མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ཏུ་སྐྱེ་བར་ཤོག༼བརྙན།༽

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཉེ་འཁྲིས་བརྒྱུད་སྟོད་གྲྭ་ཚང་དུ་བླ་མ་མཆོད་པའི་བཀའ་ཁྲིད་གནང་བ་དང་བསྟུན་ཏེ། ཉེ་ལམ་ཕྱི་ཟླ་ ༣ པའི་ཚེས་ ༣༠ ཉིན་བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་སྨན་ཁང་ཞིག་ཏུ་སྐུ་གཤེགས་པར་མྱ་ངན་དང་། དམ་པ་ཁོང་སླར་ཡང་བོད་མི་ཞིག་གི་སྐྱེས་པ་བཞེས་ཏེ་བོད་མི་རིགས་ཀྱི་དོན་དུ་ཕྱག་ལས་མུ་མཐུད་གནང་ཐུབ་པར་ཐུགས་སྨོན་གནང་སོང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༨ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 8

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ༄༅།། སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་དྲན་གྱི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་འཕྲིན་དེ་གཞན་ཞིག་གིས་ཡིག་ཐོག་ཕབ་འདུག་ཅིང་། ཁོ་བོས་དེ་ཕྲན་བུ་ཞུ་སྒྲིག་གིས་འདིར་བཀོད་ཡོད་པས། ཕན་ཐོགས་ཡོང་བའི་རེ་བ་ཡོད།

    “འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་གོ་ནས་སེམས་ཕམ་པོ་བྱུང་། སྤྱིར་བཏང་ཁོང་རང་དགུང་ལོའི་ཆ་ནས་བྱས་ན། དགུང་ལོ་ཧ་ཅང་མཐོ་པོ་རེད། ཡིན་ནའང་ད་དུང་ལོ་ཁ་ཤས་ཤིག་བཞུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་ཞིག་ཡོད་པས། གློ་བུར་ཞིག་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག
    འབའ་བ་ཕུན་ཚོགས་དབང་རྒྱལ་བོད་རིགས་ཀྱི་ནང་ནས་ཤེས་ཡོན་དང་། འཇོན་ཐང་། དེ་བཞིན་ལྷག་བསམ་བཅས་ཀྱི་ཆ་ནས་འབུར་དུ་ཐོན་པའི་མི་སྣ་ཞིག་ཆགས་ཡོད། བོད་པའི་སྤྱི་ཚོགས་ནང་གསར་བརྗེའི་ལམ་དུ་འགྲོ་ཐུབ་པ་ཞིག་དང་། ལྷག་པར་དུ་མཀ་སེའི་ལྟ་གྲུབ་སྐོར་ལ་ཆེད་དུ་བཀར་ནས་རྩོད་སྒྲུབ་དངོས་པོའི་རིང་ལུགས་སྐོར་ལ་མཐར་ཕྱིན་པའི་མཁས་པ་བོད་པ་ཙམ་དུ་མ་ཟད། རྒྱ་མི་དང་ཨུ་རུ་སུའི་ནང་ལའང་ཁོང་དང་མཉམ་པ་དེ་འདྲ་དཀོན་པོ་ཡིན་གྱི་རེད། ཡང་སྒོས་མི་རིགས་ཀྱི་ཤ་ཞེན་ནི་བསམ་བརྗོད་ལས་འདས་པ་ཞིག་ཡོད་རེད། དེའི་དབང་གིས་ཁོ་རང་གི་སྐུ་ཚེའི་ནང་ལ་ལོ་མང་བཙོན་ཁང་ནང་བཞུགས་དགོས་པའི་གནས་སྟངས་བྱུང་བ་རེད།
    ༸སྐྱབས་༸མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཚུལ་དུ་རྒྱ་ནག་ལ་ཕེབས་པའི་སྐབས་ལ་ཧ་ལས་པའི་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་དང་། མི་སྒེར་གྱི་ཆ་ནས་༸རྒྱལ་བ་རིན་པོ་ཆེས་ཐུགས་བློས་ལིང་འགེལ་གནང་ཆོག་པའི་མི་ཞིག་བྱུང་བ་རེད། ཁོང་རང་༸གོང་ས་མཆོག་ལ་དགའ་ཞེན་ཧ་ལས་པའི་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་བཀའ་མོལ་ཞུས་པའི་སྐབས་ལ་ལམ་སེང་མིག་གཞའ་འཁོར་ཡོང་མཁན་ཞིག་ཡོད།
    ང་རང་སྒེར་ལ་ཆ་བཞག་ནའང་། རྒྱུན་རིང་པོའི་བར་དུ་གྲོགས་པོ་བློས་ཐུབ་བྱས་ནས་བསྡད་པ་རེད། དངོས་སུ་ཐུག་པ་དེ་ཐེངས་གཅིག་གཉིས་ཤིག་མ་གཏོགས་བྱུང་མེད། ཡིན་ནའང་ཐུག་པའི་སྐབས་ལ་ཉིན་མཚན་སྦྲེལ་ནས་སྐད་ཆ་བཤད་དེ་གནས་ཚུལ་མང་པོའི་ཐོག་ལ་གོ་བསྡུར་བྱེད་ཀྱི་ཡོད། མ་ཐུག་པའི་སྐབས་ལའང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་གོ་བསྡུར་བྱས་པ་ཡིན། ལྷག་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཚགས་གཏན་འབེབས་བྱེད་པའི་སྐབས་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གོ་དོན་དང་། དེ་བཞིན་རྒྱ་ནག་དབུ་ཁྲིད་ཚོའི་དགོངས་པ་བཞེས་ཕྱོགས་དེ་འདྲ་མང་པོ་ཞིག་གི་ཐོག་ལ་ང་ཚོས་དོན་མ་རྟོགས་པ་རྣམས་ཁོང་རང་ལ་བཀའ་འདྲི་ཞུས་ནས་བྱེད་ཀྱི་ཡོད་རེད།
    ཁོང་གིས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་གནད་དོན་འདི་ཐག་གཅོད་ཅིག་ཡོང་ཐུབ་པ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་རྒྱུའི་ཆེད་དུ་ཧ་ཅང་གིས་སེམས་ཤུགས་དང་ལྷག་བསམ་ཆེན་པོ་ཡོད་མཁན་ཞིག་རེད། ཐོག་མར་བརྒྱད་ཅུ་གྱ་གྲངས་ནས་བོད་རྒྱ་ཞི་མོལ་འགོ་ཚུགས་དུས་ནས་འབྲེལ་བ་ཡོད་པའི་མི་ཞིག་ཆགས་ཡོད་འདུག དེར་བརྟེན་ཁོང་རང་གི་སྐུ་ཚེའི་རིང་ལ་སྤྱིར་བཏང་མཀ་སེའི་རིང་ལུགས་སྐོར་དང་། དེ་བཞིན་སྤྱིའི་ཚན་རིག་སྐོར། ལྷག་པར་དུ་མཀ་སེའི་ལྟ་གྲུབ་ཐོག་ནས་མི་རིགས་ཀྱི་གནས་བབ་བཅས་ཀྱི་ཐོག་ལ་ཡིག་འཇོག་རྒྱ་ཆེན་པོ་གནང་མཁན་ཞིག་རེད།
    སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕུན་ཚོགས་དབང་རྒྱལ་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཚོད། དེ་སུ་ལ་ཡིན་ནའང་ཡོང་ཆོག་པ་དང་ཡོང་བཞིན་པ་ཞིག་རེད། འོན་ཀྱང་དོན་དམ་གྱི་ཆ་ནས་ཁོ་རང་གིས་མི་ཚེ་གཅིག་གི་ཕྱག་ལས་གནང་སྟངས་དེ་ཚོ་ཁོ་རང་གི་མི་ཚེའི་ལོ་རྒྱུས་ནང་ཞིབ་ཚགས་པོ་གཟིགས་པ་ཡིན་ན་གནས་ཚུལ་ཆ་ཚང་མཁྱེན་རྟོགས་ཡོང་ཐུབ་པ་ཞིག་རེད། དེར་བརྟེན་དེ་རིང་ཁོང་སྐུ་ཚེ་མ་ཟིན་པ་དེ་ལ་བློ་ཕམ་དང་། ཁོ་རང་གི་བྱས་བསགས་སྡིག་ལྟུང་བྱང་ནས་སླར་ཡང་བོད་མི་ཚད་ལྡན་ཞིག་ལ་སྐྱེ་བ་ལེན་པ་དང་། བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་བའི་སྨོན་ལམ་རྒྱག་གི་ཡོད།” ཅེས་གསུངས་སོ། །

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    བློ་བཟང་དབང་ཕྱུག་ལགས། འབའ་ཕུན་གྱིས་བོད་ཁ་ཐོར་གཏོང་ཆེད་དུ་ཁོ་རང་གི་ཁེ་ཕན་བློས་བཏང་ཡོད་ན་མ་གཏོག བོད་ལ་ཕན་ཆེད་འབྲས་བུ་གྲུབ་སྡད་པ་ཅི་ཡང་ནུས་ཡོད་པ་མ་རེད། སྡེ་དགེ་བྱ་རྒོད་སྲས་གྱི་དགོངས་གཞི་རླབས་པོ་ཆེའི་བར་ལམ་རྐེད་ལམ་ནས་གཏུབ་པའི་རྣམ་སྨིན་གྱིས་མི་ལོ་༡༨ ལ་དམར་བཙོན་དུ་སྡོད་དགོས་ཐུག་རེད་ཝའ།

    Reply
  3. བསྟན་ཆོས། says:
    ལོ་ 12 སྔོན།

    འབའ་ཕུན་ད་རབས་བོད་མི་ཞིག་ཏུ་སྐྱེས་པས་བོད་མི་དེ་འདྲ་མང་བོ་ཞིག་དམར་བོས་བསད་པ་རེད། མ་ཟད་མུ་མཐུད་ནས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་ཚང་མས་མཐོང་གསལ་རེད། འདིས་མི་ཚིམ་པར་ད་དུང་བོད་པར་སྐྱེས་པར་སྨོན་དགོས་པ་ཅི་ཡོད་དམ། བོད་རྩ་མེད་ཕྱིན་པར་སྨོན་པ་དང་གཅིག་པ་མ་རེད་དམ།

    Reply
  4. བློ་བཟང་དབང་ཕྱུག says:
    ལོ་ 12 སྔོན།

    བོད་ཀྱི་དོན་དུ་རང་གི་ཁེ་ཕན་བློས་བཏང་གིས་མི་ལོ་བཅོ་བརྒྱད་བཙོན་དུ་བཅུག་པ་དང་།བཙོན་གྲོལ་རྗེས་ནས་ཀྱང་བོད་ཀྱི་རྩ་དོན་ཆེད་དུ་བཟང་བཙོན་འོག་བསྡད་དགོས་བྱུང་ཡོད།དེ་བཞིན་༧གོང་ས་མཆོག་ནས་ཀྱང་གདེང་འཇོག་ཚད་མེད་གནང་ཏེ་མི་རིགས་ཀྱི་དཔའ་བོ་་་ཞེས་པའི་མཚན་གསོལ་ཡོད།
    ད་དུང་ཆོལ་ཁའི་ཕྱོགས་རིས་ཅན་ཚོས་ངན་སྨྲས་སྣ་ཚོགས་བྱས་བ་དང་རོ་ཐོག་རྟ་རྒྱུག་བཟོ་བ་དེ་ནམ་ཡང་བརྗེད་མི་སྲིད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    འབྱོར་ལྡན་རྒྱལ་ཁབ་གཅིག་ཏུ་ཨེ། འོ་ན། ངས་འདས་པོ་འབའ་ཕུན་ལགས། བོད་ཀྱི་རྒྱལ་ས་པེ་ཅིན་དུ་བོད་རིགས་ཁྱིམ་ཚང་ལ་ཅིག་ལ་སྐྱེ་རུ་བཅུག་དགོས། ཧཧ།

    Reply
  6. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ཕུན་དབང་དམ་པ་ཁོང་ནས་བོད་སྤྱི་ཚོགས་ལ་ནང་རྙོག་དྲ་གཙོ་བོ་འབྱུང་གཞི་གདོན་འདྲེ་ཤུགས་ལྡན་དང་འབྲེལ་བ་སྤུ་ཙམ་ཡང་མེད་ས་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་གནང་སོང་ཞེས་བོད་ནང་གི་ཁོང་གི་གྲོགས་པོ་ཞིག་ནས་གསུང་བ་གོ་ཐོས་བྱུང་།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    རྒྱལ་ཁབ་མེད་ས་ཞིག་ཏུ་སྐྱེ་བའི་སྨོན་ལམ་བཏབ་ན་སྨོན་ལམ་ཡག་པོའི་ཕྱོགས་སུ་འགྲོ་མིན་ཁག་ས་རེད་ཡ་་་་དེ་ལས་འབྱོར་ལྡན་རྒྱལ་ཁབ་ཅིག་ཏུ་སྐྱེས་ན་ཡག་པོ་མེད་འགྲོ

    Reply
  8. ཤག་སྒང་པ། says:
    ལོ་ 12 སྔོན།

    ཟམ་གདོང་རིན་པོ་ཆེ་མཆོག་ལ་ན་མོ།

    གཞོན་སྐྱེས་ཚོས་འབའ་བ་མཆོག་གི་ཕྱག་རྗེས་ལ་དོ་སྣང་གསར་པ་ཞིག་སླེབས་ངེས་རེད།

    ངེས་པར་དུ་དོ་སྣང་དང་སློབ་སྦྱོང་བྱ་དགོས་པའི་ལེ་ཚན་ཞིག་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese