མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱིའི་དྲི་བ་དྲི་ལན་ཐད་ཀྱི་སེམས་ཚོར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ལྗམ་གནས་སྡོད་ཆབ་འགག་དཔལ་ལྡན་གྱིས།

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་བདུན་པའི་ཐོག་བཅར་བའི་ཁྲིམས་ཞིབ་པ་ཆེ་བ་དང་སྲིད་སྐྱོང་གཉིས་ཀྱིས་གཙོས་བཀའ་བློན་དང་དྲུང་ཆེ་རྣམ་པ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་དབུས་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་ཡོངས་ལ་གོང་བཀུར་སྔོན་བཏང་གིས་ད་རེབ་གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་ཀྱི་དྲི་བ་དྲིས་ལན་བལྟས་རྗེས་ཀྱི་ཚོར་སྣང་ཅི་བྱུང་གསོང་བོའི་ལམ་ནས་བརྗོད་པར་སྤྲོ་བས་བརྟས།

དེ་ཡང་བོད་བཙན་པོའི་སྐབས་ཀྱི་བྱུང་རབས་ལོ་རྒྱུས་སྤྱི་དང་། ཡང་སྒོས་བོད་སིལ་བུར་འཐོར་ནས་དུས་ད་ལྟའི་བར་ནང་སྒྲིལ་བྱུང་མ་ཐུབ་པར་ཧ་ལམ་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་མི་ཉུང་བ་ཞིག་བརྩམས་ཤིང་། ལྷག་དོན་དུ་སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམ་པས་ཕྱི་དགྲ་འགོག་རྒོལ་གྱི་ཐབས་ཇུས་དེ་ཙམ་མ་བཏང་བར་ནང་གཉེན་དགྲར་བལྟས་ཀྱི་ཐབས་ཇུས་སྣ་མང་བརྩམས་ཡོད་པ་ང་ཚོས་རང་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་ན་གསལ་བོ་རྟོགས་ཐུབ། བྱུང་རབས་ལོ་རྒྱུས་ཀྱི་ཁྲོད་དུ་དགྲ་དགའ་གཉེན་སྡུག་གི་ལས་མང་བརྩམས་ཡོད་པ་ད་ལྟའི་བཙན་བྱོལ་བའི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པར་རྒྱུས་མངའ་ཡོད་པ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསལ། འདི་འདྲའི་རྒྱུས་མངའ་ཡོད་བཞིན་དུ་གྲོས་ཚོགས་རྭ་བའི་ནང་ཕན་ཚུན་ལ་ཟུར་ཟའི་ཚིག་གི་མདའ་མཚོན་འཕེན་རེས་བྱེད་པ་འདི་ནི་ཅི་འདྲའི་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད་ཨང་།

སྤྱི་འཐུས་དྲི་བར་བཀའ་ཤག་གིས་ལན་འདེབས་མ་གནང་བ་ཆིག་སྒྲིལ་གྱི་གནོད་གཞིར་འགྱུར་ཉེན།

ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ནི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་བོའི་རྩ་བའི་བཀའ་དགོངས་དང་འགལ་འཛོལ་མེད་ཐོག་ཁ་ཕྱོགས་མ་ནོར་བར་དམངས་ཕན་ལས་སྒྲུབ་ཀྱི་གལ་ཆེའི་སྒྲིག་འཛུགས་ཤིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། ཀུན་གྱིས་མཁྱེན་བཞིན་དུ་སྤྱི་འཐུས་རེ་ཟུང་གིས་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པར་གོང་བཀུར་དང་གདེང་འཇོག་མེད་པར་ཟུར་ཟའི་དྲི་ཚིག་འཕངས་ཤིང་། སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱིས་བོད་སྐད་འདང་ལ་མ་འདང་བའི་ཐོག་ཡ་རབས་ཚུལ་མཐུན་གྱི་དྲིས་ལན་བསྐྱོན་པར་ཡི་རངས་དང་རྣམ་དཔྱོད་ཅན་གྱི་ཁྱད་འབྲས་སུ་ངོས་འཛིན་ཞུས་པ་ཡིན། ཡང་སྤྱི་འཐུས་རེ་ཟུང་གིས་དོན་གཅོད་བསྐོ་གཞག་དང་གཞུང་ཞབས་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གི་རྙོག་གླེང་སྐོར་གྱི་གནས་ཚུལ་གསལ་འདྲི་གནང་བར་བཀའ་ཤག་གིས་ལན་འདེབས་གང་ཡང་མ་གནང་བར་སྣང་མེད་དུ་བཞག་སོང་། ཡང་བསྐྱར་སྤྱི་འཐུས་རེ་གཉིས་ཤིག་གིས་དྲི་བ་གཞན་གཙོར་འདྲི་གནང་ཞོར་དུ་གོང་གི་དྲི་བ་དེ་བསྐྱར་འདྲི་གནང་སོང་ཡང་སྔར་བཞིན་བཀའ་ཤག་གིས་ལན་འདེབས་གནང་མ་སོང་།

སྐབས་འདིར་ངས་དྲན་གསོས་པ་ཞིག་ལ་༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཕྱི་ལོ་ ༡༨༧༦ –༡༩༣༣ སྔ་ཕྱི་རིམ་པར་རྒྱལ་སྲུང་དང་སློབ་གསོ། བཟོ་ལས་སོགས་དང་འབྲེལ་བའི་དེང་རབས་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་ཀྱང་། དབང་ཡོད་དཔོན་རིགས་དང་སྐུ་དྲག་ཚོས་ “ནུབ་ཕྱོགས་རིག་གནས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བརླག་ཐེབས་ངེས་ཡིན“ ཞེས་སྣང་མེད་དུ་བཞག་པ་དེ་དང་། ཕྱི་ལོ་ ༡༩༣༢ ལོར་བོད་མི་རིགས་ཀྱི་འབྱུང་འགྱུར་གནས་བབ་སྐོར་ལ་གསུངས་པ། “ མི་འགྱངས་པར་གུང་ཁྲན་རིང་ལུགས་པ་ང་ཚོའི་ནང་ལ་འཛུལ་ཡོང་གི་རེད། ང་ཚོས་རང་ཉིད་ཀྱིས་རྒྱལ་སྲུང་གི་ཆོད་སེམས་འཇོག་དགོས། གལ་ཏེ་དེ་ལྟར་མ་བྱས་ན་གྲྭ་བའི་ཚེ་སྲོག་དང་དགོན་པ། ཆོས་སོགས་ལ་འཕྲོག་བཅོམ་ཐེབས་སྲིད་ལ། བོད་མིའི་རང་དབང་དང་རྒྱུ་ནོར་ལའང་འཕྲོག་བཅོམ་ཐེབས་སྲིད། སྐབས་དེར་ང་ཚོ་བཙན་འཛུལ་བའི་བྲན་གཡོག་ལ་གྱུར་ཏེ་སྤྲང་བོ་ལྟར་ཐམས་ཅད་ཤོར་ཞིང་འཁྱམ་པོ་ལྡོམ་པོར་ཆགས་སྲིད་” ཅེས་མ་འོངས་སྔོན་གསུངས་གནང་བར་སྐབས་དེའི་རང་གཞུང་གི་དཔོན་རིགས་དང་སྐུ་དྲག་དབང་ཅན་ཚོས་དོ་སྣང་བྱས་མེད། དེའི་རྐྱེན་གྱིས་ང་ཚོ་གུང་ཁྲན་བཙན་འཛུལ་བའི་བྲན་གཡོག་ཏུ་གྱུར་ཏེ་སྤྲང་བོ་ལྟར་ཐམས་ཅད་ཤོར་ཞིང་འཁྱམ་པོ་ལྡོམ་པོར་ཆགས་ནས་བགྲང་བྱ་བཅུ་ཕྲག་ལྔ་ལྷག་ཅིག་འགྲོ་བཞིན་པའི་ཡ་ང་བའི་གནས་སྟངས་འདི་ཆགས་པ་རེད།

རང་གཞུང་བཀའ་ཤག་གིས་གོང་བཀོད་གནས་ཚུལ་གྱི་དོན་སྙིང་རྟོགས་པའི་ཐོག་སྤྱི་ཚོགས་ཀྱི་སྲང་ལམ་ནས་འདེམས་སྒྲུག་བྱས་ཏེ་གྲོས་ཚོགས་རྭ་བའི་ནང་བསྣམས་ཕེབས་ཏེ་སྐད་ཆ་དྲིས་པར་ཕྱི་གསལ་ནང་གསལ་གྱི་ལན་འདེབས་ཤིག་མ་གནང་ཚེ་སྤྱི་ཚོགས་ནང་བཤད་ཡན་དེའི་རྐྱེན་བྱས་ཏེ་ད་ལྟའི་ཆིག་སྒྲིལ་གྱི་ནུས་པ་གཏོར་བརླག་གཏོང་བའི་གཞི་རྩར་འགྱུར་ཉེན་ཆེ། གལ་ཏེ་དེ་ལྟར་གྱུར་ཚེ་ང་ཚོའི་བདེ་སྐྱིད་རྨང་ནས་བཅོམ་ཞིང་ཀུན་གྱིས་འཕྱ་སྨོད་ཀྱི་གནས་སུ་འགྱུར་བའི་ངང་ཚུལ་འདི་ཚང་མས་ཀླད་མེད་ཅོལ་ཆུང་ཤེས་གསལ་རེད།  ད་ཐེངས་ཀྱི་སྲིད་སྐྱོང་འདི་བ་ཚང་སྔར་གྱི་བཀའ་ཁྲི་བཞིན་ལུས་ཀྱི་རྣམ་འགྱུར་ལ་ཡ་རབས་གཤིས་བཟང་གི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་རྗེས་ཆོད་པའི་སྐྱེས་བུ་ཞིག་རེད།  ཁོང་ལ་ཐུན་མོང་གི་དཀའ་ངལ་ཞིག་ཡོད་པ་ནི་གྲོས་ཚོགས་སར་བཀའ་ཤག་གི་ཡིག་ངོས་ལན་འདེབས་སྙན་སྒྲོག་གནང་སྐབས་བོད་ཡིག་གི་ཀློག་རྩལ་མེད་པ་དང་།  གཏམ་བཤད་གནང་སྐབས་བོད་སྐད་ཀྱིས་མི་འདང་བའི་དཀའ་ངལ་འདི་གཉིས་ངེས་པར་སེལ་ཐབས་ལ་ཅིས་ཀྱང་འབད་དགོས།

 དཀའ་ངལ་འདི་གང་མགྱོགས་མ་སེལ་ན་ང་ཚོའི་སྤྱི་ཚོགས་ནི་ལབ་མོ་ལ་དགའ་བའི་སྤྱི་ཚོགས་ཤིག་ཡིན་པའི་ངོས་ནས་རྒྱུན་དུ་བོད་ཡིག་གལ་ཆུང་དུ་རྩིས་མཁན་རྣམས་ཀྱི་ཁ་ལས་རླུང་རྟ་དར་ཏེ་མ་འོངས་པར་ང་ཚོའི་མི་རབས་གསར་བའི་སྤྱི་ཚོགས་འདི་བཞིན་གཞན་སྐད་རྐྱང་པའི་གཉའ་འོག་ཏུ་ཚུད་དེ་བོད་སྐད་གཙང་གཉེར་གནང་བའི་གཞིས་ལུས་མི་རབས་སྤྱི་ཚོགས་གཉིས་ཀྱི་བར་འགལ་འཛོལ་ཆེན་པོ་བཟོ་ཉེན་ཆེ། ལར་ནས་བཀའ་ཁྲི་གོང་མས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་ཇུས་གསར་བ་སྐུ་ཉིད་ནས་མུ་མཐུད་རྒྱུན་སྐྱོང་སྲ་བརྟན་དང་ཡར་རྒྱས་ཚགས་ཚུད་གཏོང་རྒྱུ་ཡིན་ལུགས་གྲོས་ཚོགས་སུ་བཀའ་ཕེབས་པ་བཞིན་སྐུ་ཉིད་ཀྱིས་ཀྱང་བོད་ཡིག་གི་ཚད་གཞི་གོང་མཐོར་གཏོང་བའི་རེ་སྒུག་ཆེའོ།།

སྤྱི་འཐུས་ཚོགས་གཙོའི་སྟངས་འཛིན་སྣང་མེད་དུ་བཞག་སྟེ་སྤྱི་འཐུས་འགས་འཛིན་སྐྱོང་བཀའ་ཤག་ལ་ཟུར་ཟའི་དྲི་ཚིག་འཕངས་པ་དང་འབྲེལ་བའི་ཡ་རབས་སྤྱོད་བཟང་ཉམས་རྒུད་དུ་འགྲོ་བའི་ཐད་ཀྱི་སེམས་ཚོར།  

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གི་བཙན་འཛུལ་འོག་ཏུ་ཤོར་ཏེ་སྤྲང་འཁྱམ་དུ་གྱུར་ཏེ་མིའི་ལུང་བར་སྐྱབས་བཅོལ་བར་ཕེབས་ནས་དུས་ཡུན་ཅུང་ཙམ་སོང་མཚམས་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་མཆོག་གིས་བོད་མི་རྣམས་མི་གཅིག་གི་དབང་སྒྱུར་འོག་སྡོད་མི་དགོས་པར་ནུབ་ཕྱོགས་ཡུལ་ཁག་སྤྱི་དང་། ཡང་སྒོས་གནས་ཡུལ་རྒྱ་གར་གཞུང་གི་དམངས་གཙོའི་འགྲོ་ལུགས་ལ་བརྟག་དཔྱད་རིམ་གནང་གིས་ཐོག་མར་མཱ་སི་རུར་སྤྱི་འཐུས་དགོས་གལ་ཆེ་ལུགས་ཀྱི་བཀའ་སློབ་བསྩལ། དུས་དེ་ནས་བཟུང་གོམ་གང་མདུན་སྤོས་ཀྱིས་ལོ་རབས་བདུན་ཅུ་བའི་ནང་མགོ་བརྩམས་ཏེ་དུས་ད་ལྟའི་བར་རྙོག་འཛིང་གང་འཚམ་ལྷག་ཞོར་སྤྱི་བའི་ལས་དོན་བསྒྲུབས་ནས་རྒྱུན་སྐྱོང་གནང་ཐུབ་པ་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་རེད། མགོན་གང་ཉིད་ཀྱིས་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཡང་འདི་རེད་མོད། འོན་ཀྱང་གྲོས་ཚོགས་འདིའི་བྱུང་རབས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ཆོལ་ཁའི་འཐེན་འཁྱེར་དང་། ཆོས་བརྒྱུད་རས་བཅད། གསར་རྙིང་དབྱེ་འབྱེད་ཀྱི་མཁྲེགས་འཛིན་གྱི་ལྟ་ངན་རྣམས་རིམ་བཞིན་ཉམས་རྨས་སུ་ཕྱིན་པའི་རྣམ་པར་མཐོང་ཐུབ།

ད་ལྟའི་གྲོས་ཚོགས་ཀྱི་སྤྱི་འཐུས་ཡོངས་ལ་སྔར་ལས་ལྷག་པའི་ལས་འགན་ལྕི་མོ་ཞིག་ཕྲག་ཏུ་བབ་ཡོད་པའི་གནས་ལུགས་དེ་ཨང་དང་པོར་བཞག་སྟེ་དྲི་ཚིག་འཕེན་སྐབས་ལུས་ཀྱི་རྣམ་འགྱུར་དང་ངག་ནས་བརྗོད་པའི་ཚིག་སོགས་ལ་གང་གཟབ་གནང་སྟེ་གནའ་བོའི་ཡ་རབས་སྤྱོད་བཟང་གི་ལམ་ལུགས་སྲོལ་དེ་ཡང་སེམས་སུ་གཟུང་དགོས་པའི་དུས་ལ་བབ་འདུག་སྙམ། ད་ལྟ་སྤྱི་འཐུས་བཞི་བཅུ་ཞེ་གྲངས་ཤིག་ཡོད་ཁོངས་སུ་སྐྱ་སེར་གཉིས་ཀ་འདུས་ཡོད། མི་སྐྱའི་སྤྱི་འཐུས་ལས་ཀྱང་སེར་མོ་བའི་སྤྱི་འཐུས་རེ་འགའ་གཤིས་ཀ་རྩུབ་ཅིང་། རེ་འགས་སྨྲ་བརྗོད་ཁ་ལ་འཁྱེར་ཏེ་ཟུར་ཟའི་ཚིག་འཁྱལ་བེད་སྤྱོད་གཏོང་སྟངས་ལ་གཞིགས་ནས་བཤད་ན། འདུལ་བ་འཛིན་པའི་འདུས་སྡེ་ཆེ་ཁག་གདན་ས་གསུམ་གཙོས་གཡུང་དྲུང་བོན་སྡེ་ཁག་ནས་ཐོན་པའི་དགེ་བཤེས་ཀྱི་མིང་ཐོབ་སྤྱི་འཐུས་དང་། དེ་བཞིན་འདུལ་ཁྲིམས་རྒྱུད་ལ་འཇགས་པའི་ཆོས་བྱེད་དགེ་འདུན་པའི་སྤྱི་འཐུས་ཚོས་གཞན་དང་མ་འདྲ་བའི་ནང་བའི་གཞུང་ནས་གསུངས་པའི་ཞི་དུལ་གྱི་སྤྱོད་བཟང་རྣམས་གྲོས་ཚོགས་རྭ་བར་བརྒྱུད་རྒྱ་ཆེའི་མི་སྐྱའི་སྤྱི་ཚོགས་སུ་མིག་སྟོན་བྱེད་དགོས་ནའང་དེ་ལས་ལྡོག་སྟེ་སྡིག་པའི་ཁོངས་སུ་གཏོགས་པའི་ཟུར་ཚིག་བེད་སྤྱད་དེ་དྲི་ཚིག་འཕངས་པ་འདི་རང་རེའི་མི་རབས་གསར་བས་ཆོས་ཕྱོགས་སུ་དད་པ་བྱེད་པའི་འགག་རྡོ་ལྟར་གྱུར་ཡོད།

འདུལ་གཞུང་ལ་སྦྱངས་པའི་དགོས་དོན་ནི་བྱམས་བརྩེས་ཟིན་པའི་བསམ་བློ་རང་རྒྱུད་ལ་བསྐྱེད་དེ་ཉེ་རིང་ཆགས་སྡང་བྲལ་བའི་བཏང་སྙོམ་ལ་གནས་བརྟུལ་ཞུགས་འཛིན་རྒྱུ་དེ་རེད། བཏང་སྙོམ་ཞེས་པའང་དྲང་བདེན་གྱི་བཏང་སྙོམ་གོ་དགོས་པ་སྐབས་བབ་ཀྱི་གོ་དོན་རེད། དེ་མིན་རང་ཉིད་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཉོབ་ཐུབ་མཁན་གྱི་སྤྱི་འཐུས་ཤིག་མིན་ན་ཡང་། ནུབ་ཕྱོགས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ལས་དོན་མཐོང་ཐོས་བྱུང་ཡོད་ཅེས་དང་། མ་འོངས་ལོ་བཅུ་དེ་སྲིད་སྐྱོང་གི་ལུང་བསྟན་མིན་ན་ཞེས་སོགས་ཀྱི་དྲི་ཚིག་འཕངས་པ་འདུལ་ཁྲིམས་དང་མཐུན་པའི་དགེ་འདུན་པ་ཞིག་གིས་གནང་སྟངས་གཏན་ནས་མིན་པར་འཁུམས། སྤྱི་འཐུས་རེ་འགས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་གོ་མེད་ཚོར་མེད་དུ་བཞུགས་མཁན་ཡང་གང་མང་འདུག སྤྱི་འཐུས་རེ་འགས་འཆར་གཞི་གང་ཡང་མ་བཏང་བར་གཞན་གྱི་དྲི་ཚིག་དེ་དགོས་མེད་ཀྱི་བསྐྱར་འདྲི་ཐངས་མང་གནང་མཁན་གང་མང་རེད།

སྤྱི་འཐུས་ལོ་སྣ་རྒན་པ་ཁག་གཅིག་གིས་རྒན་ཚིགས་ཟིན་ནས་བཀའ་ཤག་གི་ལས་ཀྱི་སྣེ་མོ་བ་ལ་དྲི་ཚིག་འཕེན་མཁན་ཡང་རེ་ཟུང་མཐོང་། ས་པཎ་གྱིས། རིགས་པས་འཐད་ན་བྱིས་པ་ཆུང་ཆུང་ཞིག་གི་ངག་ནས་ཐོན་པའི་སྐད་ཆ་ཡིན་ཡང་ཉན་དགོས་པའི་བསླབ་བྱ་ཟབ་མོ་གནང་ཡོད་པ་ང་ཚོས་ཉེར་ལེན་གནང་དགོས། ༧གོང་ས་མཆོག་གིས་ཀྱང་། ད་ཐེངས་ཀྱི་གྲོས་ཚོགས་སར་ “སོ་སོ་སྒེར་གྱི་ཐོག་ནས་སྨྲ་བརྗོད་རང་དབང་རེད། ག་རེ་བཤད་ན་ཁྱད་པར་མི་འདུག ངོ་གདོང་ལག་ལེན་གྱི་ཐོག་ནས་ཁྱེད་རང་ཚོ་གྲོས་ཚོགས་ཚོགས་མི་མང་པོ་ཞིག་ཡོད་པ་རེད། ཚང་མས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་། འཕྲལ་ཕུགས་རྒྱང་གསུམ་ལ་བོད་རྒྱ་ཆེ་མི་མང་ས་ཡ་དྲུག་ལ་གྱོང་མ་རག་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་རྒྱ་ཆེ་མི་མང་ལ་རང་དབང་གི་ཐོག་ནས་དབུགས་གཏོང་ལེན་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་དག་ང་རང་ཚོས་ཇི་ལྟར་བསྐྱབ་ཐུབ་པ་ཞིག་དང་སྲུང་ཐུབ་པ་ཞིག་འདུག དེ་ཡོང་བར་གཙོ་བོ་རྒྱ་རིགས་མང་ཚོགས་ནང་ང་ཚོའི་བོད་པར་ཤ་ཚ་དང་གདུང་སེམས་མཉམ་སྐྱེད་ཡོང་བསྡད་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་དག་དགོངས་པར་བཅངས་ཏེ་ཧུར་ཐག་གནང་རོགས།” ཞེས་བཀའ་ཕེབས་ཡོད།

གྲོས་ཚོགས་སུ་བཀའ་ཕེབས་ཏེ་གསུང་དྲོད་མ་ཡལ་བར་བསྡད་ཡོད་པའི་རིང་ཚོགས་དུས་བདུན་པ་མགོ་འཛུགས་གནང་བ་རེད། སྤྱི་འཐུས་ཀྱི་དྲི་བ་དང་བཀའ་ཤག་གི་ལན་འདེབས་དང་འབྲེལ་བའི་བྱེད་སྒོ་གང་འཚམ་ཞིག་བརྙན་འཕྲིན་བརྒྱུད་འཛམ་གླིང་གང་སར་ཁ་འཐོར་བའི་རང་གཞུང་གི་འབངས་མི་དང་། བོད་དོན་རྒྱབ་སྐྱོར་གྱི་རོགས་ཚོགས་ཁག་གིས་གསན་གཟིགས་གནང་ན་ཚོར་སྣང་ཅི་ཞིག་འབྱུང་ངམ། དགྲ་བོ་དམར་གཞུང་གིས་ད་ནས་བརྩིས་པའི་མི་ལོ་ཉི་ཤུའིི་རྗེས་ན་བཙན་བྱོལ་སྒྲིག་འཛུགས་ལ་རྩིས་ཅི་འདྲ་ཞིག་བརྒྱག་གི་ཡོད་དམ། ད་དུང་གྲོས་ཚོགས་ནང་འཛིན་སྐྱོང་བཀའ་ཤག་ནས་སྤྱི་འཐུས་སྒེར་བ་གང་མང་ཞིག་གིས་ར་མ་ལུག་གི་སྐད་ཡིག་ཕངས་གསུམ་པ་ཞིག་བེད་སྤྱོད་གཏོང་བཞིན་པ་འདིས་གཞིས་བྱེས་གཉིས་ཀྱི་རང་ལུས་མེ་རུ་བསྒྲོན་མཁན་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་རྩིས་མེད་རྡོག་རོལ་བཏང་བར་ངོས་འཛིན་དང་། རྒྱའི་མུ་ནག་གི་བཙོན་དུ་བཞུགས་མཁན་རྣམས་ཀྱི་སྙིང་སྟོབས་ལ་གདེང་འཇོག་གནང་གི་མེད་པའི་ཚོར་སྣང་བྱུང་།

ང་ཚོ་མི་དཀྱུས་མ་མི་ཉུང་བ་ཞིག་གིས་དང་བླངས་ཐོག་རེས་གཟའ་སྤེན་པ་འཆར་ཅན་འདི་ཁུལ་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཆེད་སློབ་གྲྭ་གསར་འཛུགས་གནང་སྟེ་མི་རིགས་ཀྱི་སྐད་ཡིག་དང་ཆོས་རིག་གི་ངོ་རྟགས་གཅེས་འཛིན་གནང་སྟེ་རང་ཉིད་ནས་མགོ་བརྩམས་ཏེ་ཕ་སྐད་གཙང་མ་བཤད་པའི་ལས་འགུལ་ནུབ་ཕྱོགས་སྤྱི་ཚོགས་ནང་སྤེལ་དང་སྤེལ་མུས་ལགས་ན། རང་གཞུང་ལས་ཀྱི་སྣེ་མོ་བ་རྣམ་པས་རང་སྐད་གཙང་མ་བསྐྱོན་རྒྱུ་ནི་ལྡོག་ཏུ་མེད་པའི་ལས་ཀྱིས་གནང་བའི་སྐལ་བ་ཞིག་རེད་འདོད།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 4

  1. བསྟན་འཛི་ཀླུ་སྒྲུབ། says:
    ལོ་ 11 སྔོན།

    ཡག་པོ་གསུངས་འདུག སེར་མོ་བ་དེ་འདྲ་ཡོད་ན་སེམས་པ་སྐྱོ།

    Reply
  2. བསྟན་ཆོས། says:
    ལོ་ 11 སྔོན།

    རེད་རེད། ང་ཚོས་གྲོས་བ་རེ་རེའི་དོན་མེད་དགོས་མེད་ཙམ་དུ་མ་ཟད། མི་དགོས་མི་འོས་པའི་བརྗོད་པ་དང་ཉམས་འགྱུར་དག་ལ་རེ་རེ་བཞིན་དབྱེ་ཞིབ་ཅིག་གནང་རན་རེད་འདུག མི་མང་བོས་དཔེ་ལན་ས་ཞུས་དང་ཞུ་བཞིན་ཡོད་ཙང ་།

    Reply
  3. thapkegyatso says:
    ལོ་ 11 སྔོན།

    བདེན་བདེན་འདྲ་གསུངས་འདུག་མོད། ད་དུང་བློ་ཁོག་གིས་མ་འདང་བ་ཡིན་ནམ། མང་བོ་ཞིག་བསྐུངས་འདུག

    Reply
  4. སྲས་ལྡན་མ་རྩེ་མང་། says:
    ལོ་ 11 སྔོན།

    ཡག་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese