མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབངས་མིའི་སྤྱི་ཚོགས་དགྲ་རུ་བཟུང་ན་རང་གིས་རང་ལ་དུར་ཁུང་དྲུས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཡུ་ཅེ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།

ཀྲིག་ཡུང་ཁང་ཕམ་པ་དེས་རྒྱ་ནག་དམར་ཤོག་གི་སྒེར་གཅོད་ལམ་ལུགས་བཟང་ཕྱོགས་སུ་ལྡོག་པ་ཅང་མཚོན་མི་ཐུབ། ཀྲིག་ཡུང་ཁང་ལ་༼ལྷ་བཟོ་ཀུན་དགའི་ཐབས་ངན་རང་ལ་འཁོར༽ཞེས་པ་བྱུང་ནའང་། དེས་མང་ཚོགས་ཀྱིས་རྒྱ་ནག་དམར་ཤོག་གི་ལྐོག་ཟ་རུང་སུངས་དང་གདུབ་རྩུབ་ཀྱི་སྲིད་དབང་ལ་འཆང་བའི་སྙིང་ནད་སེལ་མི་ཐུབ། རྒྱུ་མཚན་ཅི་ཞེ་ན། ཞི་ཅིན་ཕིན་གྱིས་ལྟ་གྲུབ་འཛིན་སྟངས་ཀྱི་ངོས་ན་པོ་ཞི་ལའེ་མེད་པའི་༼དམར་གླུ་ལེན་ཞིང་མི་ནག་རྡུང་བ༽་ལག་ལེན་བྱེད་པ་དང་། ཁྲིམས་སྲིད་དང་བདེ་འཇགས་ཀྱི་ཁྱབ་ཁོངས་ན་ཀྲིག་ཡུང་ཁང་མེད་པའི་༼དྲག་སྤྱོད་ཀྱིས་བརྟན་བརླིང་སྲུང་བ༽་ལག་ལེན་བྱེད་པ་ཡིན། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བའི་རྗེས་སུ། མི་འཛིན་བཟུང་དང་། མི་བཀག་ཉར་དང་། མི་ལ་རྡུང་རྡེག་དང་། མི་གསོད་པ་ལ་སོགས་བྱས་པ་ནི་ཧུའུ་ཝུན་གཉིས་ཀྱི་དུས་སྐབས་དང་བསྡུར་ཡང་མང་མེད་ན་ཉུང་མེད།

ཉིས་སྟོང་བཅུ་བཞི་ལོ་སླེབས་མ་ཐག་ཏུ། ཞི་ཅིན་ཕིན་གྱིས་གསོད་བརྔམ་ཤིག་ཤིག་གིས་༼གྲི༽་ཕྱར་ཏེ། ཞུ་ཀྲི་ཡུང་སོགས་ཀྱིས་སྣེ་འཁྲིད་པའི༼འབངས་མི་གསར་བའི་ལས་འགུལ༽་ལ་གདུག་རྩུབ་ཆེ་བའི་རྒོལ་རྡུང་བྱས་པ་དང་།  ལོ་ལྔའི་ཡར་སྔོན་དུ་ལིག་ཞོ་པོ་ཡིས་སྣེ་འཁྲིད་པའི་༼ཀླད་གོར་བརྒྱད་རྩ་ཚིག་ལས་འགུལ༽་གྱི་སྟེང་དུའང་གདུག་རྩུབ་དེ་འདྲ་བྱས་མི་འདུག དེ་སྔོན་རྒྱ་ནག་དམངས་གཙོ་ལ་འགྱུར་བར་བྱེ་བྲག་གི་རྩ་ཚིག་བཏོན་པའི་༼ཀླད་གོར་བརྒྱད་རྩ་ཚིག་ལས་འགུལ༽ལ་གདོང་ཐུག་པའི་དུས་དེར། ཏན་ཏན་ཏིག་ཏིག་ཡིན་པའི་ཧུའུ་ཅིན་ཐོ་ཡིས་བཀའ་བཏང་ནས་ལིག་ཞོ་པོ་གཅིག་པུ་འཛིན་བཟུང་བྱས་པ་དང་། ༼རྐུན་མ་འཛིན་ན་སྔོན་ལ་རྐུན་དཔོན་འཛིན་དགོས༽ཟེར་བའི་ཐབས་བྱུས་ལག་ལེན་བྱས་ཏེ་གནས་སྟངས་ཇེ་ཆེར་འགྲོ་བར་གཡོལ་ཅི་ཐུབ་བྱས་པ་དང་། ལས་འགུལ་དེར་མིང་རྟགས་འགོད་མི་ཡོད་ཚད་གཅིག་ཀྱང་མ་ལུས་པར་བཅོམ་པ་དེ་འདྲ་བྱས་མེད། དེང་སྐབས་དེ་ལས་ཞི་འཇམ་ཡིན་ཞིང་། ཐ་ན་༼ཆབ་སྲིད་ཀྱི་རང་བཞིན་མིན་པ༽དང་༼གདོང་ཐུག་གི་རང་བཞིན་མིན་པ༽་ཡི་མིག་དཔེར་གྱུར་བའི་༼འབངས་མི་གསར་བའི་ལས་འགུལ༽ཞེས་པ་ལ་ཐུག་པའི་དུས་སུ། ཞེ་གནག་ཅིང་སྦྱོར་བ་རྩུབ་པའི་ཞི་ཅིན་ཕིན་གྱིས་གནམ་ཁའི་བྱ་ཡང་མི་ཐར་བའི་རྙི་རྒྱ་བཀྲམས་ཏེ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་རུ་མི་བཅུ་ཕྲག་ཅིག་སྔ་རྗེས་སུ་འཛིན་བཟུང་བྱས་པ་མ་ཟད། གདུག་རྩུབ་ཀྱི་ཁྲིམས་སྦྱོར་དང་། དམའ་འབེབ་དང་། ཁྱིམ་མི་ལ་ཉེས་ཆད་གཅོད་པ་སོགས་ཀྱི་བྱེད་སྟངས་རྒྱ་ཁྱབ་དུ་ལག་ལེན་བྱས་པ་དང་། ཁོའི་བྱེད་ལུགས་ལ་སྔར་མའོ་ཙེ་ཏུང་གིས་༼མི་གཅིག་མི་ཤོར་བའི་ཆེད་དུ་མི་སྟོང་གསོད་ཉེས་བྱ་དགོས་ཀྱང་ཡ་ངན་མི་རུང་༽ཟེར་བའི་གཏུམ་དྲག་གི་ཉམས་འདུག

༼འབངས་མི་གསར་བའི་ལས་འགུལ༽་ལ་དྲག་གནོན་བྱས་པ་དེས་རྒྱ་ནག་དམར་ཤོག་དབང་འཛིན་པའི་ངོས་ནས་དམངས་ཀྱི་སྤྱི་ཚོགས་དང་སྐད་ཆ་བཤད་པའམ་གྲོས་མོལ་བྱེད་པའི་ལམ་ཁ་བཅད་པ་མཚོན། དམངས་ཁྲོད་ཀྱི་ཞི་བའི་ཚོགས་ཁག་ཡོངས་སུ་ཕམ་ཉེས་བྱུང་ན། དྲག་པོའི་ངོ་རྒོལ་གྱི་སྟོབས་ཤུགས་གཅིག་འཇག་གཅིག་ལངས་ཀྱིས་འཕྱུར་འོང་བ་ཡིན། ལིག་ཞོ་པོ་དང་ཞུ་ཀྲི་ཡུང་བཙོན་དུ་བཅུག་ཀྱང་ར་བསད་ན་ལུག་འདར་བའི་གཡོ་ཐབས་ལ་ནུས་པ་ཉམས་ཚར་བས། གཉིད་སད་ཟིན་པའི་འབངས་མིའི་སྤྱི་ཚོགས་ཀྱིས་དེ་ཙམ་ལ་གཉའ་ཆགས་ནས་སྒུར་སྒུར་བྱ་མི་སྲིད། མ་འོངས་པའི་དུས་ཚོད་ཀྱི་གནས་རིམ་ག་གེ་མོ་ཞིག་ལ། ༼དམངས་ནི་འཆི་བར་མི་འཇིགས་ན། དེ་ཡིས་འཇིགས་སྐུལ་ཅི་ལ་ཕན།༽ཞེས་པའི་ཚུལ་དུ་ཡོད་པའི་རྒྱ་ནག་གི་མི་གྲངས་ཀྱིས་མི་ཟིན་པ་ཞིག་༼གསར་བརྗེ་གཉིས་པ༽ནང་གི་ཡུ་ཁུ་རན་གྱི་མང་ཚོགས་ཇི་བཞིན་དུ་ཁྲོམ་གཞུང་ལ་སོང་སྟེ། རྒྱལ་ཁབ་ཀྱི་དྲག་སྤྱོད་འཕྲུལ་ཆས་དང་ཐད་ཀར་གདོང་གཏུག་པས་མི་ཚད། གཟི་འོད་འབར་བའི་རྒྱལ་ཁ་ལེན་པ་ཡིན། ཡུ་ཁུ་རན་གྱི་མི་དམངས་ཁྲོམ་གཞུང་དུ་འབུད་དོན་ནི་ཁ་ལ་ཟས་མ་རག་པའི་རྐྱེན་གྱིས་མིན་པ་དང་། སྒེར་འཛིན་ལམ་ལུགས་ཀྱི་ཤར་ཕྱོགས་༼ཨུ་རུ་སུ༽་དང་ཁ་བྲལ་ཏེ་རང་དབང་གི་ནུབ་ཕྱོགས༼ཡུ་རོབ་མཐུན་ཚོགས༽་ལ་ཞུགས་པའི་སྙིང་སྟོབས་དང་ཆོད་སེམས་བསྟན་པ་དེ་ཡིན། རྒྱ་ནག་མང་ཚོགས་ལའང་སྙིང་སྟོབས་དང་ཆོད་སེམས་དེ་འདྲ་སླེབས་རྒྱུ་ཡིན་པ་ལྡོག་ཏུ་མེད།

ཞ་ཅོན་ཧྥིན་གྱི་དོན་རྐྱེན་ནས་ཞའེ་ཧྥུ་ཧྲུང་གི་དོན་རྐྱེན་བར་དུ་རྒྱ་ནག་གི་འབངས་མིའི་སྤྱི་ཚོགས་ཁོང་ཁྲོ་ལངས་ནས་འབར་ལ་ཁད་ཀྱི་ཚད་ན་ཡོད་པ་ཤེས་ཐུབ། ༼དམངས་ཁྲོད་ཐུགས་ཁུར་དཔུང་ཁག༽ནི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཆས་ཏེ་དྲང་བདེན་མིན་པའི་དོན་རྐྱེན་བྱུང་ས་ལ་ཤར་བསྐྱོད་བྱས་པས། ས་གནས་ཀྱི་བརྟན་བརླིང་སྲུང་སྐྱོབ་སྟོབས་ཤུགས་ཀྱིས་གླགས་མ་ཁེལ། འཇིགས་སྣང་བྲལ་བའི་མང་ཚོགས་ནི་ཇེ་མང་ནས་ཇེ་མང་ཡིན་པ་དང་། དཔེར་ན་དྲ་གྲོགས་ཤིག་གིས་བཤད་པ་ལྟར་༼མི་གཅིག་ཡར་ལངས་ན་ཁོ་ཚོས་ཁྱོད་བཟུང་སྟེ་རྡུང་རྡེག་དྲག་པོ་གཏོང་བ་ཡིན། མི་བཅུ་ཡར་ལངས་ན་ཁོ་ཚོས་ཁྱོད་བཀག་ཉར་བྱེད་པ་ཡིན། མི་བརྒྱ་ཡར་ལངས་ན་ཁོ་ཚོས་མེ་འཁོར་གྱི་ཁྲོལ་འཛིན་ཉོས་ཏེ་ཁྱོད་ཕྱིར་སྐྱེལ་བ་དང་ཟ་མའང་སྟེར་བ་ཡིན། མི་སྟོང་ཡར་ལངས་ན་ཁོ་ཚོ་ཕྱིར་བཀྱེད་དེ་བལྟས་ནས་འདུག་པ་ཡིན། མི་ཁྲི་ཡར་ལངས་ན་ཁོ་ཚོས་འཇམ་ཅག་གེར་སྒྲིག་ཆས་ཕུད་དེ་ཁྱོད་ཀྱི་གྲལ་དུ་འཛུལ་བ་ཡིན།༽ ཡིན་ནའང་ཞི་ཅིན་ཕིན་གཟའ་རོས་མེ་རི་གསོན་པོ་འཕྱུར་ལ་ཁད་ཡོད་པ་མི་ཤེས། ཀྲིག་ཡུང་ཁང་གི་ཤུལ་འཛིན་པ་དང་དམར་ཤོག་དབུས་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་མིན་ཅན་ཀྲུའུ་ཡིས་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་རྩོམ་ཡིག་སྤེལ་ཏེ། དམར་ཤོག་དབུས་ཁྲིམས་སྲིད་ལས་དོན་ཚོགས་འདུའི་ཐོག་ཏུ་ཞི་ཅིན་ཕིན་གྱིས་བཤད་པའི་གཏམ་ལ་བསྟོད་བསྔགས་བྱས་ཤིང་། ༼ཞི་ཅིན་ཕིན་གྱིས་བསམ་བློ་གསར་བ་དང་། ལྟ་བ་གསར་བ་དང་། བླང་བྱ་གསར་བ་རབ་དང་རིམ་པ་བཏོན་སོང་། དེ་དག་ནི་གནས་བབ་གསར་བའི་འོག་གི་ཁྲིམས་སྲིད་ལས་དོན་ལ་སློབ་སྟོན་བྱས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན༽ཞེས་བརྗོད་འདུག 

མིན་ཅན་ཀྲུའུ་ཡིས་ཞི་ཅིན་ཕིན་གྱི་ལྟ་བ་གསར་བ་ལ་སྡོམ་ཚིག་འདི་ལྟར་བཀོད་འདུག་སྟེ། ༼ཐོབ་ཐང་སྲུང་བ་ནི་བརྟག་བརླིང་སྲུང་བའི་རྨང་གཞི་ཡིན་པ་དང་། བརྟན་བརླིང་སྲུང་བའི་དོན་དམ་གྱི་སྙིང་བོ་ནི་ཐོབ་ཐང་སྲུང་བ་ཡིན༽ཞེས་ཟེར། དེ་ཐོས་པ་ན། རྒྱ་ནག་ནི་ཞག་མ་གཅིག་གིས་ཨོ་ཝེལ་གྱིས་བྲིས་པའི་༼གཅིག་དགུ་གྱ་བཞི༽་སྟོང་སང་ངེ་བ་དང་སྐྱ་ཆིལ་ལེ་བ་དེ་རུ་ཕྱིར་ལོག་པ་དང་མཚུངས། དུས་དེར་མཁས་པ་རན་ཡོན་ཧྥེ་ལགས་ཀྱིས་ཏྲི་ཝི་ཏྲི་ཟིན་བྲིས་སྟེང་དུ། ༼གཅིག་དགུ་གྱ་བཞི་ཡི་པར་གཞི་འཕར་མ་སླེབས་བྱུང་། དམག་འཁྲུག་ནི་ཞི་བདེ་ཡིན་ཟེར། བྲལ་བཀོལ་ནི་རང་དབང་ཡིན་ཟེར། རྨོངས་རྟུལ་ནི་སྟོབས་ཤུགས་ཡིན་ཟེར། བརྟན་བརླིང་སྲུང་བ་ནི་ཐོབ་ཐང་སྲུང་བ་ཡིན་ཟེར། འོས་གཞི་གཅིག་ཅན་གྱི་འདེམ་ལུགས་ནི་འོས་འདེམ་ཡིན་ཟེར་རོ།།༽ཞེས་གསུངས་འདུག མིན་ཅན་ཀྲུའུ་ཡིས་བཤད་པ་ནི་ཁོ་སྒེར་གྱི་ལྟ་ཚུལ་མིན་པ་ཐག་ཆོད། དེ་ནི་ཞི་ཅིན་ཕིན་གྱི་སྐད་ཆ་དཔེར་བླངས་པ་དང་། ཁོ་རང་དུས་སྐབས་གསར་བའི་བློན་ངན་གདུག་རྩུབ་ཅན་དེ་བྱ་དགོས། ཞི་ཅིན་ཕིན་གྱིས་མའོ་ཙེ་ཏུང་ལ་སློབ་སྦྱོང་བྱ་རྒྱུར་བློ་ཐག་ཆོད་ན། ཁོའི་ཉེ་འཁོར་དུ་ཁང་ཧྲིན་ལྟ་བུའི་མི་སྣ་ཞིག་མེད་སྲིད་དམ།


བློན་ངན་གདུག་རྩུབ་ཅན་མེད་ན་སྒེར་གཅོད་པས་འབངས་མི་ཁྲི་མ་འབུམ་འཇིགས་སྣང་གིས་ཟིལ་གྱིས་གནོན་ཐབས་མེད་པ་དང་།
སྒེར་གཅོད་པ་མེད་ན་བློན་ངན་གདུག་རྩུབ་ཅན་ལ་ཞབས་ཞུ་བྱ་ཡུལ་མེད། སྒེར་གཅོད་པ་རེ་རེ་དང་ཁོ་ཚོའི་འདང་རྩིས་ཆེ་བའི་བློན་ངན་གདུག་རྩུབ་ཅན་གཉིས་ནི་བུ་སྤུན་མཚེ་མ་དང་འདྲ་ལ། གཅིག་སེམས་གཅིག་གིས་ཤེས་ཤིང་གར་སྟབས་ལང་ལིང་སྒྱུར་བ་ཡིན། ཞི་ཅིན་ཕིན་དང་ཀྲིག་ཡུང་ཁང་གཉིས་ཆ་རང་དབང་གི་དགྲ་བོ་ཡིན་པ་དང་། ཁོ་ཚོའི་བར་གྱི་འཛིང་རེས་ལ་དཀར་ནག་དང་དགེ་སྡུག་གི་ཁྱད་པར་གང་ཡང་བཤད་རྒྱུ་མེད་པ་དང་། མའོ་ཙེ་ཏུང་དང་ལིན་པེའོ་གཉིས་ཀྱིས་ཕན་ཚུན་ལ་བློ་ལོག་བྱས་པ་དང་མཚུངས་ཏེ་ཁྱི་ཡིས་ཁྱི་ལ་རྨུག་པའི་ཚུལ་ལས་མ་འདས། སི་ཏ་ལིན་གྱི་ལོ་རྒྱུས་འབྲི་མཁན་ཝོལ་ཁོ་ཀོ་ནོབ་ཀྱིས།༼སི་ཏ་ལིན་གྱིས་རང་གི་འདོད་བློ་བསྟུད་མར་བསྐངས་པ་དང་། འོན་ཀྱང་ཁོའི་ཁྲག་དྲི་ང་བའི་འདོད་བློ་དེ་ཧྲིལ་གྱིས་སྐོང་ཐབས་བྲལ་བའི་མཚམས་སུ། རང་དབང་ལ་རྒོལ་བའི་ནག་ཉེས་སྔར་མ་བྱུང་བ་བསགས། ཁོས་མི་རྣམས་ལ་རང་དབང་གིས་འཚོ་བ་རོལ་དུ་མ་བཅུག་པ་དང་རང་དབང་གིས་བསམ་བློ་གཏོང་དུ་མ་བཅུག༽ཅེས་བརྗོད་འདུག ལོ་རྒྱུས་ཀྱི་ཆུ་ཀླུང་ཞབས་མེད་ནི་མི་ཚང་མར་ཉེ་རིང་མེད་པར་གཏིང་ཟབ་ནའང་། ཤི་མཁན་ཟགས་པའི་བྲག་ཆ་ནི་དགེ་སྡུག་གང་ཡིན་གྱི་འབོད་སྒྲ་དང་དཔང་བོ་རུ་འགྱུར་ངེས། པོ་ཞི་ལེ་དེ་བཞིན་ཡིན་པ་དང་། ཀྲིག་ཡུང་ཁང་དེ་བཞིན་ཡིན་པ་དང་། ཅང་ཙེ་མིན་དེ་བཞིན་ཡིན་པ་དང་། ཧུའུ་ཅིན་ཐོ་དེ་བཞིན་ཡིན་པ་དང་། ཝུན་ཅ་པོ་དེ་བཞིན་ཡིན་པ་དང་། ཞི་ཅིན་ཕིན་ཡང་དེ་བཞིན་ཡིན་ནོ།།

མཆན། མ་རྩོམ་ནི་༼ཀྲིག་ཡུང་ཁང་མར་ཕབ་ཀྱང་དྲག་སྤྱོད་ཀྱིས་བརྟན་བརླིང་སྲུང་བ་མི་སྒྱུར༽ཞེས་པ་ལས་བཤུས། དྲ་འབྲེལhttp://minzhuzhongguo.org

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. tenzin says:
    ལོ་ 12 སྔོན།

    རྩོམ་ཡིག་ཧ་ཅང་ཡག་པོ་འདུག རྩོམ་མཁན་སྒྱུར་མཁན་གཉིས་ཆར་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese