མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་ཡག་པོ་ཡོད་མཁན་ཚོས་སྐྱོ་བོ་ཚོར་ལྟ་རྟོག་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་ཚོང་ལས་བདེ་ཚོཊ་ཀྱི་ཚོཊ་ཆེན་ཐོག་སྤྱི་འཐུས་ཚོཊ་གཙོ་མཆོག་གིས། ཚོང་ལས་ཟེར་བ་འདི་སོ་སོ་སྒེར་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཙམ་མིན་པར། སྤྱི་ཚོཊ་ཁྱོན་ཡོངས་ལ་འགན་འཁུར་ཐུབ་པར་བྱ་རྒྱུ་གལ་ཆེན་ཆཊ་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ངྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པ་དབུ་འཛུཊ་ཀྱི་མཛད་སྒོ་ཞིག་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། དེ་བཞིན། ཕྱི་རྒྱལ་གྱི་སྐུ་མགྲོན་དང་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན། བོད་མིའི་སྒྲིག་འཛུཊ་ཀྱི་འཕྲོད་བསྟེན་དང་ནང་སྲིད། ཤེས་རིག་བཅས་ཀྱི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། བོད་མའི་ཚོང་ལས་སྡེ་ཁག་དབུས་ས་གཉིས་ཀྱི་ཚོགས་གཙོ་དང་ཚོགས་མི་བཅས་མི་ ༡༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོཊ་ཀྱི་དུས་དེབ་ ( TCC Activity Magazine) དབུ་འབྱེད་དང་འབྲེལ་ཚོང་ལས་བདེ་ཚོགས་ཀྱི་ཕུལ་བྱུང་ཚོང་པ་ཁག་ཅིག་ལ་གཟེངས་བསྟོད་ཕྱག་འཁྱེར་བཅས་གནང་སོང་ལ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོཊ་གཙོ་སྐལ་བཟང་ནོར་བུ་ལཊ་ཀྱིས་གཏམ་བཤད་གནང་སྐབས། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གསར་འཛུཊ་དང་མང་གཙོའི་ལམ་བཟང་གསོལ་སྩལ་གནང་བ་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་མཆོག་ལ་ཕུལ་གནང་བ་དེས། བོད་མི་ཚོས་སོ་སོའི་རིག་གཞུང་དང་ཆབ་སྲིད། མི་མང་། དེ་བཞིན་འཛམ་གླིང་གི་ཆབ་འབངས་ཤིག་གི་འགན་འཁྲི་འཁུར་ཐུབ་ཀྱི་ཡོད་པ་གསལ་བཤད་བྱས་ཡོད་སྟབས། ༢༠༠༥ ལོར་དཔལ་འབྱོར་ལས་ཁུངས་དང་བཙན་བྱོལ་བོད་གཞུང་གི་རོགས་རམ་འོག་ཚོང་ལས་བདེ་ཚོགས་འདི་གསར་འཛུགས་གནང་བ་ཞིག་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

ཚོང་ལས་བདེ་ཚོཊ་ཀྱི་དྲུང་གཞོན་ཐུབ་བསྟན་བྱམས་པ་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་སྐབས། ༢༠༡༣ ལོར་བལ་ཡུལ་གྱི་ཚོགས་མི་ ༡༤ དང་རྒྱ་གར་ནང་གི་ཚོགས་མི་ ༦ བཅས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དང་ནེའུ་ཡོག སེན་ཧྥི་རན་སི་སི་ཁཱོ་བཅས་ཀྱི་གནད་ཡོད་མི་སྣ་དང་ཚོང་པ་ཁག་ཐུག་འཕྲད་ཀྱིས་བོད་རིགས་ཀྱི་ཐོན་སྐྱེད་ཁག་འགྲེམ་སྤེལ་དང་གོ་བསྡུར་སོགས་ཚོགས་པའི་ཚོགས་མི་ཕྱི་རྒྱལ་ལ་གཟིགས་སྐོར་ཕྱིན་པ་ཐོག་མ་དེ་ཆགས་ཀྱི་མེད་པར། ༡༩༤༨ ཟླ་ ༧ ཚེས་ ༤ ཉིན་ཞྭ་སྒབ་པ་བདེ་ལྡན་དབང་ཕྱུག་མཆོག་དབུས་པའི་ཚོང་ལས་བདེ་ཚོགས་ཤིག་རྒྱ་ནག་དང་ཨ་རི། དབྱིན་ཡུལ་སོགས་ནང་ཕེབས་ཡོད་པ་དང་། ༢༠༡༣ ལོར་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་ ༢༠ ཙམ་ཞིག་ཨ་རིར་འགྲོ་ཐུབ་པ་བྱུང་ཡོད་སྐོར་སོགས་བརྗོད་བྱུང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ ང་ཚོའི་སྤྱི་ཚོགས་ནང་རང་ཁ་རང་གསོའི་ཐོག་སྐད་ཆ་མང་པོ་ཞིག་འགྲོ་བསྡད་ཀྱི་ཡོད། སྤྱི་ཡོངས་ནས་ཚོང་ལས་ཟེར་བ་འདི་སོ་སོ་སྒེར་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཙམ་མིན་པར་སྤྱི་ཚོཊ་ཀྱི་འགན་འཁུར་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་ཆཊ་ཡོད། སོ་སོའི་མི་ཚེའི་ནང་ཚོང་ལས་ཡག་པོ་བྱུང་བ་མ་ཟད་འཆི་བའི་སྐབས་དང་ཉལ་སའི་ནང་ལྷུང་བའི་སྐབས་སུའང་། མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བ་ཡིན་བསམ་པ་བྱས་ཏེ་བློ་བདེ་པོའི་ཐོག་ཤི་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། གནས་སྟངས་ཀྱི་ཐོག་ནས་ཁ་ཤས་ཤིག་དཔལ་འབྱོར་ཡག་པོ་ཆགས་ཀྱི་ཡོད་ལ། ཁ་ཤས་ཉམས་རྒུད་དུ་འགྲོ་བཞིན་ཡོད་སྟབས། དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་མཁན་ཚོས་སྐྱོ་བོ་ཚོར་ལྟ་རྟོག་བྱ་རྒྱུ་སྤྱི་ཚོགས་ཀྱི་འགན་ཆགས་ཡོད། ” ཅེས་གསུང་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། “ མི་སོ་སོའི་འཇོན་ཐང་དང་ནུས་པ་འདོན་པར་ཤེས་ཡོན་དགོས་ཀྱི་ཡོད། ཤེས་ཡོན་མེད་ཚེ་ནུས་འཇོན་གཉིས་འདོན་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། ཤེས་ཡོན་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཚེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་གནས་སྟངས་སོཊ་འཕེལ་རྒྱས་འགྲོ་གི་རེད། སུད་སི་དང་མ་ལེ་ཤི་ཡ། སིང་གྷ་པུར། ཨི་སེ་རལ། ཉི་ཧོང་། ཀོ་རི་ཡ་སོགས་ཀྱིས་ཤེས་ཡོན་ལ་མ་རྩ་བླུགས་སྟབས། ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པ་ཙམ་མ་ཟད། འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་སྔར་ལོའི་བར་གཟེངས་རྟགས་ ༨༡༤ ཡས་མས་ཕུལ་ཡོད་པའི་ཁྲོད་ཇིའུ་མི་རིགས་ཀྱིས་ ༡༤༧ བླངས་ཡོད། ཉི་ཧོང་དཔལ་འབྱོར་ཡར་རྒྱས་སུ་ཕྱིན་པའི་རྒྱུ་མཚན་གཙོ་བོ། གཞུང་གིས་ཤེས་ཡོན་གལ་ཆེར་བརྩིས་ཏེ་མི་རབས་སྐྱེད་སྲིང་བྱས་པ་དང་། མི་སྒེར་པ་པཱ་ནཱ་སོ་ཎིག་ (Panasonic) སོགས་ཀྱིས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་པ་རེད། པཱ་ནྰ་སོ་ཎོག་གི་ཕ་གྲོངས་རྗེས་ཨ་མས་འཚེམ་བུ་བརྒྱབ་ཏེ་འཚོ་བ་སྐྱེལ་སྟབས། ཁོས་ཨ་མའི་སྡུག་བསྔལ་སེལ་ཆེད་འཁོར་འཚེམ་ཞིག་བཟོས་པ་རེད། རིམ་བཞིན་མིང་དེ་འཛམ་གླིང་ཐོག་ཡར་ཐོན་ཅན་གྱི་འཕྲུལ་ལས་ཚན་རྩལ་ཁེ་ལས་ཤིག་ཆགས་ཡོད། བོད་མིའི་ཚོང་ལས་བདེ་ཚོགས་ཁྲོད་པཱ་ནཱ་སོ་ཎིག་ (Panasonic) ནང་བཞིན་གྱི་ཚོང་པ་དེ་འདྲ་ཐོན་ཐུབ་པའི་རེ་བ་རྒྱག་གི་ཡོད།”ཅེས་གསུངས་སོང་།

བོད་མིའི་ཚོང་ལས་བདེ་ཚོགས་ཕིྱི་ལོ་ ༢༠༠༥ ལོར་གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་འདིར་རྒྱ་བལ་གཉིས་སུ་ཚོགས་མི་ ༢༣༥ ཡོད་འདུག  ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ། བོད་མིའི་ཚོང་པ་ཡོང་རྫོགས་ཚོང་ལས་བདེ་ཚོགས་ཀྱི་སྒྲིག་གཞིའི་ཁོངས་སུ་ཚོང་ལས་ཁེ་ཕན་བསྐྲུན་རྒྱུ་དང་། བོད་པའི་ཚོང་པ་ཡོངས་ཀྱི་ཚབ་མཚོན་པའི་ཐོག་གཞུང་སྒེར་གྱི་ཚོགས་པ་ཁག་དང་འབྲེལ་ལམ་ཁེ་ཕན་བསྐྲུན་ཐབས་བྱ་རྒྱུ། བོད་མིའི་ཚོང་པ་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུཊ་དབར་འབྲེལ་ལམ་འཛུཊ་རྒྱུ། བོད་མིའི་གནས་ཡུལ་ཁག་རྒྱུན་གནས་ཐུབ་པའི་ཚོང་དོན་ལས་གཞི་སྤེལ་རྒྱུ་དང་ལས་མེད་བོད་མིའི་དཀའ་ངལ་སེལ་རྒྱུ། སྒྲིག་འཛུཊ་མེད་པའི་བོད་མིའི་ཚོང་ལས་གཞི་རྒྱ་ཆུང་བའི་རིགས་སྒྲིག་འཛུཊ་ལྡན་པའི་ཚོང་ལས་ནང་འཛུལ་ཐབས་སུ་ལམ་སྟོན་རོགས་རམ་གནང་རྒྱུ། གཞིས་བྱེས་གཉིས་བར་ཚོང་དོན་སྒོ་མོ་ཕྱེ་ཐུབ་པར་འབད་བརྩོན་གནང་རྒྱུ་བཅས་ཡིན་འདུག 

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 2

  1. བསྟན་ཆོས། says:
    ལོ་ 11 སྔོན།

    ཧ་ཧ་ཧ། བཛྲ་སུ་མ་ཏི་ལགས། ང་ཚོའི་མི་རབས་གསར་བའི་དབུ་འཁྲིད་གཉིས་ཀྱིས་ཚོང་བ་ཚོས་ཀྱང་”རང་ཀྱོང་གཞན་ཁེ”ཡི་ཚོང་རྒྱོབས་གསུང་ཡོད་ནི་མ་ར།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    ད་ངོས་གནས་ཐང་ཆད་སོང་། ང་ཚོས་བོད་གཞུང་གི་མཛད་གཙོ་ཡོད་ཚད་ཀྱི་སོ་སོའི་གནས་ཚད་ལ་མི་བསམ་པར་ག་དུས་ཡིན་ན་ཡང་གསུང་བཤད་ནི་༧གོང་ས་མཆོག་གི་བཀའ་སློབ་དང་འདྲ་བོ། རང་ལས་གཞན་གཅེས་འཛིན་དག་དག་བཤད་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese