མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མའི་ཁ་བཏཊ་ངས་ལས་ཁུངས་ནང་ཉར་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པས་གསུམ་བཅུའི་དུས་དྲན་སྲུང་གཙི་གནང་སྟེ་ཆེད་བཅར་སྐུ་མགྲོན་ཕོརཊ་ལན་གྲོང་ཁྱེར་སྤྱི་ཁྱབ་པས་གཏམ་བཤད་གནང་ཡོད་འདུག

ཕྱི་ཟླ་ ༣ པའི་ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན། ཕོར་ཊི་ལན་དང་ཝན་ཀོའི་ཝར་ (Portland/Vanccouver) ས་གནས་གཉིས་ཀྱི་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བཅས་མི་མང་ཉིས་བརྒྱ་མ་ཟིན་ཙམ་གྱིས། ཕོར་ཊི་ལན་གྲོང་འཁྱེར་སྲིད་གཞུང་གི་ལས་ཁུངས་མདུན་ཐང་ལ་འདུ་འཛོམས་བྱས་ཏེ། བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་ཐེངས་ ༥༥ པ་སྲུང་གཙི་གནང་སོང་།

མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་སྦྲགས་ནུབ་བྱང་བོད་རིགས་ཚོགས་པའི་ཚོགས་གཙོ་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་རྗེས། དུས་དྲན་ལ་ཆེད་བཅར་གནང་བའི་སྐུ་མགྲོན་གཙོ་བོ་ཕོརཊ་ལན་གྲོང་འཁྱེར་སྲིད་གཞུང་གི་སྤྱི་ཁྱབ་པ་སྐུ་ཞབས་ཆའར་ལིས་ཧེལ་སི་(Charlie Hales) མཆོག་གིས་གཏམ་བཤད་གནང་དོན། “ཐོག་མར་ཁྱེད་ཅག་གིས་ང་རང་ལས་འགུལ་འདིར་མཉམ་ཞུགས་བྱེད་པའི་གོ་སྐབས་ གནང་བར་ཐུགས་རྗེ་ཆེ་ཞུ། བོད་མིའི་ཚོགས་སྡེ་འདིའི་ངོས་ནས་གྲོང་འཁྱེར་གྱི་ལས་དོན་སྣ་མང་ལ་འཁུར་མཉམ་ལེན་གནང་སྟེ་ཟས་རིགས་མཁོ་སྤྲོད་ཀྱི་ལས་དོན་དང་། རོགས་སྐྱོར་ལས་འགན་སོགས་ལ་རྒྱབ་སྐྱོར་གནང་བར་ངས་གྲོང་འཁྱེར་འདིའི་ཚབ་བྱས་ཏེ་ཁྱེད་རྣམས་པར་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་གིས་འབད་བརྩོན་ཆེན་པོ་གནང་བ་ལ་བརྟེན་ནས། ལོ་སྔོན་མའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་དངོས་སུ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་ནི་ང་ཚོ་ཚང་མའི་གཟི་བརྗིད་ཡིན།” ཞེས་བརྗོད་སོང་།

ཁོས་མུ་མཐུད་དུ་བརྗོད་དོན། ” ང་རང་ཉིད་ལ་མཚོན་ནའང་། མི་ཚེའི་ནང་གི་བརྗོད་དཀའ་བའི་ཉམས་མྱོང་ཞིག་ཡིན། གོ་སྐབས་དེ་བརྒྱུད་ནས་ཁོང་གི་ཞི་མཐུན་དང་བྱམས་བརྩེའི་བསླབ་བྱ་དེ་དག་ཕོརཊི་ལན་དང་འཛམ་གླིང་མི་མང་གིས་གོ་ཐུབ་པ་བྱུང་ཡོད། ངས་༧གོང་ས་ཏཱ་ལའི་བླ་མས་གནང་བའི་ཁ་བཏགས་དེ་ང་རང་གི་ལས་ཁུངས་སུ་ཉར་ཏེ། གནད་དོན་གང་རུང་ཐག་གཅོད་བྱས་སྐབས་ཁོང་གི་བསླབ་བྱ་དེ་དག་སེམས་ནང་དྲན་པ་བྱེད་ཀྱིན་ཡོད་ལ། ངས་ཁོང་གི་དགོངས་བཞེད་ལྟར། གྲོང་འཁྱེར་འདིར་ཞི་བདེ་བག་ཕེབས་ཡོང་བའི་འབད་བརྩོན་ཞུ་བཞིན་ཡོད། མ་འོངས་པར་ང་རང་དངོས་སུ་བོད་ལ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། རྗེས་ཕྱོགས་ཀྱང་ང་ཚོས་མུ་འཐུད་དུ་ཕན་ཚུན་ལ་མཛའ་བརྩེ་དང་གྲོགས་པོའི་འདུ་ཤེས་བཟུང་སྟེ། ལས་དོན་མང་པོ་བསྒྲུབ་ཐུབ་པའི་རེ་བ་ཡོད།”ཞེས་བརྗོད་སོང་། མཇུག་ཏུ་ས་གནས་གཞོན་ནུའི་དྲུང་ཆེ་ལགས་ཀྱིས་དབུས་གཞོན་ལྷན་གྱི་གཏམ་བཤད་སྒྲོགས་སྦྱང་གནང་རྗེས། མི་མང་གིས་སྐད་འབོད་དང་བྱང་ཆུབ་སེམས་མཆོག་འདོན་བཞིན་གྲོང་འཁྱེར་ནང་སྐོར་སྐྱོད་དང་བོད་དོན་སྐོར་གྱི་ཡིག་ཆ་འགྲེམ་སྤེལ་བྱས་སོང་།

དེ་རིང་གི་ཁྲོམ་སྐོར་སྐབས་ནམ་རྒྱུན་དང་མ་འདྲ་བར་བོད་ནང་གི་གནས་སྟངས་ལ་མྱ་ངན་མཚོན་ཆེད་ཡིན་ཞེས་སྐད་འབོད་ཤུགས་ཆེན་པོ་བརྒྱབ་མེད་པ་དང་། འདས་པའི་ལོ་ཤས་ནས་གྲོང་འཁྱེར་སྲིད་གཞུང་གི་ལས་ཁུངས་མདུན་དུ་སུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྲོལ་ཡོད་ཀྱང་། ད་ལོ་རྒྱལ་དར་སྒྲེང་མེད་པའི་སྐོར་ལ་ཚོགས་གཙོ་བདེ་ཆེན་བར་མཚོ་ལགས་ཀྱིས། “སྔོན་མ་ལྟར་རྒྱལ་དར་བསྒྲེང་རྒྱུའི་སྐོར་གྲོང་འཁྱེར་ལས་ཁུངས་ལ་ནན་ཞུ་བྱས་པ་ཡིན་ཏེ། ཁོ་ཚོས་ཆོག་མཆན་ཁྱོན་ནས་གནང་མ་སོང་”། ཟེར།

ནམ་རྒྱུན་ལྟར་ན། ས་ཁུལ་འདི་གཉིས་ཀྱི་བོད་མི་ཚོས་བོད་དོན་ལས་འགུལ་རིགས་སྤེལ་སྐབས། ཕོར་ཊི་ལན་(Portland) གྲོང་འཁྱེར་དང་མངའ་སྡེའི་རྒྱལ་ས་བསེ་ལམ(Salem)། ཛ་དྲག་གི་སྐབས་ལ་རེར། ཁེ་ན་ཌའི་གྲོང་འཁྱེར་ཝན་ཀོའི་ཝར་བྷི་སི་(Vanccouver BC) རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་(རྒྱའི་གཞུང་ཚབ་ཡན་ལག་ཁང་དེ་ནི་ས་གནས་འདི་དང་བར་ཐག་ཉེས་ཤོས་དེ་ཆགས་ཡོད)གི་མདུན་སོགས་སུ་སྤེལ་སྲོལ་ཡོད།

༢༠༡༠ ལོའི་ཡར་སྔོན་དུ་སུམ་བཅུའི་དུས་དྲན་དང་ངོ་རྒོལ་ལས་འགུལ་རིགས་མང་ཆེ་བ་མི་མང་འདུ་ཐང་(Pioneer Squre) དུ་འཛོམས་ཏེ་སྤེལ་ཀྱི་ཡོད་ཀྱང་། ༢༠༡༠ ལོ་ནས་བཟུང་དམིགས་བསལ་གྲོང་འཁྱེར་སྲིད་གཞུང་གི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་དུས་དྲན་སྲུང་གཙི་ཞུ་བཞིན་ཡོད་ཅིང་། དེ་ནི་ནུབ་བྱང་བོད་རིགས་ཚོགས་པ་གཙོ་བྱས་པའི་ས་གནས་གཞོན་ནུ་དང་མི་མང་བཅས་མཉམ་རུབ་ཀྱིས་གྲོང་འཁྱེར་སྲིད་གཞུང་ལ་ཐེངས་མང་ཞུ་སྐུལ་བྱས་ཏེ། ༢༠༡༠ ལོ་ནས་ཟླ་ ༣ ཚེས་ ༡༠ ཉིན་ལ་༼བོད་ཀྱི་ཉིན་མོ་༽ཞེས་གཏན་འབེབས་གནང་ཏེ། ལོ་ལྟར་གཞུང་འབྲེལ་གྱིས་སྲུང་གཙི་ཞུ་བཞིན་ཡོད། སྐབས་དེའི་ཕོརཊི་ལན་གྲོང་འཁྱེར་སྲིད་གཞུང་གི་ཐག་གཅོད་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་རིམ་པར་སྤྲད་པ་མ་ཟད། རྒྱ་ནག་གཞུང་ཚབ་ནས་ཐེངས་གཉིས་ལ་མི་སྣ་ཆེད་མངགས་ཀྱིས་ཕོར་ཊི་ལན་གྲོང་འཁྱེར་སྲིད་གཞུང་གི་མགོ་ཁྲིད་ཚོར་ཉེན་བརྡ་བཏང་སྟེ། འོར་རྒན་མངའ་སྡེ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ལ་གནོད་པ་ཚབ་ཆེན་ཐེབས་རྒྱུ་ཡིན་ཚུལ་དང་། ཐ་ན་ཕོར་ཊི་ལན་གྱི་ཨེམ་བྷི་ཨེ་(NBA)ལག་རྩེད་སྤོ་ལོའི་རུ་ཁག་(Trail Blazers)གི་རྩེད་རིགས་དག་རྒྱ་ནག་ནང་སྟོན་མི་ཆོག་པ་བཟོ་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་ཀྱང་། སྐབས་དེའི་གྲོང་འཁྱེར་སྤྱི་ཁྱབ་པ་སེམ་ཨ་དམ་(Sam Adams)ལགས་གཙོས་པའི་མགོ་ཁྲིད་དག་གིས་རྒྱའི་གནོན་ཤུགས་ལ་ཁ་ཡ་བྱས་མེད་པ་མ་ཟད། གྲོང་འཁྱེར་སྲིད་གཞུང་གི་འགན་འཛིན་སྐུ་ཞབས་རན་ཌི་ལན་ནརཊ་(Randy Leonard)ལགས་ཀྱིས་རྒྱ་ནག་གི་འཐུས་མི་ཚོར། “གལ་སྲིད་ཚོང་འབྲེལ་གྱི་དམིགས་ཡུལ་གྲོང་འཁྱེར་གྱི་འགྲོ་ལུགས་དང་ང་ཚོའི་རང་དབང་ཉོ་བའི་ཆེད་དུ་ཡིན་ཚེ་ང་ཚོར་ཚོང་འབྲེལ་དེ་དག་དགོས་དོན་རྩ་ནས་མི་འདུག” ཅེས་སོགས་ལན་འདེབས་གནང་སྟེ། རྒྱ་ནག་གཞུང་ཚབ་ཀྱི་འཐུས་མི་དེ་དག་ཁ་སྐྱེངས་པོའི་ངང་ཕྱིར་ལོག་དགོས་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད།

ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese