མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཐུབ་ཚོད་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྩོད་ཉོག་ཡོད་པའི་ཨེ་ཤ་ཡའི་རྒྱ་མཚོའི་མངའ་ཁུལ་དུ་རྡོ་སྣུམ་སྔོག་འདོན་ལས་གཞི་མགོ་འཛུགས་བྱས་པ་དེས་ཝེ་ཋི་ནམ་དང་ཧྥི་ལི་ཕིན་སོགས་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད།

རྒྱ་གཞུང་གིས་ཝེ་ཋི་ནམ་དང་རྩོད་གཞི་ཡོད་པའི་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་ཕཱ་ར་སེལ་ (Paracel) མཚོ་གླིང་དུ་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་རྡོ་སྣུམ་སྔོག་འདོན་ཡོ་ཆས་ (Haiyang Shiyou 981) རྟགས་ཅན་ཞིག་བཙུགས་ཏེ་མཚོ་ལེ་ ༢༠༠ སར་རྡོ་སྣུམ་སྔོག་འདོན་མགོ་འཛུགས་བྱས་ཡོད་ཅིང་། དེར་ཝེ་ཋི་ནམ་གཞུང་གིས་ཉེན་བརྡ་བཏང་བར་ཉན་འཇོག་བྱས་མེད་ལ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིས་ཀྱང་རྒྱ་ནག་གི་བྱ་སྤྱོད་དེ་ཁྱིམ་མཚེས་རྒྱལ་ཁབ་ལ་འཁྲུག་རྐྱེན་སློང་གཞི་ཞིག་ཡིན་སྐོར་བརྗོད་ཡོད་སྟབས། ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་ལས། མཐུན་གྲོགས་རྒྱལ་ཁབ་ཝེ་ཋི་ནམ་དང་ཧྥི་ལི་ཕིན་གྱི་ཕྱོགས་སུ་ལངས་ཏེ་སྐད་ཆ་བཤད་པ་དེ་དྲང་བདེན་མིན་སྐོར་བརྗོད་འདུག

རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས། “ ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ཐད་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་ལས། མཐུན་གྲོགས་རྒྱལ་ཁབ་ཀྱི་རྒྱབ་རྩར་ལངས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་མི་འགྲིག” ཅེས་དང་། དེ་བཞིན་ཁོས་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེ་ལ་ཁ་པར་བཏང་སྟེ། ཨ་རིས་རྒྱ་ནག་ལ་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་མུ་མཐུད་སྤེལ་ཚེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་སྐོར་སོགས་བརྗོད་ཡོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེ་ཡིས། “ ཨ་རིས་རྒྱ་ནག་དང་ཧྥི་ལི་ཕིན། ཝེ་ཋི་ནམ་བར་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ཐད་ཐེ་ཇུས་གང་ཡང་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་རྩོད་རྙོག་དག་ཞི་འགྲིག་བྱ་དགོས། ” ཞེས་བརྗོད་འདུག

ཟླ་སྔོན་མའི་ཟླ་མཇུག་ཏུ་རྒྱ་གཞུང་གིས་ཎན་ཤཱ་ (Nansha) དང་ཞི་ཤཱའི་ (Xisha) མཚོ་ཁུག་ཏུ་རྡོ་སྣུམ་སྔོག་འདོན་ལས་གཞི་མགོ་འཛུགས་བྱེད་སྐབས། ཝེ་ཋི་ནམ་གཞུང་གིས་ཟླ་འདིའི་ཚེས་ ༣ དང་ ༧ བཅས་ཉིན་གཉིས་རིང་མཚོ་དམག་གྲུ་གཟིངས་བཏང་སྟེ། འགོག་རྒོལ་བྱས་ཡོད་ཀྱང་ཕན་འབྲས་ཐོན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་ཝེ་ཋི་ནམ་གཞུང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དེ་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱེད་དབང་མེད་སྐོར་བརྗོད་འདུག

ཧྥི་ལི་ཕིན་ཕྱི་སྲིད་བློན་ཆེན་བྷེན་མིན་ (Phạm Bình Minh) གྱིས། “ རྒྱ་ནག་དང་ཧྥི་ལི་ཕིན་བར་གྱི་རྩོད་གཞི་ཅན་གྱི་མཚོ་གླིང་དུ་རྒྱ་གཞུང་གིས་རྡོ་སྣུམ་སྔོག་འདོན་ཡོ་ཆས་བཙུགས་པ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན་པ་མ་ཟད། ཧྥི་ལི་ཕིན་གཞུང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་ཡིན་སྟབས། ཧྥི་ལི་ཕིན་གཞུང་གིས་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

ཉི་ཧོང་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཆེན་མོ་བ་སུ་གྷ་ (Yoshihide Suga)ཡིས་ཀྱང་། “ རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་མང་དག་ཅིག་སྤེལ་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྒྱ་ནག་ལ་བརྡ་ལན་སློག་དགོས།” ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༧ ཉིན་ཧྥི་ལི་ཕིན་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་མཚོ་གླིང་སེ་ཧྥར་ལེའི (Spratlys) ཧབ་མོན་ཤོལ་ (Half Moon Shoal) མཚོ་ཁུལ་དུ་རྒྱ་རིགས་ཉ་པ་ཚོས་ཉ་འཛིན་གྲུ་གཟིངས་བཏང་སྟེ། སྟོང་ཉེན་ཅན་གྱི་སྲོག་ཆགས་རིགས་འཛིན་བཟུང་སྐབས་ཧྥི་ལི་ཕིན་གཞུང་གིས་རྒྱ་རིགས་ཉ་འཛིན་པ་ ༡༡ འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

ཚེས་ ༡༢ ཉིན་རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྡོ་སྣུམ་སྔོག་འདོན་ཁེ་ལས་ (ONGC) ཀྱིས་ཝེ་ཋེ་ནམ་གཞུང་གི་རྡོ་སྣུམ་ཁེ་ལས་དང་མཉམ་འབྲེལ་གྱིས། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ནས་རྡོ་སྣུམ་སྡོག་འདོན་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་འདུག

ཟླ་འདིའི་ཚེས་ ༡༠ དང་ ༡༡ ཉིན་སྐོང་ཚོགས་བྱས་པའི་ལྷོ་ཤར་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་དང་ཝེ་ཋེ་ནམ་གྱི་རྩོད་རྙོག་སྐོར་གླེང་སློང་བྱས་ཡོད་པ་མ་ཟད། ཝེ་ཋི་ནམ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་གནད་དོན་དེར་ཐེ་ཇུས་བྱ་དགོས་བའི་འབོད་སྐུལ་ཞུས་ཡོད་འདུག

ད་ལྟ་ཝེ་ཋི་ནམ་མང་ཚོགས་ཚོས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཁ་སང་ཝེ་ཋི་ནམ་ནང་ཡོད་པའི་རྒྱ་ནག་དང་འབྲེལ་བ་ཡོད་པའི་བཟོ་གྲྭ་གསུམ་ལ་མེ་བརྒྱབ་ཡོད་པ་དང་། བཟོ་གྲྭ་ ༡༧ གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མཚོ་གླིང་བདག་དབང་རྩོད་རྙོག་གིས་རྐྱེན་པས། ཨེ་ཤ་ཡའི་མངའ་ཁུལ་བརྟན་བརླིང་ལ་འགོག་རྐྱེན་ཆེན་པོ་འཕྲད་རྒྱུ་ཡིན་པ་དང་། གྲོས་མོལ་བརྒྱུད་དཀའ་རྙོག་དེ་དག་མ་སེལ་ཚེ་མ་འོངས་པར་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་དམག་འཁྲུག་འབྱུང་སྲིད་པའི་ཚོད་དཔག་ཀྱང་བྱས་འདུག

༢༠༡༤ ལོའི་ཟླ་ ༥ ཚེས་ ༢༠ དང་ ༢༡ ཉིན་བཅས་ཉིན་གཉིས་རིང་སྲིད་འཛིན་ཞི་ཅིན་ཕིན་གྱི་གཙོ་སྐྱོང་འོག་ཧྲང་ཧེ་ནང་ཨེ་ཤ་ཡའི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ཚོགས་འདུ་ (CICA) སྐོང་ཚོགས་བྱ་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་ཤར་རྒྱ་ནག་རྒྱ་མཚོའི་སྟེང་རྒྱ་ནག་དང་ཨུ་རུ་སུ་མཉམ་འབྲེལ་ཐོག་མཚོ་དམག་སྦྱོང་བརྡར་ཞིག་སྤེལ་འཆར་ཡོད་འདུག་ལ།  ཡུའུ་ཁུ་རེན་གནད་དོན་དང་རྡུལ་ཕྲན་མཚོན་ཆ་སྔོན་འགོག ཚོང་དོན་གྲོས་མཐུན། རྒྱལ་སྤྱིའི་ཐོག་ཨེ་ཤ་ཡའི་ནུས་པ་གོང་འཕེལ་གཏོང་ཐབས་སོགས་ཀྱི་སྐོར་ལའང་གོ་བསྡུར་བྱ་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese