མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལུང་པ་གང་དུ་ཕྱིན་ཡང་ལས་དོན་ལྔ་འགྲུབ་ནས་ཡོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བཞུགས་སྒར་དུ་སྲིད་སྐྱོང་མཆོག་གིས་བོད་པའི་མཐོ་རིམ་སློབ་མ་ཚོར་གསུང་བཤད་གནང་སྐབས། སློབ་སྦྱོང་ཡག་པོ་མེད་ན་སྤྱི་དོན་ཕར་ཞོག་རང་དོན་ཡང་ཡག་པོ་ཞིག་བསྒྲུབ་དཀའ་ཚུལ་དང་། སློབ་ཕྲུག་ཚོས་ད་ལྟའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱེད་མ་ཐུབ་ཚེ་གོ་སྐབས་གཉིས་པ་ཞིག་རག་ཁག་པོ་ཡིན་སྐོར་སོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་བཟུང་ཉིན་གྲངས་ ༩ རིང་དྷ་ས་མེག་གྷན་ཧི་མ་ཅལ་སྤྲོ་འཆམ་ཚོགས་ཁང་དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་རིགས་མཐོ་རིམ་སློབ་མ་ཚོར་༼དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད༽ཅེས་པའི་ཟབ་སྦྱོང་ཞིག་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་མ་ཚོར་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཟབ་སྦྱོང་ཐོག་སྲིད་སྐྱོང་མཆོག་གིས་སློབ་མ་ཚོས་ཉིན་རེའི་ཆུ་ཚོད་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་སྐོར་གསུངས་དོན། “ད་ལྟ་ཁྱེད་རང་ཚོས་སློབ་སྦྱོང་གནང་བཞིན་པའི་སྐབས་སུ་སློབ་སྦྱོང་རང་གི་ཐོག་འབད་བརྩོན་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། སོ་སོར་ཡོད་པའི་ནུས་པ་ཆ་ཚང་འདོན་པར་ཤེས་ཡོན་དགོས་པ་རེད། ཤེས་ཡོན་སློབ་སྦྱོང་གནང་བའི་སྐབས་སུ་སོ་སོའི་ནུས་པ་ཆ་ཚང་ཞིག་སློབ་སྦྱོང་ཐོག་མ་བཏང་བ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེ་གཞི་ཡིན་ལ། བོད་སྤྱི་པའི་རྩ་དོན་ལའང་ཐུགས་ཕན་གསོས་བའི་ཞབས་ཞུ་ཞིག་ཡོང་ཁག་པོ་ཡོད་པ་རེད། ནང་མི་སྤུན་མཆེད་ལའང་ཐུགས་ཕན་གསོས་པའི་ལྟ་རྟོག་གནང་ཐུབ་ཀྱི་མ་རེད། རང་ཉིད་ཀྱི་མི་ཚེའང་དོན་དང་ལྡན་པ་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་ཡོད། ཤེས་ཡོན་ག་ཚོད་ཡག་པོ་ཡོད་ན་དེ་ཙམ་གྱིས་ལག་ཁྱེར་ཡག་པོ་རག་པ་དང་། ལག་ཁྱེར་ག་ཚོད་ཡག་པོ་ཡོད་ན་དེ་ལ་དཔག་པའི་ཕྱག་ལས་ཡག་པོ་རག་གི་རེད། ཕྱག་ལས་ག་ཚོད་ཡག་པོ་རག་ན་དེ་ལ་འབབ་པའི་འཚོ་བ་ཡག་པོ་ཡོང་གི་རེད། གང་ལྟར་ཤེས་ཡོན་གྱི་ཐོག་ནས་མི་སྒེར་དང་ནང་མི། སྤྱི་དོན་བཅས་ལ་ཐུགས་ཕན་གསོས་པའི་ཞབས་ཞུ་བསྒྲུབ་ཐུབ་སྟབས། ད་ལྟ་རྣམ་པ་ཚོས་མཐོ་སློབ་ནང་སློབ་སྦྱོང་གནང་གི་ཡོད་སྟབས། ཉིན་རེར་ཆུ་ཚོད་ ༡༠ རེར་སློབ་སྦྱོང་བྱས་པ་ཡིན་ན་དངོས་གནས་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་འདུག་ཟེར་ཆོག་པ་རེད། ཉིན་རེར་ཆུ་ཚོད་ ༡༠ རེར་སློབ་སྦྱོང་མ་བྱས་ན་སྡུག་པོ་རེད་ཟེར་རྒྱུ་མེད་ཀྱང་སློབ་སྦྱོང་ལ་མཐའ་གཅིག་ཏུ་འབད་བརྩོན་བྱེད་ཀྱི་མེད་པའི་རྣམ་པ་གསལ་བོ་ཞེ་དྲག་རེད། ”ཅེས་གསུངས་འདུག

ཡང་གཞོན་སྐྱེས་ཚོས་གོ་སྐབས་དམ་འཛིན་དགོས་པའི་སྐོར་ལ་ཁོང་གིས། “ང་ཚོའི་མི་ཚེའི་ནང་གདམ་ག་དང་གོ་སྐབས་མཚམས་མཚམས་ལ་མ་གཏོགས་མེད་སྟབས། ཡོད་པའི་སྐབས་ལ་གོ་སྐབས་འཇུ་དགོས་པ་རེད། མ་འོངས་པར་གོ་སྐབས་ཡག་པོ་རག་གི་རེད་བསམ་ནས་བསྡད་ན་གོ་སྐབས་ནམ་ཡང་ཡོད་པ་མ་རེད། གོ་སྐབས་ལབ་པ་དེ་སྐབས་དང་དུས་ལ་རེ་གཉིས་ཤིག་སླེབ་པ་དང་། སླེབ་པའི་སྐབས་སུ་འཇུ་མ་ཐུབ་ན་ཚར་བ་རེད། ད་ལྟའི་དུས་ཚོད་དེ་དངོས་གནས་ཁྱེད་རང་ཚོའི་གོ་སྐབས་རེད། གོ་སྐབས་འདི་བརླག་ཚར་ན་ཚར་བ་རེད། རྗེས་མ་གོ་སྐབས་བསླེབ་པ་ཡིན་ན་ངས་འཇུ་རྒྱུ་ཡིན་ཟེར་བ་དང་། རྗེས་མ་ང་རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་ཞིག་ལ་སྐད་གཏོང་སྐབས་ངས་དངོས་གནས་ཅིག་བྱེད་རྒྱུ་ཡིན་ཟེར་བ་ཞིག་ཡོད་པ་རེད། ཡིན་ནའང་སྡིངས་ཆ་དེ་འདྲ་ཞིག་ལ་བསླེབ་སྐབས་རྐང་པ་འདར་ཞིང་རྔུལ་ནག་ཐོན་ནས་ཞབས་འདྲེན་ཞུ་ཡ་རེད་མ་གཏོགས་བྱས་རྗེས་འཇོག་ཐུབ་ཀྱི་མ་རེད། སོ་སོའི་གོ་སྐབས་འཇུས་ནས་རིམ་གྱིས་ཡར་འགྲོ་དགོས་རེད་མ་གཏོགས་སྡིངས་ཆ་ཆེན་པོ་ཞིག་སྒུག་བསྡད་པ་ཡིན་ན། སྡིངས་ཆའི་སྒང་ལངས་སྐབས་རྐང་པ་འདར་ཞིང་ཞབས་འདྲེན་ཞུ་བ་མ་ཟད། སེམས་ཤུགས་དང་སྙིང་སྟོབས་རྦད་དེ་བརླག་འགྲོ་རེད། དེ་ལྟར་ཆགས་ཚེ་ཚང་མ་ཚར་བ་རེད། དེར་བརྟེན་དུས་རྟག་ཏུ་སོ་སོར་ཡོད་པའི་ནུས་པ་བཏོན་ནས་རིམ་གྱིས་སྦྱང་ནས་འགྲོ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ”ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཁོང་ཕྱི་རྒྱལ་ཁག་ཏུ་སྐོར་སྐྱོད་སྐབས་ལས་དོན་གཙོ་བོ་གང་དག་སྒྲུབ་བཞིན་ཡོད་མེད་ཐད་ཁོང་གིས་འདི་ལྟར་གསུངས་སོང་། “ང་གང་དུ་སོང་བ་ཡིན་ནའང་མཛུབ་མོ་ལྔ་ཡི་འཆར་གཞི་བཏང་ནས་འགྲོ་གི་ཡོད། གཞུང་གི་གནད་ཡོད་མི་སྣ་དང་ཕྱི་སྲིད་ལས་ཁུངས། སྲིད་འཛིན་སྲིད་བློན་ལས་ཁུངས་ཀྱི་གནད་ཡོད་མི་སྣ། གྲོས་ཚོགས་ཀྱི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ལ་ཐུག་འཕྲད། དཔལ་འབྱོར་འཚོལ་སྒྲུབ་(fund raise)བཅས་བྱེད་ཀྱི་ཡོད། ད་ལྟའི་བར་ང་ལུང་པ་གང་དུ་ཕྱིན་ཡང་གོང་བརྗོད་ཀྱི་འཆར་གཞི་ལྔ་དེ་ཕལ་ཆེར་འགྲུབ་ཡོད་བསམ་གྱི་འདུག ངས་དེ་འདྲ་བཟོ་དགོས་དོན་གང་ཡིན་ཟེར་ན། སྲིད་སྐྱོང་ལབ་པ་དེ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གནང་བའི་གནས་རིམ་གསར་པ་ཞིག་ཡིན་སྟབས། ལམ་ལུགས་བཟོ་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པར་སྲིད་སྐྱོང་སུ་ཕེབས་ཀྱང་ལུང་པ་གང་དུ་ཕྱིན་པ་ཡིན་ནའང་། སྔོན་མའི་སྲིད་སྐྱོང་གིས་ལུང་པ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་སྲིད་བློན་ལས་ཁུངས། དེ་བཞིན་གྲོས་ཚོགས་འཐུས་མིར་མཇལ་ཡོད་པ་སོགས་ངས་ལམ་ལུགས་ག་ཚོད་བཟོ་ཐུབ་པ་ཡིན་ན། མ་འོངས་པར་ལོ་ལྔ་དང་ལྔ་བཅུའི་ནང་ཕན་གྱི་ཡོད་པ་རེད། མ་འོངས་པར་རྒྱ་གར་གྱི་སྲིད་བློན་དམ་འབུལ་མཛད་སྒོ་བསྡུ་སྐབས་བཙན་བྱོལ་བོད་མིའི་སྲིད་སྐྱོང་གདན་འདྲེན་ཞུ་དགོས་ཟེར་གྱི་རེད། གང་ཡིན་ཟེར་ན། སྲིད་སྐྱོང་མགྲོན་འབོད་གནང་བའི་ལམ་ལུགས་བྱུང་ཚར་བ་རེད། ལམ་ལུགས་བཟོ་རྒྱུ་དེ་ཁག་པོ་ཞེ་དྲག་ཡོད་པ་རེད། འདས་པའི་ལོ་ངོ་ ༥༠ ནང་རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོར་འགྲོ་ཐུབ་མེད་ཀྱང་ད་ཐེངས་འགྲོ་ཐུབ་ཡོད་པ་རེད། གང་ལྟར་ངས་ལམ་ལུགས་བཟོ་བཞིན་ཡོད་ཀྱང་། དེའི་སྒང་ལ་ཞེ་དྲག་བཤད་བསྡད་པ་ཡིན་ན་ཡང་ལམ་ཀ་དེ་འགག་པར་གནོད་ངེས་རེད། ”ཅེས་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 6

  1. ཨ་མའི་བུ། says:
    ལོ་ 12 སྔོན།

    མི་དེས་་སྟོང་གཏམ་རྐྱང་རྐྱང་་བཤད་དེ་ལོ་ངོ་གསུམ་ལ་འགྲོ་རུ་ཉེ་སོང་། ལུང་གང་དུ་ཕྱིན་ཡང་་ལས་དོན་ལྔ་འགྲུབ་ནས་ཡོང་ཡོད་ཞེས་པའི་དོན། བཀའ་ཤག་གོང་མས་ལས་དོན་མ་འགྲུབ་པའི་་་་་་་་ ངོ་མ་མི་དེ་ལ་ངོ་ཚ་ཡས་མི་འདུག

    Reply
  2. གཉན་མི། says:
    ལོ་ 12 སྔོན།

    མི་འདིས་བཤད་པའི་སྐད་ཆའི་ཁྲོད་ནས་ངས་ད་བར་དུ་སྟོང་བཤད་དང་བསླད་སྐྱོན་མེད་པའི་sསྐད་ཆ་གཅང་མ་ཞིག་གོ་མ་མྱོང་།

    Reply
  3. གཉན་མི། says:
    ལོ་ 12 སྔོན།

    ང་ལ་ད་བར་དུ་ཡ་མཚན་པའི་དོན་རྐྱེན་ནམ། འདང་མི་ཕོག་པའི་གནས་ཤིག་ཡོད་པ་ནི། སྲིད་སྐྱོང་འདི་ངོ་མ་མི་ངོ་ཚ་མེད་པའི་མི་ཞིག་རེད་དམ། ཡང་ན་སེམས་ཁམས་ལ་སྐྱོན་ཞིག་ཡོད་པའི་མི་ཞིག་རེད་ཅེས་པ་འདི་ཡིན།
    གང་ཡིན་ཞེ་ན་མི་འདིས་སྐད་ཆ་གང་བཤད་ཀྱང་དེའི་ནང་དངོས་ཡོད་དང་མི་མཐུན་པའི་ཐལ་ཆ་ཞིག་དང་། བློ་རྣལ་དུ་མ་གནས་པའི་ཆ་གང་མང་ཞིག་དུས་རྟག་ཏུ་ཐོན་གྱི་འདུག
    མི་འདིས་བཤད་པའི་སྐད་ཆའི་ཁྲོད་ནས་ངས་ད་བར་དུ་སྟོང་བཤད་དང་བསླད་སྐྱོན་མེད་པའི་གོ་མ་མྱོང་།

    Reply
  4. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    ཡང་མྱི་ལྡང་ཤི་ཡེ་བུད་ཐལ།
    (འདས་པའི་ལོ་ངོ་ ༥༠ ནང་རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོར་འགྲོ་ཐུབ་མེད་ཀྱང་ད་ཐེངས་འགྲོ་ཐུབ་ཡོད་པ་རེད། གང་ལྟར་ངས་ལམ་ལུགས་བཟོ་བཞིན་ཡོད་ཀྱང་། དེའི་སྒང་ལ་ཞེ་དྲག་བཤད་བསྡད་པ་ཡིན་ན་ཡང་ལམ་ཀ་དེ་འགག་པར་གནོད་ངེས་རེད།)

    Reply
  5. ཨོ་རྒྱན་རྡོ་རྗེ། says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་གིས་བཀའ་སློབ་གནང་སྟངས་ཡར་རྒྱས་ཆེན་པོ་འགྲོ་འདུག ཁོང་གིས་(ཤེས་ཡོན་སློབ་སྦྱོང་གནང་བའི་སྐབས་སུ་སོ་སོའི་ནུས་པ་ཆ་ཚང་ཞིག་སློབ་སྦྱོང་ཐོག་མ་བཏང་བ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེ་གཞི་ཡིན་ལ། བོད་སྤྱི་པའི་རྩ་དོན་ལའང་ཐུགས་ཕན་གསོས་བའི་ཞབས་ཞུ་ཞིག་ཡོང་ཁག་པོ་ཡོད་པ་རེད། ནང་མི་སྤུན་མཆེད་ལའང་ཐུགས་ཕན་གསོས་པའི་ལྟ་རྟོག་གནང་ཐུབ་ཀྱི་མ་རེད། རང་ཉིད་ཀྱི་མི་ཚེའང་དོན་དང་ལྡན་པ་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་ཡོད། ཤེས་ཡོན་ག་ཚོད་ཡག་པོ་ཡོད་ན་དེ་ཙམ་གྱིས་ལག་ཁྱེར་ཡག་པོ་རག་པ་དང་། ལག་ཁྱེར་ག་ཚོད་ཡག་པོ་ཡོད་ན་དེ་ལ་དཔག་པའི་ཕྱག་ལས་ཡག་པོ་རག་གི་རེད། ཕྱག་ལས་ག་ཚོད་ཡག་པོ་རག་ན་དེ་ལ་འབབ་པའི་འཚོ་བ་ཡག་པོ་ཡོང་གི་རེད། གང་ལྟར་ཤེས་ཡོན་གྱི་ཐོག་ནས་མི་སྒེར་དང་ནང་མི། སྤྱི་དོན་བཅས་ལ་ཐུགས་ཕན་གསོས་པའི་ཞབས་ཞུ་བསྒྲུབ་ཐུབ)ཅེས་གསུངས་གནང་བ་འདི་ཧ་ཅང་རྩ་ཆེན་པོ་རེད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།དེ་སྲིད་སྐྱོང་མཆོག་གི་ཇོན་བཞག་པ་ཀྱང་ཀྱང་ཡིན་ན་དགའ་པ་ལ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese