མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་དགོངས་ཞུ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་ཎན་སི་པཱ་ཝལ་ལགས་གཞུང་ཚབ་ནས་དགོངས་པ་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༣༡ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་ཎན་སི་པཱ་ཝལ་ (Nancy J. Powell) ལགས་གཞུང་ཚབ་ནས་དགོངས་པ་ཞུས་ཏེ་ཕྱིར་ཨ་རིར་ལོག་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་ཁང་གི་སྐུ་ཚབ་གཞོན་པ་ལྕམ་ལྡེ་བེ་ཡྰ་ནེ་ (Devyani Khobragade) ལགས་ཀྱིས། ཨ་རིའི་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་དོན་འོག་འཛིན་བཟུང་འདྲི་གཅོད་བྱས་པ་དང་། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༡༧ ཉིན་རྒྱ་གར་གཞུང་གིས་རྒྱ་གར་ཨ་རིའི་གཞུང་ཚབ་ཁང་གི་སྟངས་འཛིན་འོག་ཡོད་པའི་ཤེས་ཡོན་བསྟི་གནས་ཁག་ལ་དམ་དྲག་བྱ་རྒྱུའི་བཀའ་རྒྱ་བཏང་བ། ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་སྲུང་སྐྱོབ་ར་བ་དང་། རྒྱ་གར་གཞུང་གིས་སྤྲད་པའི་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ཚོའི་ཐོབ་ཐང་ཁག་ཕྱིར་བསྡུ། དེ་བཞིན། ཇོར་ཇི་བྷུ་ཤི་ ( George W. Bush) སྲིད་གཞུང་གིས་གྲོས་ཆོད་བཞག་པའི་རྡུལ་ཕྲན་གློག་ཤུགས་མ་ལག་བཀོལ་གཏོང་ ( Civil Nuclear Power Plant) གི་སྲིད་ཇུས་ཁག་ལག་བསྟར་མ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སོགས་ཀྱི་དབང་གིས་གཞུང་ཚབ་ནས་དགོངས་པ་ཞུས་པ་ཞིག་ཡིན་སྐོར་བརྗོད་འདུག

ཨ་རིའི་གཞུང་གི་མགྲིན་ཚབ་པ་གཞོན་པ་ལྕམ་ཧེད་ཧྥ་ ( Marie Harf ) ལགས་ཀྱིས། “གསར་འགྱུར་བརྒྱུད་ལམ་ཁག་གིས་ཉེ་ལམ་རྒྱ་གར་དང་ཨ་རིའི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་ཎན་སི་པཱ་ཝལ་ལགས་གཞུང་ཚབ་ནས་རྩ་དགོངས་ཞུས་པ་ཞིག་ཡིན་ཚུལ་བརྗོད་པ་དེ་གོ་མེད་ཚོར་མེད་ཀྱིས་དཀྲོག་གཏམ་ཞིག་རེད།”ཅེས་སྐྱོན་བརྗོད་བྱས་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་གར་གཞུང་གིས་ཨ་རིའི་གཞུང་ཚབ་ཁང་གི་སྲུང་སྐྱོབ་ར་བ་ཕྱིར་བསྡུ་བྱས་པ་ཙམ་མ་ཟད། ཨ་རི་དང་རྒྱ་གར་བར་བཞག་པའི་གྲོས་ཆོད་མང་པོ་ཞིག་དུས་ལྟར་ལག་བསྟར་དོན་འཁྱོལ་མ་བྱས་སྟབས། ཨ་རིའི་གཞུང་ཚབ་དགོངས་པ་ཞུས་པ་ཞིག་ཡིན་སྐོར་བརྗོད་འདུག

ལྕམ་ཎན་སི་པཱ་ཝལ་ (Nancy J. Powell) ལགས་ནི། ཕྱི་ལོ་ ༡༩༤༧ ལོར་ཨ་རིའི་སེ་ཌར་ཧྥོལ་ (Cedar Falls) གྲོང་ཁྱེར་དུ་སྐྱེས་ཤིང་། གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཐོན་རྗེས་ཨ་རིའི་ནུབ་ཕྱོཊ་ཀྱི་ལོ་ཝ་གཙུག་ལག་སློབ་ཆེན་ (University of Northern Iowa) དུ་སློབ་སྦྱོང་གནང་ཡོད། ཕྱིས་སུ་ཨ་རིའི་ཕྱི་བསྐྱོད་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་གནང་ཡོད་པ་དང་། ༡༩༩༠ ལོ་ནས་ ༡༩༩༢ ལོའི་བར་ཊོ་གྷོའི་ (Togo) དང་། དེ་རྗེས་བྷང་ལ་དྷེ་ཤེ། བལ་ཡུལ། པ་ཀི་སི་ཐན། ཁེ་ན་ཌ། ཡུ་གྷན་ཌ། གྷ་ན་སོགས་ཀྱི་ནང་ཨ་རིའི་གཞུང་ཚབ་ཀྱི་ལས་འགན་བཞེས་ཡོད་པ་དང་། ༢༠༠༩ ལོ་ནས་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༣ བར་ཨ་རིའི་ཕྱི་བསྐྱོད་གཞུང་ཞབས་འདེམས་ལྷན་གྱི་འགན་འཛིན་གནང་ཡོད། ༢༠༡༢ ཟླ་ ༦ ཚེས་ ༥ ནས་ ༢༠༡༤ ཟླ་ ༣ ཚེས་ ༣༡ བར་རྒྱ་གར་ཨ་རིའི་གཞུང་ཚབ་གནང་བ་བཅས་ཁྱོན་ལོ་ ༣༧ རིང་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

སྐར་མ ༣༤ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

སྐར་མ ༤༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese