བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞི་བའི་གོམ་བགྲོད་པ་རྣམས་སང་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ཧེ་ནི་ལ་འབྱོར་རྒྱུ་རེད།
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་དང་བླངས་བ་ ༥༥ ཙམ་གྱིས་ཞི་བའི་གོམ་བགྲོད་མགོ་འཛུགས་གནང་ཡོད་པ་ལྟར། ཉིན་གྲངས་ ༢༩ རིང་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ ༤ ཡི་ནང་གོམ་བགྲོད་གནང་སྟེ། སང་ཉིན་ཕྱི་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ཧེ་ནིར་འབྱོར་རྒྱུ་ཡིན་འདུག
གསར་འགོད་པས་ཁ་པར་བརྒྱུད་གོམ་བགྲོད་ནང་ཞུགས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་ལགས་སུ་གོམ་བགྲོད་སྐོར་སྐད་ཆ་དྲིས་པར་ཁོང་གིས། “ད་ལྟ་ཧར་ཡཱ་ནཱ་མངའ་སྡེའི་ས་མཚམས་ནས་བརྒལ་ཟིན་ལ། སང་ཉིན་ཕྱི་དྲོར་ལྡི་ལི་རོ་ཧེ་ནིའི་བོད་ཁྱིམ་སྡོད་ཁང་དུ་འབྱོར་རྒྱུ་དང་། གནངས་ཉིན་ལྡི་ལི་བསམ་ཡས་གླིང་དུ་འབྱོར་རྩིས་ཡོད། དེ་ནས་ཚེས་ ༡༠ ཉིན་ཇན་ཌར་མན་ཌར་ས་གནས་སུ་བོད་མི་རྣམས་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན། ”ཞེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།