མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབང་པོ་སྐྱོན་ཅན་གྱི་ཞུ་གཏུག

བོད་ཀྱི་དུས་བབ།
༢༠༡༤/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་དབང་པོ་སྐྱོན་ཅན་ཞིག་གི་ཞུ་གཏུག་ལ་ཁྲིམས་བཤེར་བྱས་ཡོད་འདུག

ཁ་སང་ཕྱི་དྲོ་པེ་ཅིན་གྱི་ཆུ་ཚོད་ ༢།༡༥ ཙམ་ལ། རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་དངོས་སུ་ཁྲིམས་ར་ཚོགས་ཏེ། འདས་ལོར་དབང་པོ་སྐྱོན་ཅན་ལིས་ཡཱང་ཟེར་བ་ཞིག་གིས། དབང་པོ་སྐྱོན་ཅན་གྱི་འཚོ་བའི་འགན་སྲུང་དངུལ་གྱི་བྱུང་སོང་རྩིས་ཁྲ་ཡོངས་བསྒྲགས་མ་བྱས་པའི་གྱོད་གཞི་ཞུ་གཏུག་བྱས་པ་དེར་ཁྲིམས་བཤེར་བྱས་ཡོད་ཀྱང་། ད་ལྟའི་ཆར་ཐག་གཅོད་གང་ཡང་བྱུང་མེད་པ་རེད།

ལིས་ཡཱང་ལགས་ཀྱིས་གསར་འགོད་པར། “ཞུ་གཏུག་དང་པོར་བརྡ་ལན་གང་ཡང་མ་འབྱོར་བར་ཡུན་རིང་ལྷག་སོང་བ་དང་། ཞུ་གཏུག་གཉིས་པ་སྐར་མ་ ༣༠ ཡས་མས་ནང་ཁྲིམས་བཤེར་མཇུག་བསྡུས་སོང་ལ། ཁྲིམས་ཁང་གིས་མ་འོངས་པར་ཁྲིམས་བཤེར་བཅད་ཁྲ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་བརྗོད་བྱུང་། གལ་སྲིད་ད་རེབ་ཀྱི་ཁྲིམས་བཤེར་ལ་མཇུག་འབྲས་ཡག་པོ་ཞིག་མ་བྱུང་ཚེ། ཀོང་ཀྲུའུ་ཆེས་མཐོའི་མི་མང་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་ཡིན། ”ཞེས་བརྗོད་འདུག

ཀོང་ཀྲུའུ་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་མཐུན་ཚོགས་དང་ནོར་སྲིད་ཁང་གཉིས་ཀྱིས། དབང་པོ་སྐྱོན་ཅན་དུང་ཕྱུར་ ༡༤ ཙམ་གྱི་འཚོ་བའི་འགན་སྲུང་དངུལ་གྱི་བྱུང་སོང་རྩིས་ཁྲ་ཡོངས་བསྒྲགས་བྱེད་རྒྱུར་མོས་མཐུན་མ་བྱས་པར་བརྟེན། དབང་པོ་སྐྱོན་ཅན་ལིས་ཡཱང་ལགས་ཀྱིས། ས་གནས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཀྱང་མཇུག་འབྲས་གང་ཡང་ཐོན་མེད་སྟབས། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ཁོང་གིས་ཀོང་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ལིས་ཡཱང་གི་ཞུ་གཏུག་ལ་དབང་པོ་སྐྱོན་ཅན་མང་པོས་དོ་སྣང་བྱེད་ཀྱི་ཡོད་ལ། སྤྱི་ཕན་ཞུ་གཏུག་གི་བྱེད་ཐབས་དེས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་གང་མགྱོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་འགན་སྲུང་དངུལ་དང་འབྲེལ་བའི་གཏན་འབེབས་ཁག་ལ་ལེགས་བཅོས་དགོས་པའི་སྐུལ་མ་བཏང་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist