མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མི་མང་གིས་དོན་གཅོད་ལ་མཉམ་རུབ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་ལ་ཉི་ཧོང་ནང་གི་བོད་པའི་གནས་སྟངས་དང་། ཉི་ཧོང་གཞུང་མང་གིས་བོད་དོན་ཐོག་ལྟ་སྟངས་གང་འདྲ་ཡོད་མེད་བཅས་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ་གང་ཡིན་པ་དང་། སྐུ་ཉིད་ནས་ད་ལྟའི་བར་ལས་དོན་གཙོ་བོ་གང་དག་བསྒྲུབས་ཡོད་དམ།

ལན། ང་རང་ ༡༩༨༤ ལོ་ནས་ ༢༠༠༢ ལོའི་བར་སྐུ་ཚབ་དོན་གཅོད་སྔོན་མའི་འོག་དྲུང་ཆེའི་ལས་ཀ་བྱས་པ་རེད། ༢༠༠༢ ལོ་ནས་ ༢༠༠༧ བར་ལྡི་ལི་སྐུ་ཚབ་དོན་གཅོད་ནང་དྲུང་ཆེའི་མཚན་གནས་དང་སྐབས་ཤིག་ལ་སྐུ་ཚབ་དོན་གཅོད་གཞོན་པའི་འགན་འཁུར་བ་ཡིན། ༢༠༠༧ ལོའི་ཟླ་ ༦ པ་ནས་ད་ལྟའི་བར་ཉི་ཧོང་སྐུ་ཚབ་དོན་གཅོད་རེད། ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་བོད་ཀྱི་བདེན་དོན་གསལ་བཤད་དང་། གཞུང་དང་གཞུང་འབྲེལ་མིན་པའི་གསར་འགྱུར་ལས་ཁུངས་དང་ཆབ་སྲིད་མི་སྣ། དོན་གཉེར་ཅན་བཅས་ལ་སྐབས་ཐོག་གི་གནས་ཁྱབ་སྤེལ་གཏོང་རྒྱུ་སོགས་རེད། ང་རང་གིས་ཉི་ཧོང་དོན་གཅོད་ཀྱི་ལས་ཀ་བྱས་པའི་དུས་ཡུན་འདིའི་རིང་གཙོ་བོ་༧གོང་ས་མཆོག་གི་ཆིབས་བསྒྱུར་ལས་རིམ་ཐོག་ཤུགས་བརྒྱབ་པ་ཡིན། ༧གོང་ས་མཆོག་གི་ཕྱག་དེབ་མང་པོ་ཞིག་ཉི་ཧོང་སྐད་ནང་ཕབ་བསྒྱུར་དཔར་འགྲེམ་དང་། ཉི་ཧོང་གི་ནང་པ་དང་ཤིན་ཏོ་ཆོས་བརྒྱུད་ཀྱི་སྒྲིག་འཛུཊ་ཁག་དང་འབྲེལ་ལམ་ཞུས་ཏེ། ༧གོང་ས་མཆོག་ཤིན་ཏོ་ཆོས་བརྒྱུད་ཀྱིས་ཚར་ཁ་ཤས་གདན་འདྲེན་ཞུས་པ་རེད། ༢༠༡༤ ལོའི་ཟླ་ ༤ ཚེས་ ༦ ནས་ ༧ བར་ཤིན་ཏོ་ཆོས་བརྒྱུད་ཀྱིས་གདན་ཞུ་ལྟར། ས་ཡོམ་དང་མཚོ་རླབས་གོད་ཆག་ཆེན་པོ་བྱུང་སར་༧གོང་ས་མཆོག་ཕེབས་ཏེ། དོ་ཕོག་བྱུང་མཁན་མི་མང་ ༡༥༠༠ ལས་ ༡༠༠༠ ཡས་མས་ལ་ཕན་ཐོགས་བྱུང་ཡོད། ཉི་ཧོང་གི་གཙུག་ལག་སློབ་གྲྭ་དང་བོད་མཁས་པའི་སྒྲིག་འཛུགས་བར་འབྲེལ་ལམ་དང་བཅས་བྱས་ཡོད། ད་ལྟའི་བར་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་ཐེངས་ ༢༠ དང་། ངའི་སྐབས་སུ་ཆིབས་བསྒྱུར་ཐེངས་ ༡༡ གནང་ཐུབ་པ་བྱུང་ཡོད་ལ། རྒྱ་ནག་དང་ཉི་ཧོང་གི་ཆབ་སྲིད་གནས་སྟངས་འོག་ང་ཚོས་གཞུང་འབྲེལ་ཐོག་འབྲེལ་བ་བྱེད་ཐུབ་ཀྱི་མེད་ཀྱང་། དྲ་རྒྱ་དང་དུས་དེབ། མི་སྣར་མཇལ་འཕྲད་སོགས་བརྒྱུད་ནས་གསལ་བཤད་ཀྱི་གོ་སྐབས་རག་གི་ཡོད་པ་རེད། དེ་བཞིན། ཤེས་ཡོན་ལ་ཕན་པའི་མཐུན་འགྱུར་དང་བོད་མིའི་སྒྲིག་འཛུཊ་ལ་དཔལ་འབྱོར་མཐུན་འགྱུར་ཐབས་འཚོལ་སོགས་གང་ལ་གང་འཚམ་ཡོང་གི་ཡོད་པ་རེད།

དྲི་བ། ད་ཆར་ཉི་ཧོང་ནང་བོད་མི་སྐྱབས་བཅོལ་བ་ག་ཚོད་ཡོད་པ་དང་དེ་དག་གི་འཚོ་བའི་གནས་སྟངས། ཆོས་ཚོགས་དང་བོད་པའི་ཚོགས་པ་སྐྱིད་སྡུག་གི་གནས་སྟངས་གང་འདྲ་ཡིན་ནམ།

ལན། ཉི་ཧོང་ནང་ང་ཚོ་སྐྱབས་བཅོལ་སྤྱི་ཚོགས་རང་ནས་ཡོང་བའི་བོད་མི་ཕལ་ཆེར་ ༡༡༠ ཙམ་ལས་ཡོད་པ་མ་རེད། ཁོང་ཚོ་མང་ཆེ་བ་ཉི་ཧོང་གི་མི་དང་ཆང་ས་བརྒྱབ་ནས་ཡོང་བ་དེ་འདྲ་དང་། གཙུག་ལག་སློབ་གྲྭའི་ནང་དགེ་རྒན་གྱི་ཕྱག་ལས་གནང་མཁན་ཁ་ཤས་དང་སློབ་མ་ཁ་ཤས། དེ་ནས་ཆོས་ཚོགས་ནང་ཕྱག་ལས་གནང་མཁན་ཁག་ཅིག་བཅས་འདུག ཁོང་ཚོ་མང་ཆེ་བ་སོ་སོའི་ལྟོ་གོས་དང་འཚོ་བའི་ནང་མགོ་འཐོམ་སྡོད་པ་ལས་སྤྱི་ཚོགས་ནང་མངོན་གསལ་དོད་པོས་ཕན་ཐོགས་བྱེད་མཁན་ཧ་ཅང་དཀོན་པོ་འདུག ཆོས་ཚོགས་ཀྱི་ཕྱོགས་ནས་ང་རང་ཚོ་བོད་དང་འབྲེལ་བའི་ཆོས་ཚོགས་ ༤ ཙམ་ཡོད་པ་རེད། ང་ཚོའི་བར་གྱི་འབྲེལ་བ་འབྲིང་ཙམ་ཡིན། ཁོང་ཚོ་རྒྱ་ཆེན་པོ་དེ་འདྲ་མ་རེད། ས་གནས་བོད་མིའི་སྐྱིད་སྡུག་ཅེས་པ་ཞིག་ཀྱང་ཡོད་པ་རེད།

དྲི་བ། ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་སྐབས་དཀའ་ངལ་གཙོ་བོ་ག་རེ་འཕྲད་ཀྱི་འདུག་གམ།

ལན། ཉི་ཧོང་ནང་དཀའ་ངལ་ཆེ་ཤོས་བོད་པའི་མིང་འཁུར་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཚོགས་པ་འདྲ་མིན་ཡོད་པ་དེ་དག་རེད། ཕར་རེ་བ་བཅངས་ནས་འགྲོ་སྐབས་དམིགས་བསལ་རེ་བ་རྒྱག་ས་མེད་པ་དེ་འདྲ་རེད། དགོས་ས་ཆད་མི་དགོས་སར་ལྷག་ཟེར་བ་ལྟར། ཁ་ཤས་ཀྱིས་སོ་སོའི་ལྟོ་གོས་ཆེད་ལས་ཀ་བྱེད་བསྡད་པ་ལས་བོད་དོན་ཐོག་ཕན་ཐོགས་གང་ཡང་མེད་པ་དེ་འདྲ་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་ལབ་དུས་མིང་དོན་མཚུངས་པ་ཞིག་དང་། ནམ་རྒྱུན་བོད་དོན་ཐོག་ལས་ཀ་བྱེད་མི་ཐུབ་ཀྱང་སྐབས་སྐབས་སུ་ལས་ཀ་གང་འཚམ་བྱེད་ཐུབ་པ་ཞིག་དགོས་པ་རེད། ཉི་ཧོང་ནང་གི་ཚོགས་པ་ཁ་ཤས་ཡག་པོ་འདུག དོན་གཅོད་དང་མཉམ་དུ་བསམ་ཚུལ་གོ་བསྡུར་བྱས་ཏེ་ཕྱི་ནང་མཐུན་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད། མི་སྒེར་གྱི་ཐོག་ནས་ང་ཚོར་ཡིད་ཆེས་དང་དོ་སྣང་། དོན་གཅོད་ལས་ཁུངས་ཀྱི་ལས་གཞིར་མཐུན་འགྱུར་གནང་བསྡད་པ་དེ་འདྲ་ཁག་ཅིག་ཡོད་པ་རེད།

དྲི་བ། ཉི་ཧོང་གཞུང་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་གང་འདྲ་ཡིན་མིན་དང་། གཞུང་འཛིན་མི་སྣ་ཚོས་བོད་དོན་ཐོག་ལྟ་སྟངས་གང་འདྲ་འདུག་གམ།

ལན། ང་ཚོ་གཞུང་འབྲེལ་རང་གི་རྣམ་པའི་ཐོག་ནས་ཉི་ཧོང་གཞུང་དང་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་བར་འབྲེལ་ལམ་ཡོད་པ་མ་རེད། ཡིན་ནའང་དུས་ཚོད་ཀྱི་འགྱུར་བ་དང་བརྟེན་ཏེ་བོད་པའི་གནས་སྟངས་ཐོག་ཐུགས་སྣང་ཟབ་པོ་རེད། ཁོང་ཚོར་སྐབས་དང་དུས་ལ་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པའི་ཆ་ནས་དེ་དག་ང་ཚོའི་ཏག་ཏག་ཞུ་ཐུབ་ཀྱི་ཡོད་པ་རེད། ཨེ་ཤ་ཡའི་རྒྱལ་ཁབ་སྤྱི་ཡོངས་ལ་བལྟས་པ་ཡིན་ན་ཉི་ཧོང་དེ་བོད་པར་ཡག་ཤོས་ཆགས་ཡོད། གཞུང་འཛིན་མི་སྣ་སྒེར་དང་ཆབ་སྲིད་པ། གསར་འགོད་པ་བཅས་ཀྱི་ཐོག་ནས་བོད་དོན་ཐོག་གོ་རྟོགས་ཡག་པོ་རེད། ཡིན་ནའང་སྒྲིག་འཛུཊ་དང་ཆབ་སྲིད་ཚོགས་པ་སོགས་གནས་ཚུལ་ལོག་ག་རེད། ད་སྔ་ཉི་ཧོང་གྲོས་ཚོགས་འཐུས་མིའི་སྒྲིག་འཛུཊ་ཤིག་གིས་༧གོང་ས་མཆོག་ཐེངས་གཉིས་དང་། སྔ་ལོར་སྲིད་སྐྱོང་ཐེངས་གཅིག་གྲོས་ཚོགས་འཐུས་མིའི་འདུ་ཚོགས་ཐོག་གདན་ཞུ་གནང་སྟེ། ༧གོང་ས་མཆོག་གིས་འགྲོ་བ་མིའི་སྤྱིའི་རིན་ཐང་དང་འཛམ་གླིང་སྤྱིའི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། སྲིད་སྐྱོང་མཆོག་གིས་བོད་པའི་ཆབ་སྲིད་གནས་སྟངས་ཐོག་གཏམ་བཤད་གནང་བ་རེད། དེ་དག་གཞུང་འབྲེལ་མ་རེད། ཆབ་སྲིད་ཚོགས་པ་ཁག་མཉམ་རུབ་ཐོག་མགྲོན་འབོད་གནང་བ་རེད། དེ་དག་གིས་བོད་པའི་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བར་ས་བོན་གང་འཚམ་འདེབས་ཐུབ་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ཉི་ཧོང་མི་མང་གི་ངོས་ནས་བོད་དང་བོད་དོན་ཐོག་ལྟ་སྟངས་དང་རྒྱབ་སྐྱོར་གནང་ཕྱོགས་གང་འདྲ་ཡོད་དམ།

ལན། མི་མང་ནང་བོད་པའི་གནས་སྟངས་ཤེས་རྟོགས་ཡོད་མཁན་ཚོས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་གསལ་བོ་རེད། ཡིན་ནའང་། བོད་ཀྱི་གནད་དོན་ཉི་ཧོང་རྒྱལ་ཡོངས་ལ་ཁྱབ་ཐུབ་ཀྱི་ཡོད་དམ་ཞེ་ན། ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་ཆབ་སྲིད་པའི་བར་གྱི་གནས་ཚུལ་དང་གསར་ཁང་སོ་སོའི་སྲིད་བྱུས་བཅས་ཀྱི་ཐོག་ནས། དཔེར་ན། ༧གོང་ས་མཆོག་གི་ཉི་ཧོང་གི་མཛད་འཕྲིན་སྐོར་ཉི་ཧོང་རང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་ཙམ་ཐོན་མ་ཐུབ་པའི་གནས་སྟངས་ཡོད་པ་རེད། གཙོ་བོ་གསར་འགྱུར་ལས་ཁུངས་དང་ཆབ་སྲིད་ཚོགས་པ་སོགས་ཀྱིས་རྒྱ་མིར་དོགས་ཟོན་བྱས་ཏེ། བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་ཀྱི་མེད་སྟབས་ཉི་ཧོང་རྒྱལ་ཡོངས་ནང་ཁྱབ་ཐུབ་ཀྱི་ཡོད་པ་མ་རེད། ༢༠༠༩ ལོར་ཡུ་ཀོ་ཧ་མར་འཛམ་གླིང་རྒྱལ་སྤྱིའི་རླངས་འཁོར་ཚོང་ར་ཚོགས་པས་གོ་སྒྲིག་གནང་སྐབས། འགྲོ་སོང་གཅིག་པུར་ཨ་སྒོར་འབུམ་ལྔ་ལྷག་ཕྱིན་པའི་སྐད་ཆ་རེད། ཚོགས་ཁང་བཞིའི་ནང་ཉི་ཧོང་གཅིག་པུ་མིན་པར་ཀོ་རི་ཡ་དང་ཐའེ་ཝན། ནང་པའི་རྒྱལ་ཁབ་ནས་ཡོང་མཁན་ ༡༣༠༠༠ ཕེབས་ཡོད་པ་རེད།

དྲི་བ། ཉི་ཧོང་དང་རྒྱ་ནག་བར་ཆབ་སྲིད་དང་ཚོང་འབྲེལ་གྱི་གནས་སྟངས་གང་འདྲ་ཡོད་མེད་དང་། དེས་བོད་དོན་རྒྱབ་སྐྱོར་ཐད་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་འདུག་གམ།

ལན། རྒྱ་ནག་དང་ཉི་ཧོང་གཉིས་རྒྱ་རབས་ལོ་རྒྱུས་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་འཁོན་འཛིན་ཤུགས་ཆེན་པོ་ཡོད་པ་རེད། ཐོག་མ་ཉི་ཧོང་གིས་དཔལ་འབྱོར་གྱི་ཐོག་ནས་རྒྱ་ནག་ལ་མཐུན་འགྱུར་བྱས་ཏེ་རྒྱ་ནག་སྟོབས་ཆེན་པོ་ཆགས་ཡོང་སྐབས། ད་ལྟ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཆགས་ཡོད། ཆབ་སྲིད་ཐོག་མི་མང་ནང་བསམ་བློའི་བར་ཁྱད་ཡོད་ཀྱང་། ཚོང་འབྲེལ་གྱི་དབང་གིས་ཕར་ཚུར་གཉིས་ཀ་ཁོག་པ་ཆེན་པོ་བྱས་ནས་བསྡད་ཡོད། མཚོ་གླིང་གི་རྙོག་གྲ་དེ་ཚོ་གཅིག་བྱས་ན་དམག་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་། ཁོང་ཚོས་ད་ལྟ་ནས་བརྩིས་པའི་ལོ་བརྒྱ་ཕྲག་གི་ནག་རྩིས་རྒྱག་གི་ཡོད་པ་རེད། ཉི་ཧོང་ལ་ཆ་བཞག་ན་རྒྱ་ནག་གིས་རྫིག་ཉམས་འདྲ་མིན་སྟོན་གྱི་ཡོད་ཀྱང་ཁོག་པ་ཆེན་པོ་བྱས་ནས་བསྡད་འདུག རྒྱ་ནག་ལ་མཚོན་ན་ནང་ཁུལ་གྱི་རྙོག་གྲ་དང་དབང་ཆའི་འཐབ་རྩོད་འོག་མི་མང་ལ་མགོ་སྐོར་དང་། མི་མང་གི་དོ་སྣང་ཁ་ལོ་བསྒྱུར་ཆེད་གནས་ཚུལ་གསར་པ་བཟོ་བཞིན་ཡོད་པ་ཉི་ཧོང་མི་མང་གིས་ཧ་གོ་བསྡད་ཡོད་པ་རེད། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ཐོག་གཡོ་སྒྱུ་འཁྲབ་རྒྱུར་ཧ་ཅང་བྱང་ཆུབ་པ་ཞིག་ཡིན་པ་ཧ་གོ་ཡོད་པ་རེད། གནས་སྟངས་དེའི་འོག་ནས་ང་ཚོ་བོད་པར་ཁེ་བཟང་ཞིག་རག་གི་ཡོད་པ་རེད། བོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་སྐབས་ཉི་ཧོང་མི་མང་གིས་བོད་ནང་གི་བོད་མི་ཚོས་སྡུག་པོ་མྱོང་གི་ཡོད་པ་དང་། རྒྱ་ནག་ལ་གཡོ་རྒྱུ་དང་ཧམ་པ་ཆེ་བ་སོགས་རང་བཞིན་གྱིས་ངོས་ལེན་བྱེད་ཀྱི་ཡོད། ཡིན་ནའང་དམིགས་ཡུལ་རྒྱ་ནག་དང་ཉི་ཧོང་གཉིས་དམག་འཁྲུག་བརྒྱབ་ནས་འབྲེལ་བ་སྡུག་པོ་ཆགས་རྒྱུ་དེ་མ་རེད། རྒྱལ་ཁབ་འདི་གཉིས་ཨེ་ཤ་ཡའི་རྒྱལ་ཁབ་སྟོབས་ཆེན་གཉིས་ཆགས་ཡོད་སྟབས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།

དྲི་བ། ཉི་ཧོང་ནང་བོད་ཀྱི་ནང་ཆོས་ལ་ལྟ་སྟངས་གང་འདྲ་ཡོད་མེད་དང་། ནང་ཆོས་དར་སྤེལ་གྱི་གནས་སྟངས་གང་འདྲ་ཡིན་ནམ།

ལན། སྤྱིར་བཏང་ཉི་ཧོང་དེ་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། གཞི་རྩའི་ཁོང་ཚོར་གདོད་མའི་ཆོས་ལུགས་ཤིན་ཏོ་ཡོད་ཀྱང་། དུས་རབས་དྲུག་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་བ་རེད། ཁོང་ཚོ་ནང་པ་ཡིན་པའི་གཞི་རྟེན་ཡོད་སྟབས། ད་ལྟའི་ཆར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་མང་ཆེ་བ་གཞི་རྩའི་ཆ་ནས་བསླབ་པ་སློབ་གཉེར་དེ་ཙམ་མེད་ཀྱང་། ཉི་ཧོང་དང་ནང་པ་གཅིག་པ་ཡིན་པའི་ཆ་ནས་གོ་རྟོགས་ཐུབ་པའི་གནས་སྟངས་ཤིག་ཡོད་པ་རེད། ཉི་ཧོང་དང་ཨེ་ཤ་ཡའི་ཐེག་དམན་གྱི་ལུང་པ་དེ་དག་ནང་ཤེས་རབ་སྙིང་པོ་འདོན་གྱི་ཡོད་ཀྱང་། འགྲེལ་བཤད་ཡག་པོ་རྒྱག་ཐུབ་མཁན་ཁག་པོ་ཆགས་བསྡད་ཡོད་པ་ཁོ་རང་ཚོས་ཚུར་ལབ་ཀྱི་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་༧གོང་ས་མཆོག་ཉི་ཧོང་དུ་ཡང་ཡང་ཕེབས་ཏེ་ཆོས་འབྲེལ་བཞག་པ་དང་། འདི་ལོའི་ཆིབས་བསྒྱུར་སྐབས་གསང་སྔགས་དར་ལུགས་དར་སྟངས་དང་། གསང་སྔགས་སངས་རྒྱས་ཀྱི་བཀའ་མ་རེད་འདོད་མཁན་ཚོར་རྒྱུ་མཚན་དང་ལྡན་པའི་ཐོག་ནས་འགྲེལ་བཤད་གནང་བ་བཅས་ལ་བརྟེན་ཏེ། ནང་ཆོས་སྤྱི་དང་ལྷག་པར་དུ་གསང་སྔཊ་ཀྱི་བསྟན་པའི་སྐོར་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། ༧གོང་ས་མཆོག་གིས་གསུང་ལུཊ་གསུང་སྟངས་ཧ་ཅང་ངོ་མཚར་ཆེན་པོ་ཞིག་རེད་ཟེར་ནས་ཁོ་རང་ཚོས་ལབ་ཀྱི་འདུག

དྲི་བ། མ་འོངས་པར་བོད་མིའི་སྒྲིག་འཛུཊ་དང་བོད་མི་ཚོའི་ངོས་ནས་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོཊ་ཐད་ག་རེ་གནང་དགོས་ཀྱི་འདུག་གམ།

ལན། སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་རིང་ལས་ཀ་ག་རེ་གནང་ཡོད་མེད་གོང་དུ་ཞུས་ཟིན་པ་ཡིན། སོ་སོའི་ངོས་ནས་གང་ཐུབ་ཞུས་པའི་གྲུབ་དོན་དེ་རེད། རྗེས་མ་སྐུ་ཚབ་དོན་གཅོད་གསར་བ་ཕེབས་ཀི་རེད། སྐུ་ཚབ་དོན་གཅོད་གསར་པ་ལུང་རྟོགས་ལ་མཚོན་ན། ཉི་ཧོང་དོན་གཅོད་ཀྱི་ལས་རོགས་བྱས་ཏེ་རྒྱུན་རིང་པོར་ཕྱག་ལས་གནང་བ་རེད། ཉི་ཧོང་གི་གནས་སྟངས་ཆ་ཚང་ཡག་པོ་མཁྱེན་མཁན་ཞིག་རེད། སྐད་ཡིག་དང་དེ་འདྲའི་ཐོག་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད། ལུང་རྟོགས་ལགས་ཀྱི་འོག་ཏུ་འཕྱར་གྲུ་མཉམ་འདེགས་བྱེད་མཁན་གལ་ཆེ་ཤོས་ས་གནས་བོད་མི་ཚོ་ཆགས་བསྡད་ཡོད་དུས། ཁོང་ཚོས་དོན་གཅོད་འོག་མཉམ་རུབ་དང་འཕྱར་གྲུ་མཉམ་འདེགས་བྱས་ན། ད་བར་ལས་ཀ་བྱས་བཞག་པ་དང་ས་བོན་བཏབ་བཞག་པ་དེར་འབྲས་བུ་སྨིན་གི་རེད། ས་གནས་བོད་མིའི་སྐྱིད་སྡུག་དེ་དག་གིས་དོན་གཅོད་ཀྱི་ལས་ཀར་མཐུན་འགྱུར་འགྲོ་བ་ལས་ཆབ་སྲིད་ཚོགས་པའི་ངོ་བོར་ཕྱིན་པ་ཡིན་ན་འགོག་རྐྱེན་ཡོང་གི་རེད། དེ་ལྟར་མ་ཡོང་བར་འབོད་སྐུལ་དང་རེ་བ་ཞུས་པ་ཡིན།

དྲི་བ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ནས་བཟུང་སྐུ་ཉིད་ནས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་བཞེས་ཀྱི་ཡོད་སྟབས། དམིགས་བསལ་གྲ་སྒྲིག་དང་འཆར་གཞི་གསར་བ་འདྲ་ཡོད་དམ།

ལན། ང་ལ་གྲ་སྒྲིག་དང་འཆར་གཞི་གསར་བ་དང་དམིགས་བསལ་མེད། ཐོག་མར་ས་གནས་ཀྱི་གནས་སྟངས་ལ་ཉན་ཞིབ་བྱེད་དགོས་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་དོན་གཅོད་ཟུར་པས་ལུང་པའི་གནས་སྟངས་སྐོར་རྩིས་ལེན་རྩིས་སྤྲོད་སྐབས་གསལ་བཤད་གནང་གི་རེད། ཉི་ཧོང་ནས་ཨོ་སི་ཊོ་ལི་ཡར་གནས་སྤོར་བྱས་པ་ཙམ་རེད་མ་གཏོགས་ལས་འགན་དང་ལས་ཀའི་ངོ་བོ་ཧ་ལམ་གཅིག་པ་རེད། ང་རང་གིས་དུས་རྒྱུན་དུ་ཀུན་སློང་འཁུར་སྟངས་དེ་གནད་དོན་གསུམ་གྱི་ཐོག་འགྲོ་བསྡད་ཀྱི་ཡོད། དང་པོ་ག་དུས་ཡིན་ཡང་༧གོང་ས་མཆོག་ལ་མཚན་ཤས་མི་འགྲོ་བ་དང་། ཁོང་གི་དགོངས་པ་དང་མཐུན་པའི་ལས་ཀ་བྱེད་ཐབས་འབད་བརྩོན་བྱེད་རྒྱུ། གཉིས་པ། བོད་དང་བོད་མིར་མཚན་ཤས་མི་འགྲོ་བ། བོད་དང་བོད་མིའི་བདེ་དོན་དང་འབྲེལ་བའི་ལས་ཀའི་ཐོག་ཤུགས་རྒྱག་རྒྱུ། གསུམ་པ། སོ་སོས་ས་གནས་གང་དུ་ལས་ཀ་བྱེད་ཀྱིན་ཡོད་པའི་ལུང་པ་དེའི་ཁྲིམས་དང་སྒྲིག་གཞི་བརྩི་སྲུང་ཡག་པོ་བྱེད་རྒྱུ་བཅས་གཞིར་བཞག་ཏེ་ད་ལྟའི་བར་ལས་ཀ་བྱས་བསྡད་པ་ཡིན་ལ། མ་འོངས་པར་ཡང་དེ་དག་གཞིར་བཞག་ཏེ་ལས་ཀ་བྱེད་རྒྱུ་ཡིན།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 1

  1. གནས་ཚང་། says:
    ལོ་ 11 སྔོན།

    ག་རེ་རེད། སྐུ་ངོ་འདིས་གོང་ས་མཆོག་མ་གཏོགས་སྲིད་སྐྱོང་དང་སྒྲིག་འཛུགས་གླེང་ཙམ་ཡང་གནང་མི་འདུག འདི་འགལ་བ་ཆེན་པོ་ཞིག་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese