མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་དཔང་རྟགས་མེད་པ་བཟོ་མཁན་སུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

༄༅།།  བོད་རང་བཙན་དཔང་རྟགས་མེད་པར་བཟོ་མཁན་བོད་མི་གསར་བརྗེ་བ་ཕུན་དབང་ཁོ་ནའི་ཞབས་རྗེས་རེད་དམ།

ཁ་བའི་འདབ་མ།

ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རིག་གཞུང་གི་རང་མདངས། སྐད་ཡིག་གི་འགྱུར་ཁུག གོམས་གཤིས་ཀྱི་རྒྱུ་བ་སོགས་ཀྱིས་རང་དབང་རང་བཙན་དང་རང་ས་རང་སྲུང་། རང་དབང་བག་ཕེབས་ངང་དུ་འཚོ་ཞིང་གནས་པའི་མཐོ་སྒང་གི་མི་རིགས་ཤིག་སྟེ། དེང་སྐབས་བོད་གངས་ཅན་པ་ཞེས་གོ་ལའི་ཁྱོན་ཀུན་ཏུ་ཕྲེང་ཐག་ཆད་པའི་ཕྲེང་རྡོག་ཇི་བཞིན་གང་ས་རུ་འཐོར་ཞིང་གནས་པ་ནི། གུང་ཁྲན་ཏང་གི་ཧམ་སེམས་ཆེན་པོས་རྒྱ་ནག་གི་ས་ཁུལ་ཁྱོན་ཡོངས་བདག་དབང་བྱས་པའི་རྗེས་ཏེ། ༡༩༤༩ ལོར་རྒྱལ་འཛུགས་མཛད་སྒོ་དང་འབྲེལ་བའི་ཐོག་མའོ་ཙེ་ཏུང་གིས་གཏམ་བཤད་སྐབས་ད་དུང་བོད་ཀྱང་བཅིངས་བཀྲོལ་གཏང་དགོས་ལུགས་བརྗོད་པར་བརྟེན། བོད་གཞུང་གིས་ཕྱི་རྒྱལ་ལས་ཁུངས་བརྒྱུད་ནས་གཞུང་འབྲེལ་འཕྲིན་ཡིག་བཏང་སྟེ། བོད་ཀྱི་གནས་བབ་དང་མཚོ་སྔོན་དང་ཟི་ཁྲོན་སོགས་སུ་གུང་མིང་ཏང་གིས་ཧམ་བཟུང་བྱས་པ་དག་ཕྱིར་སྤྲོད་དགོས་པའི་བསམ་ཚུལ་བཏོན་ཡོད་པར་གྲགས། འོན་ཀྱང་གསར་དུ་བཙུགས་མ་ཐག་པའི་གུང་ཁྲན་སྲིད་གཞུང་གིས་བོད་གཞུང་གི་བསམ་ཚུལ་ལ་བསམ་ཤེས་བྱ་བའི་ཚབ་ཏུ་བོད་ཁ་བའི་ལྗོངས་སུ་བཙན་འཛུལ་གྱི་འཆར་གཞི་གདིང་བ་དང་། སྐབས་དེར་མའོ་ཙེ་ཏུང་ཨུ་རུ་སུར་རྒྱལ་དོན་འཚམས་གཟིགས་སུ་འགྲོ་བའི་ལམ་བར་མེ་འཁོར་ནང་ནས་ཀྱང་ཁ་དོན་མི་མཚུངས་པའི་བཅིངས་གྲོལ་ཞེས་བར་ཁ་གཡར་ཏེ། བོད་ནང་དུ་དམག་དཔུང་ཇི་ལྟར་འགྲོ་ཐབས་ལ་འཆར་བཀོད་བྱས་འདུག

སྐབས་དེར་བོད་གཞུང་གིས་ཕུན་དབང་ལགས་ནི་གུང་ཁྲན་ཏང་གི་སོ་ཉུལ་ཡིན་པའི་དཔང་རྟགས་ལྟར། བོད་ནས་རྒྱ་གར་བརྒྱུད་ཕྱིར་ཕུད་བྱས་པ་བཞིན་རྒྱ་གར་བརྒྱུད་ནས་ཡུན་ནན་དུ་འབྱོར་བ་དང་ཏག་ཏག་ཏིན་ཞོའོ་ཕིན་དང་ཐུག་ཅིང་། ཕུན་དབང་ནི་འདོད་ཐོག་ཏུ་རྟ་རྒྱུགས་པ་བཞིན་ཞོའོ་ཕིན་བརྒྱུད་དེ་གུང་ཁྲན་ཏང་གི་གོང་རིམ་ལ་འགྲེལ་བརྗོད་བྱས་པ་བཞིན་བོད་ནང་དུ་བཙན་འཛུལ་དམག་དཔང་གི་སྣེ་འཁྲིད་པར་གྱུར། སྐབས་དེ་དག་ཏུ་ཕུན་དབང་ནི་རྒྱ་ནག་གུང་ཁྲན་གྱིས་གདུག་རྩུབ་ཆེ་བའི་ཞིང་བྲན་ལམ་ལུགས་ཞེས་སྒྲོག་པ་དང་། དོན་དམ་པར་ཆོས་སྲིད་ཟུང་འབྲེལ་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱིས་གློ་སྙིང་བྲང་གསུམ་གཏོད་ཡུལ་གྱི་སྲིད་གཞུང་དེ་མགོ་རྟིང་སློག་པར་སྤྲོ་བས་ཁེངས་ནས་ཡོད།

ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ནས་མགོ་བཙུགས་ཏེ་གུང་ཁྲན་གྱིས་དམག་དཔུང་དྲངས་ཤིང་། དམག་མི་ཞིག་གི་ཉིན་དེབ་ཏུ་གལ་སྲིད་ཁྱེད་ཀྱིས་བཅིངས་བཀྲོལ་དམག་ཨང་བཅོ་བརྒྱད་པ་དར་མདོ་བརྒྱུད་ནས་བསྐྱོད་པར་ཤེས་འདོད་ཚེ་ཐོག་མར་མི་རོ་ཡིས་བརྩིགས་པའི་མཁར་རྫོང་ཆེན་པོ་ཞིག་བཤགས་ཏེ་སྐྱོད་པར་ཡིད་ལ་དྲན་དགོས་ཞེས་འཁོད་ཡོད། དེ་ལོས་ཀྱང་ཡིན་ཏེ་ལམ་བར་ནས་ཡུལ་དམག་དང་འཐབ་འཛིང་གིས་ལམ་བུ་བཤམས་ཏེ་ཡོང་འདུག

ཕྱི་ལོ་ ༡༩༥༠ ལོ་ཟླ་ ༡༠ ཚེས་ ༧ ཉིན་བོད་རྒྱལ་ཁབ་ཀྱི་གཞུང་དམག་དང་གདོང་ཐུག་ཤོར་ཞིང་ཉིན་ཤས་རིང་དམག་འཐབ་བྱས་ཀྱང་རང་གཞུང་གི་དམག་མི་ལྔ་སྟོང་ལྷག་ཕམ་ཉེས་སུ་བཏང་སྟེ་ཆབ་མདོ་བཙན་གྱིས་བཟུང་བ་དང་། མདོ་སྤྱི་ང་ཕོད་འཁོར་བཅས་བཙོན་དུ་བཅུག་འདུག་ཀྱང་ཕུན་དབང་གིས་དེ་འདྲ་བྱེད་མི་རུང་ཚུལ་གླེང་སྟེ་སང་ཞོགས་བཟང་བཙོན་དུ་ཉར་ཞིང་། བོད་གཞུང་ལ་ཞི་འགྲིག་དགོས་པའི་བརྡ་བཏང་འདུག གུང་ཁྲན་གྱིས་བརྗོད་པ་ལྟར་བོད་གཞུང་གིས་ང་ཕོད་སོགས་པེ་ཅིན་དུ་གྲོས་མོལ་བྱེད་དུ་བཏང་། ཕྱི་ལོ་ ༡༩༥༡ ཟླ་ལྔ་པའི་ནང་དུ་པེ་ཅིན་དུ་གྲོས་མོལ་སྐབས་ཐོག་མར་ང་ཕོད་སོགས་ཀྱིས་བོད་ནི་གནའ་རབས་ལོ་རྒྱུས་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཐུན་མོང་མིན་པས། རྒྱ་ཁོངས་སུ་མེད་ལུགས་བཤད་དེ་གུང་ཁྲན་གྱིས་བཟོས་པའི་གྲོས་བསྡུར་ལ་མཚན་རྟགས་བཀོད་མི་འདུག

འོན་ཀྱང་སྐབས་དེར་ཕུན་དབང་ནི་སྐད་སྒྱུར་བ་ཡིན་སྟབས། རང་གཞུང་གི་སྐུ་ཚབ་ཚོ་ལ་མཁྲེགས་བཟུང་བྱེད་མི་རུང་བ་སོགས་ཀྱི་ཁ་མཁས་ཚིག་སྙན། ལྷག་པར་ཆབ་མདོ་དམག་འཁྲུག་ཕམ་ཉེས་ཤོར་བའི་ང་ཕོད་ལགས་དང་དམིགས་བསལ་གྱིས་ཐུག་འཕྲད་ལན་མང་བྱས་ཏེ། གུང་ཁྲན་དམག་དཔུང་བོད་དུ་ཡར་རྒྱས་གཏོང་མཁན་ཡིན་རབས་དང་། གལ་ཏེ་བཀག་འགོག་བྱས་ན་བོད་མི་ཁྲི་སྟོང་མང་པོ་དམག་འཐབ་ནང་ཚུད་དེ་ཚོད་དཔག་དཀའ་བའི་མཇུག་འབྲས་ཡོང་སྲིད་སྟབས། གྲོས་བསྡུར་ལ་མིང་རྟགས་འགོད་དགོས་པར་ནན་ཏན་བྱས་པར་བརྟེན་མཐར་རང་གཞུང་གི་སྐུ་ཚབ་ཚོས་ཀྱང་གྲོས་མཐུན་ལ་མིང་རྟགས་བཀོད་འདུག

དེ་ནི་དོན་ཚན་བཅུ་བདུན་ཟེར་བ་དེ་ཡིན་ཞིང་། དེ་ཡང་གུང་ཁྲན་ཏང་གིས་བོད་ཞི་བའི་བཅིངས་བཀྲོལ་གཏང་བའི་གྲོས་མཐུན་ཞེས་བརྗོད་པ་དང་། ཕྱི་ལོ་ ༡༩༥༩ ལོའི་ཟླ་གསུམ་པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གྲོ་མོར་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་ནི་ཐོག་མར་འཇོག་དུས་བཙན་དབང་གིས་བཞག་དགོས་ཐུག་པ་དང་། ལྷག་པར་གུང་ཁྲན་རང་ཉིད་ཀྱིས་གྲོས་དོན་དང་ཡང་ཡང་འགལ་བར་བྱེད་ཀྱི་འདུག་པས་གྲོས་དོན་དེ་ལ་ངོས་ལེན་མེད་ཅེས་བཀའ་བསྩལ་གནང་བ་དེ་རེད། གྲོས་མཐུན་མིང་རྟགས་དེ་བཀོད་པ་ནས་བོད་རྒྱལ་ཁབ་ཆེན་མོ་ཟེར་བ་དེ་འཇའ་ཡལ་བ་བཞིན་ཡལ་སོང་བ་དང་། བོད་རང་བཙན་ཟེར་བ་དེ་བོར་སོང་བ་རེད་ལ། བོད་མི་རིགས་ལ་རང་དབང་ཟེར་བ་དེ་ཡང་ཉིན་དེ་ནས་བཟུང་ཤོར་སོང་བ་རེད།

གལ་ཏེ་གྲོས་མཐུན་མིང་རྟགས་དེ་བཀོད་ཐུབ་མེད་ན་གུང་ཁྲན་ཏང་གིས་གླང་ཆེན་སྨྱོས་བ་ཇི་བཞིན་བོད་མི་རིགས་ལ་བསད་རྡུང་འཕྲོག་གསུམ་གྱི་བྱ་ངན་འདི་དག་ད་ལྟའང་ད་དུང་མཚམས་མ་ཆད་པར་ལུས་དོན་མེད་པ་ཡིན་ཏེ། སྐབས་དེར་གྲོས་བསྡུར་ལ་མིང་རྟགས་བཀོད་ཐུབ་མེད་ཚེ་གུང་ཁྲན་ཏང་གིས་བོད་ནང་དུ་གསོད་རྡུང་འཕྲོག་བཅོམ་གྱིས་བཙན་འཛུལ་དེ་རྒྱལ་སྤྱིའི་ཐོག་ཏུ་ཁྲིམས་ཀྱིས་ངོས་ལེན་ཡོད་པའི་བཙན་འཛུལ་ཞིག་ཏུ་འགྱུར་ཞིང་། གུང་ཁྲན་དམག་དཔུང་བོད་དུ་གནས་པ་ཡང་བཙན་འཛུལ་གྱི་ངོ་བོའི་ཐོག་ཏུ་གནས་དགོས་སྟབས། ཆབ་མདོའི་གཞུང་དམག་གིས་མཚོན་པའི་གུང་ཁྲན་གྱིས་མཚོན་འོག་ཏུ་ཤོར་བའི་རྒྱ་འགོག་བོད་མིའི་ཚེ་སྲོག་དག་ལ་ཡང་རིན་ཐང་ཡོད་པ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་ཀློང་དུ་ཡང་དོན་སྙིང་ཡོད་པར་གྱུར་པ་ལས། དེ་སྐབས་ལྟར་དྲན་གསོ་བྱེད་མི་ནུས་པའམ་དྲན་གསོ་བྱེད་མི་ཕོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཤིག་འདེམ་དགོས་དོན་མེད།

ལྷག་པར་དུ་མའོ་ཙེ་ཏུང་གིས་ཀྱང་རྒྱ་ནག་གི་ས་ཁུལ་ཁག་ཏུ་གུང་མིང་ཏང་གཏོར་ཕམ་བཏང་བ་དང་མི་འདྲ་བ་བོད་ཀྱི་སྲིད་དབང་གཏོར་ཕམ་གཏང་རྒྱུ་ནི་ལོ་རྒྱུས་ཀྱི་གནད་དོན་ཐེབས་པའི་དབང་སྒྱུར་བྱེད་ཐབས་ལ་རྒྱལ་སྤྱིའི་ཐོག་ཏུ་རྙོག་གླེང་ལ་ཧ་ཅང་སྐྲག་སྣང་སྐྱེས་བཞིན་ཡོད། སྐབས་དེར་ཏག་ཏག་ཕུན་དབང་གིས་བོད་ཀྱི་སྐུ་ཚབ་ཚོ་ལ་འཇམ་རྩུབ་གཉིས་ཀྱི་བྱེད་ཐབས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་ཡོད་ལ་དེ་དང་ཕྱོགས་མཚུངས་མའོ་ཙེ་ཏུང་གིས་གནད་དོན་དེ་འཛམ་གླིང་ལ་བསྒྲགས་པ་དང་ང་ཕོད་ཀྱིས་ཀྱང་རླུང་འཕྲིན་ནང་འགྲེལ་བརྗོད་བྱས་ཡོད།

གནད་དེའི་མགོ་མཇུག་བར་གསུམ་དུ་ཕུན་དབང་མ་གཏོགས་མའོ་ཙེ་ཏུང་གི་འཆར་བཀོད་ལག་བསྟར་བྱེད་ཐུབ་མཁན་སུ་ཡང་མེད་སྟབས། དངོས་གནས་ཁོང་ནི་བོད་ཀྱི་ཆབ་སྲིད་འཕོ་འགྱུར་ཁྲོད་གནད་ཡོད་མི་སྣ་ཞེས་བསྔགས་པ་ཡང་རང་གི་མི་རིགས་ཀྱི་རང་དབང་ཤོར་བ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་བཅད་པ། བོད་ནང་དུ་བཙན་འཛུལ་གྱི་མེ་ལྕེ་དེ་དག་ཀྱང་ཞི་བའི་བཅིངས་བཀྲོལ་ཞེས་པའི་ཁ་གཡང་སྒྲོག་ཐུབ་པ་སོགས་ཀྱིས་མཚོན་པའི་ལས་དོན་འདི་ཚོ་ཁོ་ན་ལས་བོད་མི་རིགས་ལ་སྨན་པའི་ལས་དོན་གང་ཞིག་ཡིན་ནམ། གང་ཞིག་བསྟན་རྒྱུ་ཡོད་དམ།

མ་གཞི་ཁོང་འདས་གྲོངས་སུ་གྱུར་ཟིན་པའི་ཁོང་གི་ལོ་རྒྱུས་དག་ཀྱང་མུ་མཐུད་འཇིག་རྟེན་ན་གླེང་སློང་གནས་དགོས་དོན་མེད་མོད། བཙན་བྱོལ་བོད་མི་ཞེས་མཛུབ་རྩེར་བགྲང་ནུས་པའི་སྤྱི་ཚོགས་ཆུང་ངུ་འདིར་ཆབ་སྲིད་མཁས་པར་གྲགས་པ་ཚོས་རང་གི་བསམ་དོན་སྒྲུབ་བྱེད་དུ་འདི་ལྟ་བུའི་སྐྱེ་བོ་ཚོར་ཡང་བསམ་ཡུལ་ལས་འདས་པའི་ཆེ་བསྟོད་དང་། རྒྱུ་ལམ་འདྲ་མིན་ནས་འབྲེལ་བ་ཆེ་ལུགས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སློབ་སྟོན་ཡིན་ཟོལ་གྱིས་ཁོང་འདས་གྲོངས་སུ་གྱུར་བར་བློ་ཕམ་ཡོད་པའི་སྐྱོ་ཉམས། མི་རིགས་དང་ལོ་རྒྱུས་བཅས་ལ་རྡོག་རོལ་གཏོང་མཁན་ཁོང་ལ་ད་དུང་མི་རིགས་ཀྱི་དཔའ་བོ་ཟེར་བའི་གཏམ་བཤད་དེ་དག་གིས། ཆབ་སྲིད་མཁས་པ་ཟེར་པ་ཡང་ལེགས་ཉེས་གོ་ལྡོག་གི་བསམ་བློ་ཅན་ཞིག་དགོས་པ་མིན་ནམ་སྙམ་ཡོང་བ་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལམ་ལྷོང་ཡོང་བར་དྲང་བདེན་བཏང་སྟེ། འཁྱོག་བཤད་ཁོ་ནས་ཐབས་ཅི་ཕྱིར་སྤྱོད་པ་ཡིན་ནམ་སྙམ་ཏེ། མི་རིགས་ཤིག་ལ་བཅངས་པའི་བརྩེ་སེམས་ཟབ་མོ་རྒྱ་མཚོའི་རླབས་ལྟར་གཡོ་ཞིང་མི་རིགས་ཤིག་ལ་དུང་བ་ཟབ་མོས་ད་ལྟར་ང་ཚོའི་གནས་བབ་ཉག་ཕྲ་བའི་དུས་འདིར་འདས་དོན་རྣམས་ལ་རང་དབང་མེད་པར་བསམ་གཞིགས་ཀྱི་ཀློང་ན་འགུལ་སྐྱོད་ཅིག་རྒྱག་ཡོང་གི་འདུག

ཕྱི་ལོ་ ༢༠༡༤ཟླ་བ་ ༥ ཚེས་ ༡༨ ཉིན།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༥ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 6

  1. འོད་ཚོམ། says:
    ལོ་ 11 སྔོན།

    བོད་རྒྱལ་ཁབ་མི་རིགས་རིག་གཞུང་དང་བཅས་པ་འདི་འདྲའི་ཉམས་མངའ་བའི་གནས་སུ་བསྐྱལ་མཁན་གཙོ་བོ་ནི་རྒྱ་མིའི་གུང་ཁྲན་ཚོགས་པ་དང་བོད་མི་གསར་བརྗེ་བར་ཁས་འཆེས་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཡིན་པས་དུས་ནམ་ཡང་ང་ཚོས་ཀུ་ཡངས་གཏོང་མི་སྲིད་ལ་དེ་དག་གིས་བྱས་ཉེས་ནམ་ཡང་འདག་ཐབས་མེད་པ་ཡིན།

    Reply
  2. བཀྲ་ཤིས་ལྷ་མོ། says:
    ལོ་ 11 སྔོན།

    ཇི་ལྟར་བཤད་ཀྱང་བོད་རང་བཙན་གྱི་དཔང་རྟགས་མེད་པ་བཟོ་མཁན་དེ་སྡེ་པ་གཞུང་དང་། རྒྱ་མིའི་མཉམ་དུ་ཉིན་རྒྱུགས་མཚན་རྒྱུགས་བྱེད་མཁན་གྱི་སྡེ་པ་གཞུང་གི་དཔོན་ངན་དེ་ཚོ་རེད།

    Reply
  3. རྒྱལ་ཡོན། says:
    ལོ་ 11 སྔོན།

    ད་སྔར་བོད་རང་བཙན་གྱི་དཔང་རྟགས་མེད་པར་བཟོ་མཁན་སུ་ཡང་བྱུང་མེད་ལ། སུས་ཀྱང་བཟོ་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ཅན་ཞིག་རེད། མི་ཤི་ཚར་བ་ལ་དོན་མེད་སྙོན་འཛུགས་དང་ཞྭ་ནག་མ་གཡོགས་ན་བཟང་ལ། རབ་བྱུང་ན་སྨྱུ་གུའི་སོ་ཁ་དེ་ཁ་ཕྱོགས་མ་ནོར་བ་ཞིག་ལ་བསྟན་ཐུབ་ན་ཀ་ན་གཅིག་བྲིས་བས་གྲུབ་འབྲས་ཡོད་པ་ཞིག་ལ་འགྱུར་བའི་རེ་བ་ཡོད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་ ཕུན་དབང་ནི་རྒྱལ་བཙོང་བ་ཞིག་ལས་རྒྱལ་གཅེས་པ་ཞིག་ཅང་མ་རེད། འོན་ཀྱང་་་་་་་་་་
    སྡེར་ལྔས།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 11 སྔོན།

    ཁ་བའི་འདབ་མ་དེ་དེ་བཞིན་ནོ། ཕུན་དབང་གིས་བོད་དང་བོད་མི་རིགས་ཀྱི་ཁ་རྗེ་དབང་ཐང་ཡོད་ཚད་གུང་ཁྲན་ལ་སྤྲད་པའི་བྱས་ཉེས་འདི་ལ་སུ་ཞིག་གིས་ཁོང་བསྟོད་གླུ་ལེན་བགྱེར་དགོས་སམ། མ་གཞི་ཡུལ་བགྱར་གྱི་སྲིད་དོན་ཚོང་པའི་ཤོག་ཁག་ཚོས་ཁོང་ལ་རྗེས་དྲན་དང་བློ་འཕམ་ངུ་གྲབས་བྱེད་པ་ནི་ཅི་ཁག། སྲིད་དོན་ཚོང་པའི་མདུན་ལམ་ལ་ཕུན་དབང་གི་ཤུགས་རྐྱེན་ཡོད་དགོས་པ་ནི་སྨྲོས་མེད་རེད།
    ད་དུང་ལོ་རྒྱུས་ཀྱི་ཁུངས་དང་ཁྲིམས་ལུགས་ཀྱི་དེད་ཁུངས་རེ་རེ་བྱས་ནས་འགྲིམ་ན་ཕུན་དབང་ནི་རྒྱལ་བཙོང་བ་ཞིག་ལས་རྒྱལ་གཅེས་པ་ཞིག་ཅང་མ་རེད། འོན་ཀྱང་ལོ་རྒྱུས་བྱུང་བ་མག་མོག་བཟོས་ཡོད་པ་རེད་ལ། བཙན་འོག་ཏུ་བཞག་པའི་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དེས་ཁྲིམས་ལུགས་ཀྱི་དེད་ཁུངས་རེ་རེ་བྱས་ནས་འགྲིམ་རྒྱུའི་ནུས་པ་རྩ་མེད་བཟོས་ཟིན་པས་ཇི་ལྟར་སྒུག་དགོས་སམ།

    Reply
  6. བློ་བཟང་དབང་ཕྱུག says:
    ལོ་ 11 སྔོན།

    ཕྱི་ལོ་ ༡༩༥༠ ལོར་བོད་ཤར་ཕྱོགས་ནས་མགོ་བཙུགས་ཏེ་གུང་ཁྲན་གྱིས་དམག་དཔུང་དྲངས་ཤིང་། དམག་མི་ཞིག་གི་ཉིན་དེབ་ཏུ་གལ་སྲིད་ཁྱེད་ཀྱིས་བཅིངས་བཀྲོལ་དམག་ཨང་བཅོ་བརྒྱད་པ་དར་མདོ་བརྒྱུད་ནས་བསྐྱོད་པར་ཤེས་འདོད་ཚེ་ཐོག་མར་མི་རོ་ཡིས་བརྩིགས་པའི་མཁར་རྫོང་ཆེན་པོ་ཞིག་བཤགས་ཏེ་སྐྱོད་པར་ཡིད་ལ་དྲན་དགོས་ཞེས་འཁོད་ཡོད། དེ་ལོས་ཀྱང་ཡིན་ཏེ་ལམ་བར་ནས་ཡུལ་དམག་དང་འཐབ་འཛིང་གིས་ལམ་བུ་བཤམས་ཏེ་ཡོང་འདུག་་་་་་་་་ཚིག་འདི་དག་དམག་མི་སུའི་ཉིན་དེབ་ན་འདུག རྫུན་ཚིག་འདི་སྔོན་མར་དེབ་ཞིག་ན་ཡང་བྲིས་ཡོད།
    མ་གཞི་རྩོམ་འདི་མགོ་མཇུག་བར་གསུམ་བཀླགས་དུས་རྩོམ་འབྲི་བའི་ལས་དང་པོ་ཞིག་གི་སྣང་ཚུལ་ལས་གནད་འཁེལ་པའི་བརྗོད་བྱ་དང་རྗེད་བྱེད་ཅི་ཡང་མི་འདུག འོན་ཏེ་ཁྱེད་མ་བྲེལ། ཁ་སྔོན་ཕུན་དབང་གི་དཔར་འོག་ཀྱང་རྩོམ་ཚིགས་བཅད་མ་ཞིག་བྲིས་ནས་སྐད་འཕྲིན་ནང་གཏོང་བཞིན་འདུག ཁ་བའི་འདབ་མའི་མིང་འོག་གབ་ནས་ཀྱང་ཅི་ཕན། དེས་ན་ང་ཚོས་ལོ་རྒྱུས་ཀྱི་ཁུངས་དང་།་ཁྲིམས་ལུགས་ཀྱི་དེད་ཁུངས་རེ་རེ་ནས་འགྲིམ་ཆོག ཁྱེད་མ་འཚབ་་་་་སྒུག་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese