མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་རྒྱའི་ནང་དཔྱད་ཡིག་ལ་བལྟས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

མའི་སོར་ལུགས་བསམ་ཁོངས། ཨཱ་ཅརྱཱ་པདྨ་འོད་ཟེར།

༄༅།། ཉེ་སྔོན་བོད་ཀྱི་དུས་བབ་(༢༠༡༤།༠༤།༡༧)དྲ་རྒྱའི་ནང་ཀོ་ལི་སྒར་དོན་ལྡན་གླིང་ནས་རྒྱལ་གཅེས་ལྷག་བསམ་ཅན་གཞུང་པ་ཚེ་དབང་བསོད་ནམས་ཀྱིས་༼ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་སྲིད་སྐྱོང་ལ་དཔྱད་པའི་གཏམ།༽ཞེས་པའི་ཆེད་རྩོམ་འདི་མཇལ་སྐབས། ཁོང་ནས་མང་གཙོའི་འགན་དབང་ལོངས་སུ་སྤྱད་ནས་འདི་ལྟ་བུའི་སྔ་རྗེས་ལན་མང་དགོངས་ཚུལ་འབྲེལ་ཡོད་ལས་ཁུངས་དང་བརྒྱུད་ལམ་ཁག་ཏུ་གཏོང་གནང་བར་རྗེས་སུ་ཡི་རངས་དང་བཅས་གུས་པས་ཀྱང་གནད་དོན་ལ་ཕན་མིན་ཇི་ལྟར་ཡང་འདི་འབྲེལ་ཚིག་རེ་གཉིས་ཞུ་འདུན་བྱུང་།

མངའ་གསལ་བཞིན་དེང་མང་གཙོའི་རིང་ལུགས་འཛིན་པ་དང་ལྷག་པར་ཕྱག་བསྟར་གནང་མཁན་རྣམ་པས་བླ་ན་མེད་པའི་མཛད་འཕྲིན་གྱིས་གཞན་སེམས་འགུག་པའི་ཐབས་ཤེས་གཙོ་བོར་མ་ཡིན་པར། བཅའ་ཁྲིམས་དང་ཁྲིམས་ལུགས་ཁག་ནས་བསྐུར་བའི་འགན་དབང་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་རེ་བ་ཡོད། གལ་སྲིད་དེང་གཞུང་དང་མང་ཚོགས་ཀྱིས་འགན་འཁུར་ལ་ལྷོད་གཡེང་ཕྲན་བུ་ཕྱིན་པ་ཡིན་ན། ཐུགས་མངའ་བཞིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལོ་མང་རིང་འབད་བརྩོན་གནང་བའི་ཁྲིམས་ཀྱིས་དབང་བསྒྱུར་གྱི་ལམ་སྲོལ་འདི་ཉིད་ཉིན་ཞིག་ཐི་གུ་སྣེ་ཤོར་དུ་འབྱུང་མིན་ཇི་ལྟར་ཡང་བསམ་གཞིག་ཞུ་དགོས་པ་ཞིག་ཏུ་མཐོང་།

དེ་ཡང་དཔྱད་གཏམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་ཡུལ་མིའི་རྒྱལ་ཁབ་ཅེས་པ་དེ་ཡུལ་མིའི་སྲིད་སྐྱོང་དུ་ཁ་ཕྱོགས་ཚུལ་ལ་ཐུགས་དོགས་ཡོད་ཚུལ་གསུངས་པ་དོན་དང་ལྡན་ཞིང་། དེ་ཡང་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་”མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས།”ཞེས་པ་འདི་ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས་ལ་བསྐྱར་བཅོས་གནང་བ་ནི་དཔལ་ལྡན་ཁྲིམས་བཟོ་ལྷན་ཚོགས་དབུས་གྲོས་ལ་དབང་བ་རྣམས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་ཐུགས་སྣང་ཆེར་མ་ཞུས་པར་འགྱུར་བ་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅིང་། འདི་ནི་གད་མོ་འཆོར་བའི་རྒྱུ་རང་མ་ཟད་མ་འོངས་པའི་གནད་དོན་ཡིན་པས་དེ་བས་བསྐྱར་བཅོས་ཞུ་དགོས་སུ་མ་མཐོང་།

ཡང་བཅའ་ཁྲིམས་ནང་བཀའ་བློན་ཁྲི་བ་ཞེས་པའི་ཚིག་དེ་སྲིད་སྐྱོང་དུ་འགྱུར་བ་གནང་བའི་ཐད་ ༢༠༡༡ ལོར་༸གོང་ས་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་སྲིད་སྐྱོང་ལ་གནང་བའི་ཉིན།༸མགོན་པོ་གང་གི་བཀའ་སློབ་དང་སྐབས་དེའི་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་གསུང་བཤད་ནང་རྒྱུ་མཚན་དང་བཅས་སྲིད་སྐྱོང་ཞེས་གསལ་པོར་གསུང་ཡོད་ནའང་གོ་ཚོར་མེད་པར་ནར་ལུས་ཀྱིས་བསྐྱར་བསྐུལ་དང་གླེང་ཕྱོགས་མང་ཙམ་རྗེས་མཐར་འཛིན་སྐྱོང་ནས་གྲོས་འཆར་ཕུལ་ཏེ་བསྐྱར་བཅོས་གནང་བ་ཞིག་རེད། སྐབས་དོན་བཀའ་ཁྲིར་སྲིད་སྐྱོང་དུ་འགྱུར་བ་སོང་བའི་རྗེས་འབྲེལ་བཀའ་བློན་རྣམ་པར་བློན་ཆེན་དང་ལས་ཁུངས་ཀྱང་བློན་ཆེན་ལས་ཁུངས་སུ་འགྱུར་བ་གནང་ལེགས་རྒྱུ་མཚན་དང་བཅས་གསལ་ནའང་། སྲིད་སྐྱོང་མཆོག་གིས་དམིགས་འདོན་གནང་བའི་བཀའ་བློན་ཡིན་པའི་རྒྱུ་མཚན་གྱིས་མཚན་འདིས་མ་འཐུས་པ་ཞིག་མ་མཐོང་ཞིང་ལས་ཁུངས་བདུན་ལའང་བློན་ཆེན་ལས་ཁུངས་ཁག་ཅེས་ཞུ་བཞིན་རེད།

ཡང་ ༡༩༩༡ ལོར་གཏན་འབེབས་གནང་བའི་བཅའ་ཁྲིམས་དོན་ཚན་དང་པོའི་མགོ་འཛུགས་ཅེས་པ་བཅའ་ཁྲིམས་གསར་པའི་ནང་མི་འདུག་པ་དང་དགོས་ངེས་ཡིན་པའི་འགྲེལ་བཤད་ལ་རྒྱབ་བསྐྱོར་ཡོད། རང་ནས་བཅའ་ཁྲིམས་ ༢༠༡༢ ལོར་ཐེང་གཉིས་དཔར་བསྐྲུན་གནང་བའི་ཕྱི་མ་ཡིན་ཤག་ཅན་ལས་དེ་མིན་མཇལ་ཁོམ་མ་བྱུང་བར་དེའི་ནང་དུའང་དེ་དོན་འདུག ལར་ནས་དེང་སང་གནད་ཡོད་མི་སྣ་མང་པོ་ཞིག་གིས་བཅའ་ཁྲིམས་དང་ཁྲིམས་ཡིག་ཁག་བསྐྱར་བཅོས་དང་ཡང་བཅོས་ཕྱིར་བསྡུ་སོགས་ལན་མང་གནང་བ་མ་ཟད། ཕྱིས་ཐོན་བཅའ་ཁྲིམས་ཀྱི་མཇུག་ཏུ་སྔ་རྗེས་འགྱུར་བ་ཇི་སོང་བལྟ་བདེ་མ་གསལ་བས་ཆེད་མཁས་སྤྱི་འཐུས་རེ་ཟུང་ལས་ཤེས་རྒྱུ་དཀའ་བས་ལྟ་ཡི་མེད་གསུང་མཁན་ཡང་མཐོང་།

ཡང་བཅའ་ཁྲིམས་དོན་ཚན་༧༡ནང་ཁྲིམས་དོན་ལས་ཁུངས་ཕྱིར་འཐེན་གྱིས་དོན་ཚན་ ༦༡ པ་ཀ་བའི་ནང་གསར་འཇུག་གིས་ཚོགས་དྲུང་ལས་ཁུངས་ཀྱི་འོག་བཞག་ཡོད་པ་སོགས་ཀྱི་ཐད། ངས་མཇལ་བའི་གོང་ཞུས་བཅའ་ཁྲིམས་༼ སྔོན་གླེང་མཇུག་ཏུ་ ༢༠༡༢།༡༡།༠༧ འཁོད་༽འདིའི་ནང་དོན་ཚན་ ༧༡ མ་ཡིན་པར་དོན་ཚན་ ༧༠ རེད་འདུག འདི་ནི་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱིར་བསྡུ་དང་ཁྲིམས་བཟོ་ལྷན་ཚོགས་སུ་བཞག་འདུག ཕྱིར་བསྡུ་དང་ག་བསྒྱུར་གཉིས་དོན་གཅིག་མིན་པ་མངོན་གསལ་དང་། སྤྱི་ལྷན་ལ་ཁྲིམས་བཟོའི་འགན་དབང་ཡོད་པས་རང་ཕྱོགས་ལ་དགེ་མཚན་དུ་གཟིགས་པ་ཞིག་ཡིན་ཤེས་ཆེ། འོན་ཀྱང་ཕྱིར་བསྡུ་དང་གསར་འཇུག་ག་བརྒྱུར་བཅས་གསལ་ཁ་མེད་པར་ཐབས་མཁས་ཀྱིས་བཏང་སྙོམས་སུ་བཞག་པ་མིན་ནམ་དྲན། ལར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བོད་མི་ཡིན་ནོ་ཅོག་གིས་སྙིང་ནས་བརྩི་བསྐུར་དང་ཉམས་ལེན། དམ་འབུལ་སྐབས་ཡིད་ཆེས་དང་བློ་གཏད་ཞུ་དགོས་པར་སོང་གལ་གནད་ཆེ་རིགས་ལས་བསྐྱར་བཅོས་སོགས་མང་ན་དགེ་མཚན་དུ་མ་མཐོང་ཤིང་འདི་ནི་ཁྲིམས་ཐམས་ཅད་ཀྱི་འབྱུང་ཁུངས་དང་གཞི་མ་ཡིན་པས་སོ།།

གལ་ཆེ་བའི་དོན་ཚན་གཞན་ཞིག་ནི་སྔོན་གྱི་བཅའ་ཁྲིམས་ནང་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ལ་འཕོ་འགྱུར་གནང་རྒྱུའི་ལམ་སྲོལ་ཡོད་ཀྱང་། བཀུར་འོས་དཔལ་ལྡན་ཁྲིམས་བཟོ་ལྷན་ཚོགས་ནས་རང་ཉིད་གཅིག་པུར་འགྱུར་བ་བྱ་ལམ་མེད་པ་བཟོས་གནང་བ་མ་ཟད། ཕྱིར་བསྡུའི་ནང་དུའང་གཞན་མཚུངས་མི་གསལ། འདི་ནི་ནང་ཆོས་སུ་འཛམ་གླིང་འདི་བསྐལ་པ་མེ་བདུན་ཆུ་གཅིག་གི་འཇིག་པའི་སྐབས་རྒྱ་གར་རྡོ་རྗེ་གདན་མི་འཇིག་པར་ཟོ་བ་གནམ་ལ་དཔྱང་པ་བཞིན་ལྷག་འགྲོ་ཚུལ་གསུངས་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་དང་རང་དབང་ལྡན་པའི་སྡེ་ཚན་གསུམ་གྱི་ཁྱབ་ཁོངས་དང་བཅས་པ་མེད་པར་གྱུར་ནའང་གོང་དཔེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གངས་སྐྱིད་དུ་ཀྲོང་ངེར་བཞུགས་རྒྱུའི་ཐུགས་རེ་མིན་ནམ་སྙམ། དཔྱད་གཏམ་འདི་ལས་འཕྲོས་ཏེ་གུས་པས་བཅའ་ཁྲིམས་འདིའི་ནང་དོན་འབྲེལ་ཆགས་ཁག་དང་མཇུག་ཏུ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་༼༢༠༡༣།༠༤།༠༡ བཅའ་ཁྲིམས་བསྐྱར་བཅོས་ཉེར་དགུ་པ།༽དོན་ཚན་གསུམ་གནང་འདུག་པ་སོ་སོར་མཇལ་བའི་བསམ་ཚུལ།

༼༡༽ དོན་ཚན་བཅུ་གཅིག་པ། བསྐྱར་བཅོས་ཀྱི་ཚིག་བརྗོད་གསར་རྙིང་གཉིས་ལས་ཚིག་བརྗོད་རྙིང་པའི་ནང་ཁ་གསལ་གོ་བདེ་ཡོད་པ་དེ་གསར་པའི་ནང་མེད་པ་ཆགས་འདུག དཔེར་ན་ཚིག་བརྗོད་རྙིང་པར་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་དང་གསར་པའི་ནང་བོད་ཀྱི་ཡུལ་མི་ཕོ་མོ་འཁོད་པ་དང་རྙིང་པའི་ནང་ཁྲིམས་ལུགས་དང་གསར་པའི་ནང་ཁྲིམས་སྒྲིག་འཁོད་པར་འདི་ཡན་ཁ་གསལ་མིན་ཙམ་ལས་དེ་ཙམ་ཁྱད་མེད་ནའང་། འདི་མན་ཚིག་བརྗོད་རྙིང་པའི་ནང་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་ཉེར་ལྔ་ཧྲིལ་པོ་ལོན་པ་ཡན་ཚང་མར་འོས་གཞིར་གཞུག་པའི་ཐོབ་ཐང་ཡོད་ཅེས་དང་གསར་པའི་ནང་བོད་ཀྱི་ཡུལ་མི་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད་ཙམ་ལས་ལོ་གྲངས་མ་གསལ་བས་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པ། སྤྱི་འཐུས་འོས་ཆོས་ནང་ལོ་གྲངས་གསལ་བ་དང་འགལ་འདུག གལ་སྲིད་དོན་ཚན་འདིའི་ནང་ཡོད་པའི་རྒྱུ་མཚན་གྱིས་བསྐྱར་བཅོས་ནང་མ་བཀོད་པ་ཡིན་ན། བཅའ་ཁྲིམས་དོན་ཚན་བཅུ་གཅིག་པ། སྤྱི་འཐུས་ཀྱི་འོས་བསྡུ་དང་འོས་གཞིའི་ཐོབ་ཐང་ནང་རང་ལོ་བཅོ་བརྒྱད་གསལ་བས་བསྐྱར་བཅོས་ཚིག་བརྗོད་གསར་པའི་ནང་བཀོད་པ་ནོར་འདུག

ཡང་ཆེས་གལ་ཆེའི་དོ་སྣང་ཞུ་དགོས་གཞན་ཞིག་ལ་གོང་ཞུས་བཅའ་ཁྲིམས་བསྐྱར་བཅོས་༼༢༽ དོན་ཚན་ཉེར་དགུ་པ། ནང་གསེས་ ༡ བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར་ཞེས་པའི་མགོ་བརྗོད་འོག་བསྐྱར་བཅོས་ཚིག་བརྗོད་རྙིང་པའི་ནང་སྲིད་སྐྱོང་ཞེས་གསར་བཅུག་གནང་པ་འགྲིགས་ངེས་ཀྱང་། ཡང་འདིའི་ནང་གསེས་༢པའི་སྐོར་རང་འཇག་དང་ཕྱིར་བསྡུ་གང་ཡིན་མ་གསལ། ཡང་ནང་གསེས་ ༣ ཀ་བའི་ཚིག་བརྗོད་གསར་པའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས་ཞེས་གསལ་པས་འདི་ནི་ཆེས་ཡ་མཚན་པའི་གནས་སུ་གྱུར། མང་གཙོའི་ལམ་སྲོལ་ནང་མཐའ་མའི་ཐག་གཅོད་གནང་རྒྱུའི་དབང་ཆ་གོང་ན་མེད་པ་མང་ཚོགས་ལ་ཡོད་པར་སོང་། མི་མང་ནས་འོས་འདེམས་ཞུས་པའི་སྲིད་སྐྱོང་གྲོས་ཚོགས་ནས་བཀའ་བློན་གཞན་མཚུངས་གསུམ་ཆ་གཉིས་ཡན་གྱི་འོས་འཕེན་གྱིས་འཕོ་འགྱུར་གཏོང་ལམ་དེ་ནི་གཞི་རྩ་མེད་པ་ཞིག་ཏུ་མངོན་པ་མ་ཟད། སྲིད་སྐྱོང་ལ་འཕོ་འགྱུར་གཏོང་བ་ཡིན་ན་བཀའ་བློན་གཞན་རྣམས་རང་བཞིན་གྱིས་འཕོ་རྒྱུ་དང་སྲིད་སྐྱོང་ནས་ཀྱང་བཀའ་བློན་གཞན་འཕོ་འགྱུར་གཏོང་ལམ་ཡང་མངོན་པར་གསལ་ཡོད།

གཞན་ཡང་བློ་ཕམ་པ་ཞིག་ལ་གུས་པ་མཐོང་རྒྱ་ཆུང་བའི་རྐྱེན་གྱིས་ད་དུང་དོན་ཚན་འདིའི་བསྐྱར་བཅོས་གནང་བ་འདི་རང་ལ་ངོས་འཛིན་ཞུ་དགོས་པ་ཞིག་ཡིན་ནམ། ཡང་ན་འདིའི་འཕྲོས་ལྷག་བཅའ་ཁྲིམས་ནང་གསལ་ནང་གསེས་ ༣ཁ།༤།༥།༦ བཅས་རང་འཇགས་གམ་ཕྱིར་བསྡུ་གང་ཡང་མ་གསལ་བས་མུ་འཐུད་དེ་འགྲོ་དགོས་མིན་ནི་བསྐྱར་བཅོས་འདིའི་ལམ་ནས་ཚོད་དཔག་ཙམ་ལས་སུས་ཀྱང་ངོས་འཛིན་ཞུ་དཀའ་བ་ཞིག་ཏུ་མཐོང་།

ཡང་བཅའ་ཁྲིམས་བསྐྱར་བཅོས་ ༼༣༽ དོན་ཚན་ཉེར་བཞི་པ། ཚིག་བརྗོད་རྙིང་པའི་ནང་བཀའ་བློན་རྣམས་ཚོགས་ཞུགས་ཆོག་པའི་ཐོབ་ཐང་ནང་སྲིད་སྐྱོང་ཞེས་པ་གསར་འཇུག་ཞུས་པ་ཙམ་ལས་དམིགས་བསལ་ཞུ་དགོས་མ་ཐོང་། མཐའ་དོན་དྲ་རྒྱའི་ནང་གི་དཔྱད་ཡིག་འདི་ལ་བལྟས་པའི་རྐྱེན་བྱས་ཏེ། དོན་ཕན་ལྡན་མིན་དང་གོང་རིམ་རྣམ་པའི་ཐུགས་ལ་འཇུག་མིན་ཇི་ལྟར་ཡང་། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་པའི་དཔེ་ལྟར། སོ་སོ་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་རྒྱུ་མཚན་དང་། དྲང་པོ་དང་བདེན་པ། འཚེ་བ་མེད་པ། མང་གཙོ་ཡང་དག་པའི་ལམ་བཅས་ལ་ཡིད་ཆེས་ཞུ་མཁན་ཞིག་ཡིན་ཁུལ་གྱིས་བསམ་ཚུལ་དུ། ༢༠༡༤ ཟླ་ ༤་ཚེས་ ༡༩ ཉིན་སུག་བྲིས་སུ་བགྱིས་པའོ།།།།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༤ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༢༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 2

  1. བསྟན་ཆོས། says:
    ལོ་ 11 སྔོན།

    ཡག་པོ་ཞིག་རྟོག་མ་སོང། དགོངས་དག ངའི་གོ་སྟོབས་ཞེན་པས་ཡིན་པར་སྨོན།

    Reply
  2. ཚེ་རིང་བསམ་འགྲུབ། says:
    ལོ་ 11 སྔོན།

    རྩོམ་པ་པོ་ཁོང་སུ་ཡིན་གསལ་བོ་ཤེས་ཀྱི་མི་འདུག་མོད། འོན་ཀྱང་ཁོང་ནི་ཕྱོགས་ཡོངས་ལ་མཁྱེན་རྒྱ་ཡངས་ཤིང་། ལྷག་དོན་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་སོགས་ཀྱི་སྲིད་བྱུས་དང་སྒྲིག་གཞི་སོགས་ལ་མྱོང་རྒྱུས་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། དུས་རྒྱུན་འདི་དང་འདི་ལྟ་བུའི་རྩོམ་ཡིག་གལ་ཆེན་དོན་མིག་རྒྱ་སྐྱེད་ཐུབ་པ་དེ་འདྲ་བརྩམས་གནང་མཛད་དེ་དྲ་ཐོག་ཏུ་འགོད་རྒྱུ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    དེང་གི་བརྡ་འཕྲིན་བརྒྱུད་ལམ་སྟབས་བདེ་བོ་ཡོད་པ་དང་ང་ཚོ་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྩ་དོན་དང་བོད་པའི་གཞུང་དམངས་སྤྱི་ཚོགས་ཀྱི་ལས་དོན་མང་པོ་ཞིག་གི་ཐོག་ནུས་པ་ཆེན་པོ་འཐོན་འདང་འཐོན་བཞིན་ཡོད་པ་མངོན་གསལ་རེད།
    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་དང་སྒྲིག་གཞི་མང་པོ་ཞིག་གི་ནང་དུ་ནོར་འཆིག་དང་འཐུས་ཤོར་མང་པོ་ཞིག་ཡོད་པར་ཡོ་བསྲིང་གནང་དགོས་པ་གལ་ཆེན་རེད། སྔོན་མ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་སུ་དེ་འདྲའི་འཐུས་ཤོར་རིགས་མེད་ཀྱང་དེང་སྐབས་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོང་གི་ཡོད་པ་དེ་སྤྱི་འཐཱུས་དང་བཀའ་བློན་དེ་ཚོས་ཤེས་འཇོན་གྱིས་འདང་གི་མེད་པ་གསལ་བོ་རེད། འདི་དག་ལ་སྤྱི་ཚོགས་ནང་གི་སྨྱུག་འཛཱིན་པ་ལྷན་རྒྱས་ཀྱིས་འཐེར་འདོན་གནང་སྟེ་ཡོ་བསྲིང་བྱེད་དགོས། གནས་སྐབས་རིང་དེ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese