མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་འོག་ཏུ་འཛུལ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁུ་རེ་མཱེ་རང་སྐྱོང་མངའ་ཁུལ་གྱི་གྲོས་ཚོགས་ནང་མང་མོས་ཐོག་ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་རྒྱུའི་ཐག་གཅོད་བྱས་ཏེ། དེའི་སྐོར་གྱི་སྙན་ཞུ་ཞིག་ཨུ་རུ་སུའི་གཞུང་ལ་སྤྲད་ཡོད་འདུག  ཟླ་འདིའི་ཚེས་ ༡༦ ཉིན། ཁུ་རེ་མཱེའི་མི་མང་གིས་ཡུའུ་ཁུ་རེ་ཡཱ་དང་ཨུ་རུ་སུ་གཉིས་གང་གི་འོག་ཏུ་འཛུལ་རྒྱུར་འོས་བསྡུ་བརྒྱུད་མང་མོས་ཐག་གཅོད་བྱ་འཆར་ཡོད་འདུག

ཁུ་རེ་མཱེ་(Crimea)ཞེས་པ་དེ་ནི། ཡུའུ་ཁུ་རཱེན་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཡོད་པའི་རང་སྐྱོང་མངའ་ཁུལ་ཞིག་ཡིན་པ་དང་། མངའ་ཁུལ་དེའི་མི་འབོར་མང་ཆེ་བས་ཨུ་རུ་སུའི་སྐད་ཡིག་བེད་སྤྱོད་གཏོང་གི་ཡོད་འདུག འདས་པའི་ཟླ་འགའི་གོང་ནས་ཡུའུ་ཁུ་རཱེན་ནང་ཟིང་འཁྲུག་བསྟུད་མུར་བྱུང་སྟེ། ཨ་རི་དང་ཡུ་རོབ་ཀྱི་རྗེས་འབྲང་པ་ཚོས་ད་ལྟའི་སྲིད་གཞུང་མགོ་རྟིང་བསློགས་ཏེ་གཞུང་གསར་པ་འཛུགས་དགོས་པ་དང་། ཡུ་རོབ་མཐུན་ཚོགས་དང་དཔལ་འབྱོར་ཚོང་འབྲེལ་བྱེད་དགོས་པའི་རེ་འདུན་འདོན་གྱི་ཡོད་པ་དང་། ཨུ་རུ་སུ་དང་རྒྱ་ནག་གི་རྗེས་སུ་འབྲང་མཁན་ཚོས་ཡུ་རོབ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད།

 ཟླ་སྔོན་མའི་ཚེས་ ༢༧ ཉིན་ཨུ་རུ་སུའི་ཕྱོགས་གཏོགས་ཚོས་ཁུ་རེ་མཱེའི་གནད་ཡོད་ས་གནས་བཙན་བཟུང་བྱས་ཏེ་ཨུ་རུ་སུའི་རྒྱལ་དར་སྒྲེང་འཛུགས་བྱས་ཤིང་། ཟླ་འདིའི་ཚེས་ ༡ ཉིན་ཨུ་རུ་སུའི་གྲོས་ཚོགས་ཀྱིས་ཁུ་རེ་མཱེའི་ནང་དམག་ཤུགས་གཏོང་ཆོག་པའི་གྲོས་ཆོད་བཞག་རྗེས། ཨུ་རུ་སུའི་དམག་མི་ ༡༦༠༠༠ ལྷག་གིས་མངོན་གསལ་དོད་པོས་རང་སྐྱོང་མངའ་ཁུལ་ཡོངས་རྫོགས་འཛིན་བཟུང་བྱས་ཡོད་པ་མ་ཟད་མེ་ཤུགས་འཕུར་མདའ་ཚོད་ལྟ་ཡང་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་ཧྥ་རན་སིའི་རྒྱལ་སར་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་བེ་རོབ་བེ་གཉིས་གཙོས་ཡུའུ་ཁུ་རེ་ཡཱ་དང་ཧྥ་རན་སི། དབྱིན་ཡུལ་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཁག་གི་ཚོགས་འདུ་ཞིག་ཚོགས་ཏེ། ཡུའུ་ཁུ་རཱེན་གྱི་ཛ་དྲག་གནས་སྟངས་སེལ་ཐབས་དང་། ལྷག་པར་དུ་ཨུ་རུ་སུའི་དམག་དཔུང་ཡུའུ་ཁུ་རཱེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མཱེ་ནས་ཕྱིར་འཐེན་བྱེད་དགོས་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཞིག་རང་སྐྱོང་ས་ཁུལ་དེའི་ནང་ཆེད་གཏོང་དགོས་པ་བཅས་ལ་གྲོས་བསྡུར་བྱས་ཡོད་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མི་འདུག  

ཁ་སང་སྦེལ་ལྗམ་གྱི་རྒྱལ་སར་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ཚོས་ཚོགས་འདུ་ཚོགས་ཏེ། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་གྲོས་བསྡུར་བྱས་ཡོད་པ་དང་། འཇར་མན་གཙོས་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུར་མོས་མཐུན་བྱས་མི་འདུག ཨུ་རུ་སུའི་གཞུང་གིས་གལ་སྲིད་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་ཚེ། ཨུ་རུ་སུའི་ནང་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མཉམ་འབྲེལ་ཁེ་ལས་དག་གི་རྒྱུ་ནོར་བེད་མེད་གཏོང་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད་འདུག

དེ་རིང་ཡུ་རོབ་མཐུན་ཚོགས་ཀྱིས། ཟླ་སྔོན་མའི་ནང་ཕྱིར་འཕུད་བཏང་ཟིན་པའི་ཡུའུ་ཁུ་རེ་ཡཱའི་སྲིད་འཛིན་ཟུར་བ་ཡཱ་ནོ་ཁོ་བེ་ཆི་(  Viktor Yanukovich) དང་། སྲིད་བློན་ཟུར་བ་ཨ་ཛྰ་རོབ་བེ་ ( Mykola  Azarov)གཉིས་གཙོས་སྐབས་སྔོན་མའི་སྲིད་གཞུང་གི་མཐོ་རིམ་མི་སྣ་བཅུ་དྲུག་ཙམ་གྱི་རྒྱུ་ནོར་ཡུ་རོབ་མཐུན་ཚོགས་འོག་གི་རྒྱལ་ཁབ་ ༢༨ ནང་ཡོད་ཚེ་བེད་མེད་གཏོང་དགོས་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་ ༡༥ ལྷག་གིས་ཡུའུ་ཁུ་རེ་ཡཱ་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པའི་ཐག་གཅོད་སོགས་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐེངས་འདིར་ཨུ་རུ་སུའི་དམག་དཔུང་གིས་ཁུ་རེ་མཱེ་བཙན་བཟུང་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཨུ་རུ་སུའི་སྲིད་འཛིན་པུའུ་ཊིན་གྱིས་ཡུའུ་ཁུ་རེ་ཡཱའི་གནད་དོན་སྐོར་ལ་གསར་འགོད་པར། ཁུ་རེ་མཱེའི་ནང་དམག་མི་རྣམས་རང་སྲུང་སྡེ་ཚན་ཞིག་ཡིན་ལས་ད་སྔ་ཨུ་རུ་སུས་དམག་མི་ས་ཁུལ་དེར་བཏང་མེད་པ་དང་། ཡུའུ་ཁུ་རཱེན་ཤར་ཕྱོགས་མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་བདག་དབང་ཡོད་ཅེས་བརྗོད་འདུག

ཁ་སང་སྲིད་འཛིན་པུའུ་ཊིན་གྱིས་རྒྱ་ནག་གི་རྒྱབ་སྐྱོར་རག་ཆེད་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ལ་ཁ་པར་བཏང་ཡོད་པ་དང་། དེའི་སྐོར་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཡུའུ་ཁུ་རཱེན་གྱི་གནས་སྟངས་ནི་རྙོག་འཛིང་ཆེ་ལ་ཚོར་བ་སྐྱེན་པའི་གནད་དོན་ཡིན་སྟབས། ཨུ་རུ་སུས་འཛམ་གླིང་དང་ས་ཁུལ་ཞི་འཇགས་བརྟན་བརླིང་ཡོང་ཆེད་སྲིད་དོན་གྱི་འབྲེལ་ལམ་བརྒྱུད་དེ་དཀའ་རྙོག་སེལ་ཐབས་བྱེད་དགོས་ཚུལ་བརྗོད་འདུག

ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་དམག་དཔུང་གི་ཡུའུ་ཁུ་རཱེན་རྒྱལ་ཁོངས་བཙན་བཟུང་བྱས་པ་དེ་ནི་ ཡུའུ་ཁུ་རཱེན་གྱི་བདག་དབང་དང་རྒྱལ་སྤྱིའི་རྩ་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། ཨ་རི་དང་ཧྥ་རན་སི་། དབྱིན་ཡུལ་གསུམ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་གྲོས་ཆོད་བཞག་ཡོད་སྟབས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་དུའང་འགལ་བ་བྱུང་ཡོད་འདུག གང་ཡིན་ཟེར་ན། འཇར་མན་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སུ་གཉིས་བར་སོལ་རླངས་གཙོས་ཚོང་ལས་དཔལ་འབྱོར་གྱི་འབྲེལ་ལམ་ཤུགས་ཆེན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist