མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲག་པོའི་ཁྲིམས་གཞི་བསྡམས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐའེ་ལན་ཌིའི་དམག་སྤྱི་ཆེན་མོས་རྒྱལ་ཁབ་ནང་བདེ་འཇགས་དང་ཞི་བདེ་བསྐྱར་གསོའི་བྱེད་ཆེད་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༦།༠༠ སྟེང་། ཐའེ་ལན་ཌིའི་དམག་སྤྱི་ཆེན་མོ་པུར་ཡོ་ཐི་ (Prayuth Chan-Ocha)ཡིས་དམག་དཔུང་གི་སྟངས་འཛིན་འོག་ཡོད་པའི་བརྙན་འཕྲིན་བརྒྱུད་དེ། ཉེ་བའི་དུས་ཡུན་ནང་ཐའེ་ལན་ཌིའི་ནང་སྲིད་དོན་དཀའ་རྙོག་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་བ་དང་མང་ཚོགས་ཀྱི་འཚོ་བར་བརྡབ་གསིག་ཆེན་པོ་ཕྱིན་པ། ད་དུང་འདི་མུར་ལྷག་ཚེ་མི་གསོད་ཁྲག་སྦྱོར་སྔར་ལས་ཆེ་བ་འབྱུང་སྲིད་སྟབས། རྒྱལ་ཁབ་བདེ་འཇགས་དང་ཞི་བདེ་བསྐྱར་གསོ་ཡོང་ཆེད་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག་པ་མ་ཟད། དེ་རིང་ནས་བཟུང་དངོས་སུ་ཐའེ་ལན་ཌིའི་རྒྱལ་ས་གཙོས་གྲོང་ཁྱེར་ཁག་ནང་དམག་དཔུང་བཏང་ཡོད་འདུག

དམག་སྤྱི་ཆེན་མོ་ཡོ་ཐི་ཡིས་ ༡༩༡༤ ལོར་ཐའེ་ལན་ཌིའི་རྩ་ཁྲིམས་ནང་རྒྱལ་ཁབ་ནང་ཟིང་འཁྲུག་དཀའ་ངལ་བྱུང་སྐབས་དམག་མིས་ཐེ་གཏོགས་བྱེད་ཆོག་ཚུལ་བཀོད་ཡོད་པ་དེ་ལག་བསྟར་བྱས་པ་ཞིག་ཡིན་ཚུལ་དང་། དམག་མིས་སྲིད་གཞུང་མགོ་རྟིང་སློག་མེད་སྐོར་མང་ཚོགས་ལ་གསལ་བཤད་བྱས་ཡོད་ཀྱང་། ཁོང་གིས་བར་བརྒལ་སྲིད་བློན་ནེ་ཝ་ཊོམ་རོན་ (Niwattumrong) ལགས་དང་མཉམ་དུ་དམག་མིའི་ཐག་གཅོད་ལ་བཀའ་འདྲི་བྱས་མེད་སྟབས། བར་བརྒལ་སྲིད་བློན་གྱིས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཁོ་རང་མུ་མཐུད་དུ་སྲིད་བློན་ལས་ཁུངས་སུ་སྡོད་རྒྱུ་ཡིན་པར་གསལ་བསྒྲགས་བྱས་ཡོད་འདུག

དམག་མིའི་མགྲིན་ཚབ་པས་གསར་འགོད་པར། ད་ལྟ་དམག་མིས་རྒྱལ་ཁབ་ནང་བདེ་འཇགས་གྱི་འགན་འཁུར་བཞིན་ཡོད་སྟབས་མང་ཚོགས་ཀྱི་འཚོ་བ་རྒྱུན་ལྡན་ཆགས་ཡོད་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་སྲིད་དོན་ཚོགས་པའི་དོ་དམ་འོག་ཡོད་པའི་བརྙན་འཕྲིན་ལས་ཁུངས་ཁག་གིས་གནས་ཚུལ་འཁྱོག་བཤད་བྱས་པའི་སྐྱོན་འཛུགས་འོག་བརྙན་འཕྲིན་ལས་ཁུངས་ ༡༠ ཙམ་སྒོ་རྒྱག་བཅུག་པ་མ་ཟད། མང་ཚོགས་ལ་ངན་སྐུལ་བྱེད་པའི་ཡིག་ཆ་དཔར་སྐྲུན་བྱེད་པའང་བཀག་སྡོམ་བྱས་ཡོད་འདུག དེ་བཞིན། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་སུ་ཞིག་ཡིན་ཡང་དམག་མིས་ཆོག་མཆན་མེད་པའི་གཞུང་ལམ་དང་ཁྲོམ་གཞུང་སོགས་སུ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་མི་ཆོག་པ་བཅས་ཀྱི་བཀའ་རྒྱ་བཏང་ཡོད་འདུག

གནད་དོན་འདིའི་ཐད་ཨ་རིའི་རྒྱལ་དོན་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཇེན་(Jen Psaki) ལགས་ཀྱིས་གསར་འགོད་པར། “ ཐའེ་ལན་ཌིའི་དམག་མིས་རྒྱལ་ཁབ་ནང་ཟིང་འཁྲུག་བཀག་འགོག་ཆེད་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱས་པ་ལས་དམག་མིས་གྱེན་ལོག་མིན་པར་ཁས་ལེན་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། དམག་དཔུང་གིས་དམངས་གཙོའི་སྲིད་གཞུང་ལ་རྩིས་མེད་སྣང་ཆུང་བྱེད་ཆོག་གི་མེད་”ཅེས་བརྗོད་འདུག ༢༠༠༦ ལོར་ཐའེ་ལན་ཌིའི་དམག་དཔུང་གིས་སྲིད་གཞུང་མགོ་རྟིང་སློག་སྐབས་ཨ་རི་གཞུང་གིས་ཨ་སྒོར་ས་ཡ་མང་པོའི་རོགས་དངུལ་མཚམས་འཇོག་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཐའེ་ལན་ཌིའི་དམག་དཔུང་གིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་པའི་དུས་ཡུན་དང་། རྒྱལ་ཡོངས་སྲིད་བློན་འོས་བསྡུའི་དུས་ཚོད་སོགས་གང་མགྱོགས་གཏན་འབེབས་གསལ་བསྒྲགས་མ་བསྐྱངས་པ་ཡིན་ན། ཐའེ་ལན་ཌིའི་མང་ཚོགས་ཚོས་སླར་ཡང་དྲག་པོའི་དམག་དཔུང་གིས་གཞུང་བཙན་བཟུང་བྱས་པ་ཡིན་པར་དོགས་ཏེ། རྒྱལ་ཁབ་ནང་སྲིད་དོན་གྱི་དཀའ་རྙོག་སྔར་ལས་རྙོག་འཛིང་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཐའེ་ལན་ཌིའི་དྲག་པོའི་དམག་དཔུང་གིས་༡༩༣༢ ལོར་ནས་ད་བར་ཐེངས་ ༡༡ ཙམ་ལ་སྲིད་གཞུང་མགོ་རྟིང་སློག་ནས་གཞུང་བཟུང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist