མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་རྐུ་མ་འཇུས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བཅིངས་གྲོལ་དམག་མིའི་རུ་ཁག་ཅིག་གི་མི་ལྔ་ཨ་རིའི་དྲ་ཚིགས་ནང་ལྐོག་འཛུལ་བྱས་ཏེ་གསང་བའི་གནས་ཚུལ་མང་པོ་ཞིག་རྐུ་འཁྱེར་བྱས་བར་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག

ཁ་སང་ཨ་རིའི་གཞུང་གིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་ཏེ་ ༢༠༠༦ ལོ་ནས་ད་བར་རྒྱ་ནག་བཅིངས་གྲོལ་དམག་མིའི་རུ་ཁག་ཨང་རྟགས་ ༦༡༣༩༨ ཀྱི་རུ་མི་ལྔས་ཨ་རིའི་དྲ་ཚིགས་ནང་ལྐོག་ཉན་ལྐོག་འཛུལ་བྱས་ཏེ། ཨ་རིའི་ཧྥན་སེལ་ཝེ་ནེ་ཡ་མངའ་སྡེའི་(Westinghouse Electric)རྡུལ་ཕྲན་གློག་ཆས་བཟོ་སྐྲུན་ཁང་དང་། ཧ་ཡང་བཟོ་གྲྭ(Alcoa Inc)། དྭངས་ལྕགས་བཟོ་གྲྭ འཕྲུལ་རིག་ཚན་རྩལ་འཕེལ་རྒྱས་ཁེ་ལས་ (Allegheny Technologies)། ཉི་འོད་འཕྲུལ་རིགས་བཟོ་སྐྲུན་ཁང་ (SolarWorld)། དྭངས་ལྕགས་ལས་བཟོ་ཚོགས་པ་བཅས་ཀྱི་བཟོ་རིག་ལག་རྩལ་དང་ཁེ་ལས་ཚོང་དོན་གྱི་གསང་བ་མང་པོ་ཞིག་རྐུ་འཁྱེར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག

འདིའི་ཐད་ཨ་རིའི་སྲིད་འཛིན་ཨོ་བྷ་མས། “ཨ་རིའི་དྲ་ཚིགས་ནང་ལྐོག་ཉན་ལྐོག་འཛུལ་བྱེད་བཞིན་པ་དག་ནི། ཨ་རིའི་དཔལ་འབྱོར་དང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་མཁན་གྱི་བྱེད་གཏེ་གཙོ་བོ་དེ་ཡིན།” ཞེས་བརྗོད་འདུག རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཆིང་ཀང་གིས། “ང་ཚོས་དྲ་ཐོག་བརྒྱུད་ཨ་རིའི་ཚོང་དོན་གསང་བ་རྐུ་འཁྱེར་གང་ཡང་བྱས་མེད་སྟབས། གལ་ཏེ་ཨ་རིས་མུ་མཐུད་གཞི་མེད་སྐྱོན་འཛུགས་བྱས་ཚེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་རེད།” ཅེས་དང་། ཁོས་ད་དུང་ཨ་རིས་རྒྱ་ནག་ལ་ཁ་གསལ་ལན་འདེབས་རྒྱག་དགོས་པ་མ་ཟད། སྐྱོན་འཛུགས་དེ་འཕྲལ་དུ་མཚམས་འཇོག་བྱ་དགོས་སྐོར་སོགས་བརྗོད་འདུག

ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་པ་ཨི་རེག་ཧུ་ཌར་(Eric Holder )གྱིས། “རྒྱ་གཞུང་གིས་ཨ་རིའི་ཚོང་དོན་གསང་བ་རྐུ་འཁྱེར་བྱེད་དོན་ནི། ཁོ་ཚོའི་གཞུང་འཛིན་ཁེ་ལས་ཁག་ལ་ཁེ་ཕན་ཐོབ་ཐབས་གཙོས། དམིགས་ཡུལ་གཞན་ཁག་ཅིག་སྒྲུབ་ཐབས་བྱེད་བཞིན་ཡོད།” ཅེས་བརྗོད་འདུག ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་གཞོན་པ་ཇོན་ཁར་ལིན་(John Carlin) གྱིས། “ རྒྱལ་སྤྱིའི་ཐོག་ཁྲོམ་རྭའི་འགྲན་རྩོད་ཤུགས་ཆེན་ཡོད་སྟབས། ཨ་རིའི་བཟོ་སྐྲུན་ལག་རྩལ་བ་ཚོས་ཉིན་མཚན་ལྟོས་མེད་དུ་དཀའ་ལས་བརྒྱབ་སྟེ། གསར་གཏོད་གསར་སྐྲུན་བྱེད་བཞིན་ཡོད་པ་དག་བཅིངས་གྲོལ་དམག་མིའི་རུ་ཁག་དེའི་རུ་མི་ཚོས་ཧྲང་ཧེ་བརྒྱུད་རྐུ་འཁྱེར་བྱས་ཏེ། ང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་ཁག་ལ་ལོངས་སྤྱོད་བྱེད་བཞིན་འདུག” ཅེས་བརྗོད་འདུག

ཐེངས་འདིར་ཨ་རིའི་དྲ་ཚིགས་ནང་ལྐོག་འཛུལ་བྱེད་མཁན་དག་ནི་ཝང་ཏུང་(Wang Dong)དང་། སུང་ཁེ་ལིང་(Sun Kailiang)། ཝུན་ཤིན་ཡུ(WenXinyu)། ཧོང་ཀྲིན་ཡུ(Huang Zhenyu)།གྷོ་ཁྲེན་ཧེ་ (GuChunhui) བཅས་ཡིན་འདུག

༢༠༠༦ ལོ་ནས་བཟུང་རྒྱ་གཞུང་གིས་ཨ་རིའི་ཧྥན་སེལ་ཝེ་ནེ་ཡ་མངའ་སྡེའི་པི་སེ་བྷག་ནང་རྟེན་གཞི་བྱས་པའི་ཝེ་སེ་ཀྲིང་རྡུལ་ཕྲན་གློག་ཆས་དང་དྭངས་ལྕགས། ཧ་ཡང་བཟོ་གྲྭ ཉི་འོད་གློག་རྡུལ་ཁེ་ལས་སོགས་ཀྱི་དྲ་ཚིགས་ནང་ལྐོག་འཛུལ་བྱས་ཏེ། ཁེ་ལས་ཀྱི་རྒྱུ་ཆ་དང་ཚོང་དོན་ལས་གཞི། རིན་གོང་འཕར་ཆག སྤུས་ཚད། བཟོ་རིག་ལག་རྩལ་སོགས་ཀྱི་ཡིག་ཆ་རྐུ་འཁྱེར་བྱས་ཏེ། རྒྱ་གཞུང་གི་ཁེ་ལས་དག་ལ་མཁོ་སྤྲོད་དང་འབྲེལ། ཁྲོམ་རྭར་དགོས་མཁོ་ཆེ་བའི་འཕྲུལ་ཆས་གསར་བཟོ་བྱེད་བཅུག་སྟེ་རིན་གོང་ཆུང་བའི་དངོས་རྫས་བཟོས་ཤིང་། རྒྱལ་སྤྱིའི་ཐོག་ཕྱིར་ཚོང་བྱས་ཏེ་ཨ་རིའི་ཁྲོམ་རྭའི་བཟོ་སྐྲུན་ཐོན་ལས་དག་ལ་ཁ་གཏད་བཅག་ཡོད་པ་མ་ཟད། ཨ་རིའི་ཚོང་རིགས་འཕེལ་རྒྱས་ལའང་དོ་ཕོག་ཤུགས་ཆེན་བཏང་ཡོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས། ༢༠༠༦ ལོ་ནས་བཟུང་ད་བར་རྒྱ་གཞུང་གིས་ཨ་རིའི་ཁེ་ལས་ཁག་གི་ཚོང་དོན་གསང་བ་རྐུ་འཁྱེར་བྱས་ཏེ། གྱོང་གུད་ཚབས་ཆེན་བཟོས་ཡོད་པ་ལྟར། ད་དུང་ང་ཚོས་ཤེས་རྟོགས་ཐུབ་མེད་པའི་ཁེ་ལས་མང་པོ་ཞིག་ལའང་དེ་བཞིན་གྱོང་གུད་ཆེན་པོ་སྤྲད་ཡོད་སྲིད་སྐོར་སོགས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་གཞུང་གིས་ཨ་རིའི་ཚོང་དོན་གསང་བ་རྐུ་འཁྱེར་བྱས་ཏེ། ཨ་རིའི་ཁེ་ལས་མང་པོ་ཞིག་ལ་གྱོང་གུད་ཤུགས་ཆེན་བཟོས་ཡོད་སྟབས། མ་འོངས་པར་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་གི་མགོ་ཁྲིད་ཚོས་མདང་དགོང་རྒྱ་ནག་གི་ཨ་རིའི་གཞུང་ཚབ་ཆེན་མོ་བྷོ་ཁཱ་སེ་ (Max Baucus) ལགས་ལ་ཐུག་འཕྲད་བྱས་ཏེ། ཨ་རིའི་ཚོང་དོན་གསང་བ་རྐུ་འཁྱེར་བྱས་པའི་གནད་དོན་ཐད་གྲོས་མོལ་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 2

  1. ཤིག། says:
    ལོ་ 9 སྔོན།

    རྒྱ་རོ་ཐམས་ཅད་རྐུ་མ་ཡིན།
    རྐུ་མ་ཐམས་ཅད་རྒྱ་རོ་ཡིན།
    ཨ་ཁ། ཨ་རི་ནི་དུས་རབས་ཉེར་ཅིག་པའི་འཛམ་གླིང་ནང་ཡར་ཐོན་ཚད་འཛིན་གྱི་རྒྱ་ཁབ་ཨང་དང་པོ་དེ་ཡིན་ན་ཡང་རྒྱ་ནག་གི་རྐུ་མའི་ཐབས་འབྱུས་དེ་འོག་དཀའ་ངལ་མྱོངས་བཞིན་འདུག། ད་འཛམ་གླིང་མི་མང་ཡོངས་ནས་རྐུ་མ་དེ་འཛམ་གླིང་ནས་ཕྱིར་འབུད་ཐུབ་པ་བྱས་དགོས། ཧ་ཧ་ཧ།

    Reply
  2. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    དུས་རབ་ཉུ་ཤུ་ཡི་ནང་ཉིང་ཧོང་ལ་ཅི་ཡོང་དེ་ད་ལྟའི་རྒྱ་མི་མགོ་ལ་བྱུང་རྒྱུར་ཅིག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist