མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་རྒྱབ་སྐྱོར་ཡོང་བར་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་གི་གྱེན་ལོག་པ་ཚོས་གཞུང་གི་ལས་ཁུངས་བཙན་བཟུང་དང་ཨུ་རུ་སུའི་རོགས་སྐྱོར་འཚོལ་བཞིན་ཡོད་འདུག

 

ཁ་སང་ཕྱི་ཚེས་ ༢༠ ཉིན་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་སི་ལོབ་བེན་སི་ཁུ་ (Sloviansk) ཡི་ཞིབ་བཤེར་ས་ཚིགས་སུ། ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པ་ཚོས་འཇབ་རྒོལ་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་དམག་མི་གསུམ་དམར་གསོད་བཏང་ཡོད་སྟབས། བར་བརྒལ་སྲིད་གཞུང་གིས་ཨུ་རུ་སུའི་བཙན་འཛུལ་ཡིན་པར་སྐྱོན་བརྗོད་དང་སྦྲགས། ས་ཁུལ་དེར་དམིགས་བསལ་དམག་དཔུང་བཏང་ནས་གྱེན་ལོག་པ་ཚོར་རྒོལ་རྡུང་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

 

འདིའི་ཐད་ཡུའུ་ཁུ་རེན་གྱི་སྲིད་བློན་ཡྰ་ཌི་སིན་ཡོ་ཁུ་ (Arseniy Yatsenyuk)ལགས་ཀྱིས། ཇི་ནེ་ཝའི་གྲོས་ཆོད་གྲུབ་འབྲས་མ་བྱུང་བར་ཨ་རི་གཞུང་གིས་ཡུའུ་ཁུ་རེན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱས་ཏེ། ཨུ་རུ་སུའི་བཙན་འཛུལ་ལ་རྒོལ་ལན་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ཨ་རིའི་གཞུང་ཚབ་ཆེན་མོས་གསར་འགོད་པར། ཨ་རིས་དམག་དོན་གྱི་ཐོག་ནས་ཡུའུ་ཁུ་རེན་ལ་རོགས་སྐྱོར་བྱེད་ཐུབ་ཀྱང་། ཕྱི་སྲིད་འབྲེལ་ལམ་བརྒྱུད་ནས་ཡུའུ་ཁུ་རེན་གྱི་དཀའ་རྙོག་སེལ་དགོས་སྐོར་སོཊ་བརྗོད་ཡོད་འདུག

 

ཁ་སང་གྱེན་ལོག་པ་ཚོས་འཇབ་རྒོལ་བྱས་པའི་གནས་ཚུལ་ལ་ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱིས། ཡུའུ་ཁུ་རེན་གྱི་མི་རིགས་རིང་ལུགས་པའི་ཚོགས་པར་སྐྱོན་འཛུགས་བྱས་ཡོད་པ་མ་ཟད་། ཡུའུ་ཁུ་རེན་གཞུང་གིས་ཨུ་རུ་སུའི་སྐད་ཤོད་མཁན་མི་རིགས་ལ་དེ་ཙམ་གྱིས་སྲུང་སྐྱོབ་བྱེད་ཀྱི་མི་འདུག་ཅེས་བརྗོད་འདུག

 

 གྲོང་ཁྱེར་སི་ལོབ་བེན་སི་ཁུའི་གྱེན་ལོག་མགོ་ཁྲིད་བོབ་ནོབ་མྰ་རེ་བེ་ (Vyacheslav Ponomarev) ཡིས། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུའུ་ཁུ་རེན་ཤར་ཕྱོགས་ས་ཁུལ་ཁག་ལ་དམག་དཔུང་དང་ཟ་མ། མཚོན་ཆ་སོགས་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། དེ་བཞིན་ཁོ་ཚོས་ས་ཁུལ་ཊོབ་ནེ་ཌི་སི་ཁུ་ (Donetsk) དང་ལོ་ཧན་སི་ཁུ་ (Luhansk) བཅས་ཀྱི་བར་བཙན་བཟུང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

 

ཟླ་འདིའི་ཚེས་ ༡༧ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་ཨ་རི་དང་ཨུ་རུ་སུ། ཡུ་རོབ་མཐུན་ཚོགས། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་བཅས་ཀྱིས། ཡུའུ་ཁུ་རེན་ནང་ཟིང་འཁྲུག་ཞི་འཇགས་ཡོང་བར་གྲོས་ཆོད་བཞག་པར་བརྟེན། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གིས་གྱེན་ལོག་པ་ཚོའི་ནག་ཉེས་གུ་ཡངས་དང་ཁོ་ཚོའི་དགོས་འདུན་ལ་དང་ལེན་བྱེད་པའི་རྣམ་འགྱུར་བསྟན་སྟབས། གྱེན་ལོག་པ་ཚོས་གོ་སྐབས་དམ་འཛིན་གྱིས་ཡུའུ་ཁུ་རེན་ཤར་ཕྱོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ཅིག་གི་སྲིད་གཞུང་ལས་ཁུངས་མུ་མཐུད་བཙན་བཟུང་བྱེད་བཞིན་ཡོད་འདུག

 

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་། ད་ལྟའི་ཆར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཡུའུ་ཁུ་རེན་ས་མཚམས་སུ་ཡོད་པའི་ཨུ་རུ་སུའི་དམག་དཔུང་གི་གྲ་སྒྲིག་དང་ཐབས་ཇུས་གང་བྱེད་པའི་གནས་ཚུལ་སྐོར་གསལ་བོ་ཤེས་རྟོགས་ཡོད་ཀྱང་། ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་ལ་གང་ཡང་བཤད་མེད་པར་གཞིགས་ན། ཨ་རིས་དོན་དངོས་ཐོག་ཨུ་རུ་སུ་སྣང་མེད་བཞག་ཡོད་ཚུལ་བརྗོད་བཞིན་ཡོད་འདུག

 

གནད་དོན་དབྱེ་ཞིབ་པ་ཚོས། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཁུ་རེ་མཱེའི་ནང་ཨུ་རུ་སུའི་དམག་དཔུང་གིས་བཙན་འཛུལ་བྱེད་སྐབས་བཀག་འགོག་མ་བྱས་པར་བརྟེན། ད་ལྟའི་ཆར་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ཅིག་ནང་ཨུ་རུ་སུའི་སྐད་ཤོད་མཁན་གྱེན་ལོག་པ་ཚོས་རིམ་བཞིན་ས་ཁུལ་རང་སྐྱོང་དང་ཨུ་རུ་སུའི་རྒྱལ་ཁོངས་སུ་འགྲོ་འདོད་ཡོད་པའི་རྣམ་འགྱུར་ཤུགས་ཆེར་འགྲོ་ཡོད་སྐོར་བརྗོད་འདུག

 

ན་ནིང་ཟླ་ ༡༡ ཚེས་༢༩ ཉིན། ཡུའུ་ཁུ་རེན་གཙོས་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་འགས་ཡུ་རོབ་མཐུན་ཚོགས་མཉམ་དུ་དཔལ་འབྱོར་དང་གཞུང་ལམ་འཛུགས་སྐྲུན་བྱེད་ཕྱོགས་སྐོར་ལ་ཚོགས་འདུ་ཞིག་འཚོགས་སྐབས། ཡུའུ་ཁུ་རེན་གྱི་སྲིད་འཛིན་ཡཱ་ནོ་ཁོ་བེ་ཆི་ (Viktor Yanukovich) ཡིས་གྲོས་ཆོད་ལ་མིང་རྟགས་བཀོད་མེད་སྟབས། ཕྱོགས་འགལ་ཚོགས་པས་སྣེ་འཁྲིད་འོག་ཡུའུ་ཁུ་རེན་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་རིམ་པར་བྱས་ཤིང་། ད་ལོའི་ཟླ་ ༢ ཚེས་ ༢༢ ཉིན། ཡུའུ་ཁུ་རེན་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ། གཞུང་འཛིན་ཚོགས་པ་རྩིས་མེད་དང་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ཕྱིར་འཕུད་བྱས་པར་བརྟེན། ཡུའུ་ཁུ་རེན་མང་ཚོགས་ཁྲོད་ཡུ་རོབ་དང་ཨུ་རུ་སུ་གཉིས་ལ་དགའ་མོས་བྱེད་མཁན་ཕྱོགས་གཉིས་ཆགས་ཏེ།  ཨུ་རུ་སུ་ལ་དགའ་མཁན་གྱེན་ལོག་པ་ཚོས་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་གི་ལས་ཁུངས་བཙན་བཟུང་གིས་བར་བརྒལ་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

 

ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese