མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལིས་ལ་ལོ་ ༡༠ ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཉེན་རྟོག་ཁང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་ཉེས་མིང་འོག ལིས་ཟེར་བ་ཞིག་ལ་ཁྲིམས་ཐག་ལོ་ ༡༠ བཅད་ཡོད་འདུག

ཁ་སང་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཀོང་ཏུང་ཞིང་ཆེན་གྱི་མཚོ་འགྲམ་གྲོང་ཁྱེར་ཞིག་ཏུ་ཞོར་ལས་གཉེར་བའི་ལིས་ཟེར་བ་ཞིག་གིས། དྲ་ལམ་ནས་ཧྥི་ཀི་ཟེར་བ་ཞིག་ལ་རྒྱ་ནག་གི་དམག་དོན་ལྟེ་གནས་ཀྱི་འགུལ་སྐྱོད་དང་གོ་མཚོན་སོགས་ཀྱི་གསང་བ་རིགས་ ༡༣ མཁོ་སྤྲོད་བྱས་པའི་ཉེས་མིང་འོག ཉེ་སྔོན་ཀོང་ཏུང་ཞིང་ཆེན་ཉེན་རྟོག་ཁང་གིས་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ལིས་ཀྱིས་དམག་དོན་གསང་བ་ཕྱིར་གྱར་བ་དེས། རྒྱལ་ཁབ་ཀྱི་དམག་དོན་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ལུགས་བསྒྲགས་ཡོད་ཀྱང་། གསང་བ་མཁོ་སྤྲོད་པ་ལིས་ཟེར་བ་ཙམ་ལས་མིང་ཆ་ཚང་བྲིས་མེད་ལ། གསང་བ་དེ་རྒྱལ་ཁབ་དང་ཚོགས་སྒེར་སུ་ཞིག་ལ་མཁོ་སྤྲོད་བྱས་ཡོད་གསལ་བོ་བརྗོད་མེད་པ་རེད།

ཀོང་ཏུང་ཞིང་ཆེན་ཉེན་རྟོག་ཁང་གིས། ཕྱི་ལོ་ ༢༠༠༠ ལོར་ལིས་རྒྱ་ནག་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཞིག་ཏུ་ཡོང་སྟེ་ཞོར་ལས་གཉེར་ཡོད་པ་དང་། ༢༠༡༡ ཟླ་ ༥ པའི་ནང་ཁོའུ་ཁོའུ་ཐོག་བུ་མོ་ཞིག་གིས་དྲ་གྲོགས་སུ་རེ་སྐུལ་བྱས་པ་ལྟར། ཟླ་གཅིག་ལྷག་ལ་ཕན་ཚུན་ཁ་བརྡ་བྱས་ཏེ་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད་པ་དང་། ཉིན་ཞིག་བུ་མོ་དེས་ང་སྐྱེས་པ་ཞིག་ཡིན། མིང་ལ་ཧྥི་ཀོ་ཟེར་གྱི་ཡོད་ཅེས་བཤད་ཡོད་པ་མ་ཟད། སྒོར་མོ་བཏང་སྟེ་དཔེ་མཛོད་ཁང་ཆེ་ཁག་ནས་རྒྱལ་ནང་གི་ཆེད་ལས་མི་སྣ་ཚོས་མངགས་ཉོ་བྱེད་པའི་དམག་དོན་དང་འབྲེལ་བའི་དཔེ་ཆ་རིགས་མང་པོ་ཉོ་རུ་བཅུག་པ་སོགས། རྒྱལ་ཁབ་ཀྱི་གསང་བ་བསྔོག་འདོན་བྱེད་པའི་ལམ་ལ་ཞུགས་སུ་བཅུག་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༠ ནས་བཟུང་ཧྥི་ཀོ་ཟེར་བ་དེས་དྲ་ལམ་བརྒྱུད་ནས་ཀོང་ཏུང་ཞིང་ཆེན་གྱི་དྲ་རྒྱ་བེད་སྤྱོད་པ་ ༡༢ ལ་གསང་ཉུལ་གྱི་བྱ་བ་བྱེད་དུ་བཅུག་ཡོད་པ་དང་། དེ་བཞིན། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༠ ལྷག་གི་ནང་མི་གྲངས་ ༤༠ བརྒལ་བ་བེད་སྤྱོད་བཏང་སྟེ་གསང་ཉུལ་གྱི་ལས་ཀ་བྱས་ཡོད་ལུགས་བསྒྲགས་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྐབས་དང་པོའི་ཚོགས་ཆེན་ཐོག སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱོགས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཞེས་པའི་བརྗོད་དོན་འོག མི་མང་གི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་སྔར་ལས་གོང་འཕེལ་དུ་གཏོང་དགོས་ལ། མི་སུ་ཞིག་གམ་ཡང་ན་ཚོགས་སྡེ་གང་ཞིག་གིས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཏེ་གསང་བ་ཕྱིར་གྱར་བ་ཡིན་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སྙིང་རྗེ་མེད་པར་རྒོལ་རྡུང་དྲག་པོ་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist