མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཨ་ཧྥི་རི་ཁའི་མཉམ་ལས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ལི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁེན་ཡའི་ནང་སྐོར་སྐྱོད་བྱས་ཏེ། མྱུར་མགྱོགས་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གཙོས་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་ཡོད་འདུག

ཟླ་འདིའི་ཚེས་ ༩ ནས་བཟུང་ཉིན་གསུམ་རིང་། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཨ་ཧྥ་རི་ཁའི་རྒྱལ་ཁབ་ཁེན་ཡའི་སྲིད་འཛིན་ཁེན་ཡཱ་ཌ་ (Uhuru Kenyatta)དང་སྲིད་འཛིན་གཞོན་པ་རུ་ཌོ་ (William Ruto) གཙོས་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་བྱས་ཏེ། རྒྱ་གཞུང་གིས་ཨ་ཧྥི་རི་ཁ་དང་རྒྱ་ནག་གི་མཉམ་སྡེབ་དངུལ་ཁང་འཕེལ་རྒྱས་གཏོང་ཆེད་ཨ་སྒོར་ཐེར་འབུམ་ ༢ དང་། ཁེན་ཡའི་རྒྱལ་ས་ནེ་རོ་བྷི་ནང་གསར་འཛུགས་བྱེད་བཞིན་པའི་ཨ་ཧྥི་རི་ཀ་དང་རྒྱ་ནག་གི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་དུ་ཁེན་ཡའི་དངུལ་ལོར་ཤི་ལིང་ ( Shilling) ཐེར་འབུམ་ ༥།༡ དང་། ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་ཆེད་ཤི་ལིང་ས་ཡ་ ༨༨༠། སོ་ནམ་ཐོན་ལས་ཡར་རྒྱས་ཆེད་ཤི་ལིང་ཐེར་འབུམ་ ༥།༡ ཁེན་ཡའི་སཱོ་མ་ལི་ཡའི་སྐྱབས་བཅོལ་བ་ཚོར་རོགས་རམ། རྡོ་སྣུམ་ཚོང་འབྲེལ། ཤེས་ཡོན་སློབ་གསོ་གོང་འཕེལ། འཕྲོད་བསྟེན་ལྟ་སྐྱོང་ལས་གཞི། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཁེ་ཕན་དོ་མཉམ་ཡོང་ཐབས་སོགས་དོན་ཚན་ ༡༧ ལ་མིང་རྟགས་བཀོད་ཡོད་ཅིང་། ཁ་སང་ལི་ཁེ་ཆང་གིས་ཡུ་གྷན་ཌའི་སྲིད་འཛིན་མུ་སི་ཝུ་ནི་ (Yoweri Museveni)་དང་། ཌན་ཛ་ནི་ཡའི་སྲིད་འཛིན་ཇཱ་ཁཱ་ཡ་ (Jakaya Kikwete)། རུ་ཝན་ཌའི་སྲིད་འཛིན་པོལ་ (Paul Kagame)། ལྷོ་སུ་ཌན་གྱི་སྲིད་འཛིན་སེལ་ཝ་ (Salva Kiir)བཅས་ལྷན་འཛོམས་ཐོག ཁེན་ཡའི་རྒྱལ་ས་ནེ་རི་བྷི་ནས་མོམ་བྷ་སཱ་བར་ཤར་གཏོང་ཐུབ་པའི་མྱུར་མགྱོགས་མེ་འཁོར་ལྕགས་ལམ་བཟོ་སྐྲུན་ཆེད་ཤི་ལིང་ཐེར་འབུམ་ ༣༢༧ གྱི་རོགས་སྐྱོར་སྤྲོད་རྒྱུ་གསལ་བསྒྲགས་དང་འབྲེལ། ཨ་ཧྥི་རི་ཀའི་མངའ་ཁུལ་བརྟན་བརླིང་སྲུང་སྐྱོབ་དང་འཛུགས་སྐྲུན་འཕེལ་རྒྱས་སོགས་ཀྱི་སྐོར་ལ་གོ་བསྡུར་བྱས་ཡོད་འདུག

འདིའི་ཐད་ལི་ཁེ་ཆང་གིས། “ རྒྱ་ནག་དང་ཁེན་ཡ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་པོས་གཅིག་ཕན་གཅིག་གྲོགས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་སྟབས། མ་འོངས་པར་སྔར་ལྷག་མཉམ་ལས་མཉམ་འབྲེལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན།” ཞེས་དང་། ད་ཐེངས་སྐོར་སྐྱོད་འདི་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་སྐོར་སོགས་བརྗོད་འདུག

ཁེན་ཡའི་སྲིད་འཛིན་ཁེན་ཡཱ་ཌ་ཡིས་ཀྱང་། “ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འཕེལ་རྒྱས་ལ་བལྟས་ཏེ། མ་འོངས་པར་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཕྱོགས་ཐད་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས་པ་ཞིག་ཆགས་ཡོད་སྟབས། རྒྱ་ནག་དང་མཉམ་འབྲེལ་བྱས་ཏེ་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་གཏོང་ཐབས་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

 ༡༩༦༣ ལོའི་ཟླ་ ༡༢ ཚེས་ ༡༤ ཉིན་ནས་བཟུང་རྒྱ་ནག་དང་ཁེན་ཡའི་ཐོག་མར་འབྲེལ་བ་བྱུང་ཡོད་ཅིང་། ༡༩༩༦ ལོར་རྒྱ་ནག་དམག་སྤྱི་ལེའུ་ཅང་སུང་ (Liu Jingsong) གིས་སྣེ་ཁྲིད་པའི་དམག་དཔུང་སྐུ་ཚབ་ཚོགས་ཆུང་ཞིག་ཁེན་ཡར་སྐོར་སྐྱོད་དང་། ༡༩༩༧ ལོར་ཁེན་ཡའི་གནམ་དམག་དམག་སྤྱི་ནིག་ལེ་ཤན་ (Nick Leshan)རྒྱ་ནག་ནང་སྐོར་སྐྱོད་བྱས་པ་བཅས་ལ་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ཏེ་ཁེན་ཡ་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཅིག་ཆགས་ཡོད།

༢༠༠༢ ལོར་རྒྱ་ནག་དང་ཁེན་ཡ་བར་ཨ་སྒོར་ས་ཡ་ ༡༨༦།༣༧ ཚོང་འབྲེལ་བྱས་ཡོད་ཅིང་། དེ་ལས་རྒྱ་གཞུང་གིས་ཁེན་ཡར་ཨ་སྒོར་ས་ཡ་ ༡༨༠།༥༧༦ གི་ཕྱིར་ཚོང་དང་། ཁེན་ཡས་རྒྱ་ནག་ལ་ཨ་སྒོར་ས་ཡ་ ༥།༧༩༨ ཀྱི་ཚོང་འབྲེལ་བྱས་ཡོད་འདུག

༢༠༠༥ ལོར་ཁེན་ཡའི་སྲིད་འཛིན་ཀི་བྷ་ཀི་ (Mwai Kibaki)རྒྱ་ནག་ནང་སྐོར་སྐྱོད་དང་། ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཁེན་ཡར་སྐོར་སྐྱོད་བྱས་ཏེ། ཨ་སྒོར་ས་ཡ་ ༡༤༥།༦༨ ཡི་ཚོང་དོན་གྲོས་ཆོད་བཞག་པ་དང་། ༢༠༠༦ ནས་ ༢༠༡༠ བར་ཨ་སྒོར་ས་ཡ་ ༥༣།༣༢ ལྷག་གི་ཚོང་འབྲེལ་བྱས་ཡོད་འདུག

༢༠༠༠ ནས་ ༢༠༡༤ ལོའི་བར་རྒྱ་གཞུང་གིས་ཨ་སྒོར་ས་ཡ་ ༡༠༨ ཀྱི་འགྲོ་གྲོན་བཏང་སྟེ། ཁེན་ཡའི་ལས་གྲྭ་ ༧༠ ཙམ་ལ་རོགས་སྐྱོར་དང་། ད་ལྟ་ཁེན་ཡར་རྒྱ་ནག་གི་ཁེ་ལས་ ༥༠ ལྷག་གིས་ཤི་ལིང་ཐེར་འབུམ་ ༡༧༢ ཀྱི་མ་གནས་ལས་གྲྭ་ ༨༠ ཙམ་ཞིག་ལ་ཐེ་ཇུས་བྱེད་བཞིན་ཡོད་པ་མ་ཟད། ༢༠༡༡ ལོར་རྒྱལ་ཁབ་གཉིས་བར་ཨ་སྒོར་ས་ཡ་ ༥༢༣།༥ དང་། ༢༠༡༢ ལོར་ཨ་སྒོར་ཐེར་འབུམ ༢།༧༦༣ ། དེ་བཞིན། ༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༣།༢༦༥ ཡི་ཚོང་འབྲེལ་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་བསྟུན་ཏེ། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱས་ཏེ། ཚོང་དོན་གྲོས་མཐུན་བཞག་པ་དེ་ནི་ཨ་རིར་ཁ་གཏད་གཅོག་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་སྐོར་བརྗོད་འདུག

ལི་ཁེ་ཆང་གི་བདུན་ཕྲག་གཅིག་རིང་གི་ཨ་ཧྥི་རི་ཀའི་རྒྱལ་ཁབ་བཞིའི་སྐོར་སྐྱོད་དེ་མཇུག་སྒྲིལ་རྗེས། ཁ་སང་རྒྱ་ནག་ལ་ཕྱིར་ལོག་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༩ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese