མཛའ་བརྩེ་” ཞེས་བའི་ཚིག་འབྲུ་ ༢༤ ཅན་གྱི་ལྟ་བ་ཞིག་སྤྱི་ཚོགས་ལ་བཀྲམས་ཡོད། འོན་ཀྱང་། ནང་སྙིང་མེད་པའི་ལྟ་བ་དེའི་ཁྱབ་བསྒྲགས་བྱེད་སྟངས་ལ་བལྟས་ན། དེ་ནི་ “གུང་ཁྲན་ཏང་གི་འགོ་ཁྲིད་” དེ་ཉེན་ཁ་ལས་གཡོལ་ཆེད་ཀྱི་གཡོ་སྒྱུའི་འཁྲབ་སྟོན་ཞིག་ཡིན་པར་འདོད། གང་ལྟར་ཀྱང་རྒྱ་ནག་གི་མི་སེར་མང་ཆེ་བས་ཁ་བཤད་དོན་ལ་མི་གནས་བའི་སྲིད་གཞུང་ཞིག་ལ་ཡིད་ཆེས་བྱེད་ཀྱི་མེད།

འོ་ན། རྒྱ་ནག་གཞུང་གིས་ཇི་ལྟར་མང་ཚོགས་ཀྱི་ “ཡིད་ཆེས་” ཕྱིར་འགུག་དགོས་སམ། སྲིད་གཞུང་གིས་ཀུན་སློང་གཙང་མ་ཞིག་དང་ལྷག་བསམ་དཀར་པོ་ཞིག་མང་ཚོགས་ལ་འབུལ་རྒྱུ་དེ་ལས་ཐབས་གཞན་མེད། བྱེ་བྲག་གི་ནང་དོན་གཅིག་ནི། ཐོག་མར་མིང་དོན་མཚུངས་བའི་ཁྲིམས་སྐྱོང་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་ཡིན། ཁྲིམས་ཞེས་པ་དེ་ཡང་ངེས་པར་དུ་གཤམ་གྱི་ལེགས་བཤད་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་དགོས།།

ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད།།        དྲང་པོ་གནམ་གྱི་ཐིག་ཡིན་པས།།
ལས་འབྲས་མངོན་སུམ་སྟོན་པ་དང་།།     འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད།།
འགལ་ན་རྒྱལ་བོའི་བུ་ཡང་ཕམ།།           བསྲུངས་ན་གྲོང་གི་དབུལ་བོ་རྒྱལ།།
ཀླད་པར་གནམ་ལྕགས་བབ་པ་ལྟར།།      མི་ཁུར་དབང་མེད་ཁྲིམས་ཞེས་བྱ།།
སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ།།      ཁས་ཞན་དབུལ་བོར་ལྕི་འགྱུར་བ།།
དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ།།              འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས།།

རྒྱ་ནག་ཆིང་རྒྱལ་རབས་སྐབས་ཀྱི་ཧྲིན་ཡོན་བརྩམས་ཆོས་ནང་དུའང་ “རྒྱལ་སྲས་ཀྱིས་བསགས་པའི་ནག་ཉེས་ནི་མི་སེར་གྱི་དེ་དང་གཅིག་འདྲ་ཡིན” ཞེས་གོང་གི་ལེགས་བཤད་དང་གཅིག་མཚུངས་ཀྱི་ཁྲིམས་སྐྱོང་གི་ལྟ་གྲུབ་ཡོད། དེ་ལྟར་རྒྱ་ནག་ན་ཁྲིམས་སྐྱོང་གི་ལྟ་བ་མེད་པ་ཞིག་གཏན་ནས་མིན།

འོན་ཀྱང་། ཁྲིམས་སྐྱོང་ལམ་ལུགས་སྤུས་དག་པ་ཞིག་བཟོས་ཤིང་ལག་བསྟར་བྱེད་པ་ལ་ཞིའུ་ཀྲི་ཡུང་དང་ལུའོ་ཞའོ་པོ་སོགས་དམངས་གཙོ་དོན་གཉེར་བའི་རྒྱབ་སྐྱོར་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། དེ་ལས་ཀྱང་ཐབས་ལ་མཁས་ཤིང་ཤེས་རབ་ཀྱི་སྟོབས་ཀྱིས་ཕྱུག་ཡོད་པའི་རྒྱབ་སྐྱོར་བ་མཆོག་ཅིག་ཡོད་པ་ནི་རྒྱ་གར་འཕགས་ཡུལ་ངྷ་རམ་ས་ལར་བཞུགས་ཡོད་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན།།

༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༡༡ ཉིན། ཉི་ཧོང་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. གནས་ཚང་། says:
    ལོ་ 12 སྔོན།

    ཆོས་ལྡན་འབུམ་ལགས། རྡ་རམ་ས་ལར་ཁྲིམས་ཡོག་མ་རེད། ད་དུང་མིའི་དབང་བསྒྱུར་འོག་ལྷག་ཡོད་པ་རེད། དེ་མ་གཏོགས་གཞུང་རྒྱུ་ཕངས་མེད་དུ་བཏང་ནས་མདོ་སྨད་སྤྱི་འཐུས་གཅིག་གི་ཆེད་དུ་བར་མའི་འོས་བསྡུ་ཟེར་བ་ཡོང་དགོས་དོན་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese