མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལན་འདེབས་བསམ་ཤེས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གར་བྷེ་ཇཱའེ་པི་ཆབ་སྲིད་ཚོགས་པའི་སྲིད་བློན་གྱི་འོས་མི་སྐུ་ཞབས་ན་རིན་ཌ་མུ་དྷི་ལགས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་གྱི་པཱ་སེ་གྷཌི་ཞེས་པའི་ས་ཁུལ་དུ་འོས་བསྡུའི་ཁྱབ་བསྒྲགས་བྱེད་དུ་སྐྱོད་སྐབས། རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་དོར་དགོས་པ་དང་། ཨ་རུ་ཎ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ། རྒྱ་ནག་གཞུང་གིས་རྒྱ་གར་དང་མཉམ་དུ་ཞི་བདེ་ལྷིང་འཇགས་ཀྱི་འབྲེལ་ལམ་འཛུགས་གལ་ཆེ་བ་ལས། མགོ་བདེ་འཁྲབ་ན་ཡག་པོ་མེད་ལུགས་སོགས་བརྗོད་པར། ཁ་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧ་ཁྲོན་ཡིང་ (Hua Chunying ) གིས་ལན་འདེབས་བྱས་འདུག

ཧ་ཁྲོན་ཡིང་གིས། “ཁྱེད་ཀྱིས་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་འཛིན་བཞིན་ཡོད་སྐོར་བརྗོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་དྲག་པོའི་དམག་འཐབ་སྤྱད་དེ་རྒྱལ་ཁབ་གཞན་གྱི་ས་ཆ་ཏིལ་འབྲུ་ཙམ་ཞིག་ཧམ་བཟུང་བྱས་མེད་ལ། ང་ཚོས་རྒྱུན་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་ལམ་གལ་ཆེར་བཟུང་སྟེ་གཉིས་ཕན་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་མ་ཟད།  ༡༩༦༢ ཀྱི་དམག་འཁྲུག་ཞི་འཇགས་བྱུང་བ་ནས་བཟུང་ད་བར་རྒྱལ་ཁབ་གཞན་གྱི་ས་མཚམས་ཁག་ཏུ་བཙན་འཛུལ་དང་ཁྱིམ་མཚེས་རྒྱལ་ཁབ་གྱི་ཞི་བདེ་བརྟན་རླིངས་གཏོར་བཤིག་བཏང་མྱོང་མེད” ཅེས་བརྗོད་འདུག

འདིའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་གར་བྷེ་ཇཱའི་པི་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ཎ་རིན་མུ་དྷི་ལགས་ཀྱིས། རྒྱ་ནག་གི་སྲིད་ཇུས་འཛིན་སྟངས་དང་རྒྱ་དཀར་ནག་བར་རྩོད་གླེང་ཡོང་བཞིན་པའི་ཨ་རུ་ཎ་ཅལ་གྱི་གནད་དོན་སོགས་ཀྱི་ཐད་རྒྱ་ནག་ལ་ཁ་བརྡུང་བཏང་ཡང་། རྒྱ་གཞུང་གིས་ཁོང་གི་སྐྱོན་འཛུགས་དག་ལ་འཇམ་པོས་ལན་འདེབས་བྱས་པ་དེས། རྒྱ་གཞུང་རྒྱ་གར་ལ་ཞེད་སྣང་སྐྱེ་པ་མིན་ཡང་། རྒྱ་གར་གྱི་འོས་བསྡུའི་ཁྲོད་སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་སྲིད་བློན་དུ་འཐོབ་རྒྱུར་རེ་བ་ཆེན་པོ་ཡོད་སྟབས། མ་འོངས་པར་རྒྱ་དཀར་ནག་གི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་ཆེད་བསམ་ཤེས་ཀྱི་ལན་འདེབས་དེ་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༩ ཉིན། ཨ་རུ་ཎ་ཅལ་གྱི་སློབ་མ་ནེ་དྷུ་ (Nido Tania) ལགས་རྒྱ་གར་ལྡི་ལིར་ཚོང་པ་འགས་ཉེས་བརྡུང་བཏང་སྟེ་བསད་ཡོད་སྟབས། སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་ཀྱིས་ལྡི་ལི་ས་གནས་སྲིད་གཞུང་གི་བློན་ཆེན་ཨར་ཝུན་ཁེ་ཅེ་རེ་ཝལ་ལགས་དང་། ཀོང་རེ་སེ་ཚོགས་པའི་ཚོགས་གཙོ་སཱོ་ཎེ་ཡཱ་གྷན་དྷི་ལགས་ལ་ཨ་རུ་ཎ་ཅལ་གྱི་མི་མང་ཚོ་ཉིན་ལྟར་རྒྱ་ནག་དང་མཉམ་དུ་འཐབ་རྩོད་དང་དངངས་སྐྲག་ཁྲོད་མི་ཚེ་སྐྱེལ་བཞིན་ཡོད་སྟབས། ཁོ་ཚོའི་བདེ་འཇགས་ལ་འགན་མ་འཁུར་བར་ཚེ་སྲོག་ཤོར་བ་དེ་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

འབྱུང་འགྱུར་ཕྱི་ཟླ་ ༤ པའི་ཚེས་ ༡༦ ནས་ཟླ་ ༥ པའི་ཚེས་ ༡༣ བར། རྒྱ་གར་གྱི་སྐབས་ ༡༦ པའི་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་གནང་རྒྱུ་ཡིན་པ་དང་། ད་སྔ་རྒྱ་གར་གྱི་གསར་ལམ་ཆེ་ཁག་གིས་བསམ་ཤོག་ཐེངས་ ༧ ཙམ་བསྡུས་པའི་ཁྲོད། མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པར་བརྒྱ་ཆ་ ༡༥ དང་། ཀོང་རེ་ཚོགས་པར་བརྒྱ་ཆ་ ༣༠། ཕྱོགས་འགལ་བྷེ་ཇཱའེ་པི་ཚོགས་པར་བརྒྱ་ཆ་ ༤༠། དེ་མིན་ཆབ་སྲིད་ཚོགས་པ་ཁག་ལ་བརྒྱ་ཆ་ ༡༥ ཙམ་ཐོབ་ཡོད་འདུག

བྷེ་ཇཱའེ་པི་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ན་རིན་ཌ་མུ་དྷི་ ( Narendra Modi ) ལགས་ནི་ ༡༩༥༠ ལོའི་ཟླ་ ༡༡ པའི་ཚེས་ ༡༧ ཉིན་རྒྱ་གར་གུ་ཆུ་ར་ཌི་མེ་སཱ་ཎ་རྗོང་ཁོངས་ཝུ་ཎ་གྷར་ (Vadnagar) ཞེས་པའི་གྲོང་ཚོའི་ནང་སྐྱེས་ཤིང་། ཝུ་ཎ་གྷར་སློབ་གྲྭའི་ནང་གཞི་རིམ་དང་འབྲིང་རིམ་གྱི་སློབ་སྦྱོང་ཐོན་རྗེས། གུ་ཆུ་ར་ཌི་འགྲིམ་འགྲུལ་ལས་ཁུངས་ཀྱི་ལས་བྱེད་གསོལ་ཐབ་ཁང་ནང་ཕྱག་ལས་གནང་ཡོད་པ་དང་། རྗེས་སུ་ (RSS) ཞེས་པའི་ཆབ་སྲིད་ཚོགས་པའི་ནང་ཞུགས་ཏེ་ཕྱག་ལས་འདྲ་མིན་གནང་ཡོད། ༢༠༠༡ ལོ་ནས་བཟུང་ད་བར་གུ་ཆུ་ར་ཌི་མངའ་སྡེའི་བློན་ཆེན་ཐེངས་བཞི་ཙམ་གནང་ཡོད། 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese