མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་སློབ་གླིང་ནས་བོད་ཡིག་གི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྡེ་གནམ་ལོ་ཡག

ད་ལྟ་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མང་ཆེ་བ་རིག་འཕྲུལ་གྱི་སྦྱོར་བ་སྣ་ཚོགས་བརྒྱུད་ནས་གཏན་འཁེལ་བྱས་པ་ཡིན་སྟབས། གནས་དེར་སྡོད་མཁན་ཚོ་ལའང་དངོས་སུ་སྐྱོན་ལ་མཛུབ་མོ་འཛུགས་རོགས་ཟེར་སྐབས། ཧ་ལམ་གཅིག་གིས་གཅིག་ལ་ལྟ་བ་ཙམ་ལས་སྐྱོན་འདིའོ་ཟེར་བ་ཞིག་སྟོན་མི་ཐུབ་པའི་ཚད་ལ་སླེབས་ཡོད། དཔེར་ན། ལོ་ཤས་ནས་བཟུང་། བོད་ཤར་ཁུལ་ཡང་༼ བོད་ལ་ཁ་གཏད་རོགས་སྐྱོར༽ཟེར་བའི་ཁོངས་སུ་བཅུག་ཡོད་སྟབས། ཁམས་དང་ཨ་མདོ་ནས་རྒྱ་ནག་ནང་འགྲིམ་གྱིན་པའི་མཐོ་རིམ་སློབ་མ་མང་བོ་བྱུང་ཡོད། ཐད་ཀར་ལྟ་སྐབས། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལས་སྐྱོན་ཞིག་ཏུ་མཐོང་མི་ཐུབ། ཡིན་ནའང་། བོད་ནང་གི་མཐོ་རིམ་སློབ་ཆེན་ཁག་ནས་ཕེབས་མཁན་ཚོར་འབྲེལ་འདྲིས་བྱེད་སྐབས། གཞི་ནས་འགྱུར་བ་དེའང་གནད་དོན་ཚབས་ཆེན་ཞིག་ཡིན་པ་ཤེས་འོངས།

ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་གྱེན་ལངས་རྗེས་ནས་བཟུང་། རྒྱ་དམར་གཞུང་གིས་མཐོ་སློབ་ཁག་ནང་ཡོད་པའི་བོད་རིག་པའི་སློབ་གླིང་ཁག་གི་སློབ་མ་བསྡུ་བའི་སྐར་གྲངས་ཇེ་མཐོར་བཏང་ནས་བོད་ཡིག་སྦྱངས་ནས་ཡིག་རྒྱུགས་གཏོང་མཁན་གྱི་བརྒྱ་ཆའི་རེ་གཉིས་ཤིག་མ་གཏོགས་མཐོ་སློབ་དེ་དག་ནང་འཛུལ་ཞུགས་བྱེད་མི་ཐུབ་པ་བཟོས་འདུག དེ་བས། བོད་ཡིག་ཡོད་པའི་མཐོ་སློབ་ནང་འཛུལ་མ་ཐུབ་པའི་སློབ་མ་མང་ཆེ་ཤོས་རྒྱ་ནག་ནང་ཁུལ་གྱི་མཐོ་སློབ་ཁག་དང་ས་གནས་སོ་སོའི་རྒྱ་ཡིག་གི་མཐོ་སློབ་ཁག་ནང་བཅུག་འདུག= ད་ལྟ་འཆར་གཞི་འདི་ཧ་ལམ་དམའ་འབྲིང་རིམ་པ་ནས་བཏང་ཚར་ཡོད་པ་ཞིག་རེད། གནད་དོན་འདི་བྱེ་བྲག་ཏུ་མཚོ་སྔོན་ནང་མངོན་གསལ་དོད་པོ་རེད། ཡང་ཅིག་བཤད་ན། མཚོ་སྔོན་ཆེས་མཐའ་མཇུག་གི་བོད་ཡིག་ཆེད་ལས་གང་ཙམ་ལྷག་ཡོད་པའི་གནས་ཤིག་ཡིན་པར་འབྲེལ་བ་ཡོད་སྲིད་པ་ཞིག་རེད།

མཚོ་སྔོན་མི་རིགས་སློབ་ཆེན་ནི་བོད་རིག་པའི་སློབ་གླིང་དར་ཆ་ཕྱར་བའི་མཐོ་སློབ་ཞིག་ཡིན་པར་མ་ཟད། སློབ་ཆེན་འདིར་བོད་ཡིག་སློབ་ཁྲིད་ཀྱི་ལོ་རྒྱུས་རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་སུ་བཙན་འཛུལ་བྱས་པ་དང་དུས་མཉམ་སྟེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༢ ནས་སློབ་གླིང་འདི་བཙུགས་འདུག་པ་དང་། སློབ་མའི་ཡོང་ཁུངས་བོད་ཁུལ་སྤྱི་རེད། ཕྱི་ལོ་ ༢༠༡༡ ལོར་མཚོ་སྔོན་མི་རིགས་སློབ་<ཆེན་དུ་མིང་བསྒྱུར་དང་། ཕྱི་ལོ་ ༢༠༡༢ ལོ་ནས་རྒྱ་ནག་ཐེན་ཅིན་མཐོ་སློབ་ཀྱིས་ཐད་ཀར་རོགས་བསྐྱོར་བྱེད་ཡུལ་དང་ཕྱི་ལོ ༢༠༡༣ ལོ་ནས་དེང་གི་རྒྱ་ནག་གི་དཀྱིལ་རྒྱུད་དང་ནུབ་རྒྱུད་ཀྱི་ནུས་པའི་རྨང་གཞིའི་འཛུགས་བསྐྲུན་རྣམ་གྲངས་དར་སྤེལ་བྱེད་པའི་མཐོ་སློབ་ཁྲོད་འདེམས་འདུག

ཕྱི་ལོ་ ༢༠༡༢ ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་ནང་རྒྱ་ཡིག་རྐྱང་བའི་ལམ་ནས་སློབ་མ་ ༣༢ བསྡུས་ཡོད་པ་དང་། སློབ་མ་དེ་དག་སློབ་མཐར་ཕྱིན་རྗེས། བོད་རྒྱ་ཡིག་རིགས་གཉིས་ཀྱི་མཐོ་སློབ་ཀྱི་ལག་འཁྱེར་སྤྱོད་རྒྱུ་ཡིན་པ་དང་། མ་འོངས་ལས་གནས་གོ་སྒྲིག་བྱེད་ཡུལ་བོད་ཁུལ་གྱི་གཞི་རིམ་མམ། ཤང་རིམ་པའི་མགོ་ཁྲིད་ཡིན་པར་མ་ཟད། སློབ་མ་འདི་དག་བསྡུ་སྐབས། སྔོན་འགྲོའི་ཆ་རྐྱེན་གཉིས་ཡོད་པ་ནི།

༡ རྒྱ་ནག་གི་ཆེས་དབུལ་བའི་ས་ཁུལ་ནས་ཡིན་དགོས་པ།

༢ མི་རབས་བདུན་ལ་བོད་དམ། གྲངས་ཉུང་མི་རིགས་ལ་ཤ་ཁྲག་གི་འབྲེལ་བ་མེད་པ།

བོད་ལྗོངས་སློབ་གྲྭ་ཆེན་མོ་དང་པེ་ཅིན་དུ་ཡོད་པའི༼ཀྲུང་དབྱང་མི་རིགས་སློབ་ཆེན༽གྱི་བོད་རིག་པའི་སློབ་གླིང་ནང་འཛིན་གྲྭ་འདི་བཞིན་ཕྱི་ལོ་ ༢༠༠༨ ལོའི་ཡར་སྔོན་ནས་བཙུགས་ཡོད་པར་བཤད། སློབ་བསྡུའི་དམིགས་ཡུལ་གོང་དུ་བརྗོད་ཟིན་པ་ལྟར། བོད་ཁུལ་གྱི་གཞི་རིམ་དཔོན་རིགས་སྐྱེད་སྲིང་བྱེད་ཀྱིན་པ་ཞིག་རེད་ལ། སློབ་མ་འདི་དག་བསྡུ་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་དཔག་ན། བོད་ལ་མུ་མཐུད་སྲིད་ཇུས་མཁྲེགས་འཛིན་དང་དཔལ་འབྱོར་གཡོ་འཕྲོག་བྱེད་མཁན་ཁྱུ་ཞིག་ཏུ་འགྱུར་ངེས་པ་ནི་རིགས་འདེད་བྱེད་ཐུབ་པ་ཞིག་རེད།

ལོ་ཤས་སྔོན་ནས་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནང་ཚོགས་འདུ་དུ་མ་བསྐོང་འཚོགས་ཀྱིས་༼རྒྱལ་ཁབ་ལ་ཞབས་ཞུའི་འཐབ་ཇུས་ཀྱི་དམིགས་བསལ་དགོས་མཁོ༽ཟེར་བ་ཞིག་ལ་གྲོས་བསྡུར་རབ་དང་རིམ་པས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་ཐེན་ཅིན་མཐོ་སློབ་དང་མཚོ་སྔོན་མི་རིགས་སློབ་ཆེན་མཉམ་འབྲེལ་གྱིས་འབུམ་རམས་པའི(PH.D)ཞིབ་འཇུག་འཛིན་གྲྭ་བསྡུ་རྒྱུ་དང་། སློབ་མཐར་ཕྱིན་རྗེས་ཐེན་ཅིན་མཐོ་སློབ་ནས་ལག་འཁྱེར་སྤྲོད་རྒྱུ་རེད་ལ། སློབ་མ་དྲུག་བསྡུ་ལེན་བྱེད་པའི་འཆར་གཞི་འདུག་པར་མ་ཟད། སྔོན་འགྲོའི་ཆ་རྐྱེན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་བརྩི་སྲུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། མེས་རྒྱལ་ལ་དགའ་ཞིང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་བོད་ཁུལ་དར་སྤེལ་འཐབ་ཇུས་ལ་ཞབས་ཞུ་དང་ཁྲིམས་ལུགས་སྲུང་བ། གཤིས་རྒྱུད་དྲང་མོ་ཅན་ཡིན་དགོས་ཚུལ་བཀོད་འདུག

ཆེད་ལས་དབྱེ་སྟངས་ཀྱི་ཆ་ནས་ལྟ་སྐབས། ཡིག་རྒྱུགས་སམ་ཡིག་རྩལ་ཕལ་ཆེ་བ་རྒྱ་ཡིག་གི་ལམ་ནས་ཡིན་པ་གཏན་འཁེལ་ཟིན་ནའང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཚན་རིག་གིས་འགྲེལ་སྟངས་ཐད་ཀྱི་སྐར་གྲངས་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་དགོས་ཚུལ་བཀོད་འདུག དེ་བས། བོད་ཡིག་ཤེས་མཁན་ལ་ས་མིག་གཅིག་ནས་གཉིས་ཡོད་པ་འདྲ། ཆེད་ལས་ཁག་རིམ་པ་དྲུག་ལ་དབྱེ་ཡོད་པ་གཤམ་གསལ།

༡ བོད་ཁུལ་སྤྱི་ཚོགས་བརྟན་ལྷིང་དང་འཛིན་སྐྱོང་བྱེད་ཕྱོགས་ཞིབ་འཇུག ༢ བོད་བརྒྱུད་སངས་རྒྱས་ཆོས་ལུགས་དོ་དམ་བྱེད་སྟངས་ཞིབ་འཇུག

༣ བོད་ཁུལ་སྤྱི་ཚོགས་ཀྱི་གནད་དོན་ཞིབ་འཇུག

༤ བོད་ཀྱི་གསོ་བ་རིག་པ་བརྒྱུད་འཛིན་དང་དར་སྤེལ་ཞིབ་འཇུག

༥ བོད་བརྒྱུད་སངས་རྒྱས་ཆོས་གཞུང་ཚན་རིག་གིས་འགྲེལ་སྟངས།

༦ བོད་ཀྱི་ལོ་རྒྱུས་རིག་གནས་གསུང་རྩོམ་རྒྱ་བསྒྱུར།

གནས་སྟངས་འདིའི་ཆ་ནས་བལྟ་སྐབས། རྒྱ་དམར་རྒྱལ་ཡོངས་ནང་བོད་རིག་པའི་སློབ་གླིང་ཁོངས་སུ་བསྡུས་པའི་མཐོ་སློབ་དྲུག་གམ་བདུན་ལས་མེད་ནའང་། སློབ་གླིང་འདི་དག་ནས་བོད་ཡིག་གཙོར་བཟུང་གིས་སློབ་མ་གསོ་སྐྱོང་བྱེད་པའི་སྔར་སྲོལ་ལ་འགྱུར་བ་བཏང་དང་གཏོང་བཞིན་པ་གསལ་བོར་མཚོན་ཡོད་པར་མ་ཟད། སྒོས་སུ་ལོ་ཤས་རིང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་ནང་དངོས་གཞིའི་སློབ་མ་(༢༠༡༢)ནས་ཞིབ་འཇུག་སློབ་མ(༢༠༡༣ ལོ་དང་སློམ་མ་ ༨)དང་། ད་ལོ་ནས་འབུམ་རམས་པའང་རྒྱ་ཡིག་རྐྱང་བའི་ལམ་ནས་བསྡུ་རྩིས་བྱེད་ཀྱིན་པ་ནི་བོད་ཡིག་གི་ཚེ་སྲོག་ཐད་ཀར་འཇིག་ཉེན་ལ་འཕྲད་ཟིན་པའི་མངོན་རྟགས་ཅིས་མ་ཡིན།

དེའི་ཕྱིར། བཙན་བྱོལ་ནང་གི་རྒྱ་དམར་རྩ་ཁྲིམས་འོག་ཏུ་སྡོད་འདུན་ཡོད་མེད་གཉིས་ཀ་དང་འཐབ་ཕྱོགས་གཅིག་གྱུར་ཁང་ལ་དགའ་བསུ་ཡོད་མེད་གཉིས་ཀ་ནས་ཕྱར་གྲུ་མཉམ་འདེགས་སམ། ཡང་ན། ཕྱོགས་སོ་སོ་ནས་ཐབས་ལམ་སྣ་མང་འོག་བོད་ཡིག་ལ་འཕྲད་ཀྱིན་པའི་འཇིག་ཉེན་འདི་ཅིས་ཀྱང་སེལ་ཐབས་གནང་དགོས་པའི་དུས་ལ་བབས་ཟིན་པ་ཞུ་མ་དགོས་པ་ཞིག་རེད། བོད་ཡིག་ནི་ཚང་མ་མཉམ་རུབ་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་ནོར་བུ་ཡིན་ཏེ། བོད་ཡིག་སྟེང་བོད་ཀྱི་འདས་མ་ད་གསུམ་ཡོད། ལུས་ངག་ཡིད་གསུམ་ཡང་ཡོད།

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༥ ཚེས་ ༢༩ ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གཞིས་བཞུགས་བོད་མིས་བོད་ཡིག་དང་པོ་དང་། དེ་ནས་རྒྱ་ཡིགསྦྱོངས་དགོས།
    ཡུར་གྱར་བོད་མིས་བོད་ཡིག་དང་པོ་དང་། དེ་ནས་ཨིན་ཡིགས་སོགས་སྦྱོངས་དགོས་རེ་དོ།། །།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    ཡར་ཀླུང་པ་ཡི་རེ་བ་འདི་འོས་འཚམས་ཤིག་ཡིན་མིན་བརྟག་བྱ་རེད། གནས་ཚུལ་འདིའི་རིགས་གསང་པའི་ལས་ཁུངས་ལ་དགོས་ཀྱི་ཡོད་པས། རྡ་སའི་གསང་པའི་ལས་ཁུངས་རེད་དམ་པེ་ཅིང་གསང་པའི་ལས་ཁུངས་རེད།

    Reply
  3. ཡར་ཀླུང་པ། says:
    ལོ་ 12 སྔོན།

    རྩོམ་པ་པོ་ལགས། ཁྱོད་ཀྱི་རྩོམ་ཡིག་ཁ་བྱང་དང་གཞུང་དངོས་ཀྱི་ནང་དོན་སོགས་ལ་བལྟས་ཡོང་ན། རྩོམ་ཡིག་འདི་བོད་ནང་གི་སློབ་གྲྭ་གང་རུང་ཞིག་གམ། ཡང་ན་དགེ་རྒན་དང་སློབ་གཙོ་གང་ཟག་སུ་རུང་ཞིག་གི་འབོད་སྐུལ་མིན་འགྲོ་བསམ་པའི་ཚོར་སྣང་དང་རྒྱུ་མཚན་གཉིས་ཀ་བྱུང་སོང་། རྩོམ་པ་པོ་ལགས་ཀྱིས་འདི་ལ་གསལ་བཤད་ཅིག་གནང་རོགས། སྐུ་མཁྱེན།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    གོང་ས་མཆོག་གིས་ཀྱང་གནད་དོན་འདིའི་ཐད་བཀའ་མོལ་ཞིག་ཡོང་འོས་པ་ཞིག་རེད། དབུ་མའི་ལམ་གྱི་དགོངས་གཞིའི་ནང་བོད་ཡིག་གི་སྲུང་སྐྱོབ་དང་པོ་ཡིན་ངེས་ལ། ཆོས་རིག་གི་གཞི་རྟེན་ཡིན་པས་སོ།

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒན་ལགས་ཐུགས་རྗེ་ཆེ་

    Reply
  6. ཕུན་ཚོགས་ཚེ་རིང་། says:
    ལོ་ 12 སྔོན།

    རྩོམ་པ་པོ་རྒན་པ་ལྷ་སྡེ་གནམ་ལོ་ཡག་ལགས། དུས་ཐོག་ཆར་བ་ལྟ་བུའི་རྩོམ་ཡིག་ཅིག་སྤེལ་འདུག ཐུགས་རྗེ་ཆེ། ང་ཚོས་ག་དུས་ཡིན་ནའང་བོད་ནང་གི་གནས་ཚུལ་བྱེ་བྲག་པ་ཞིག་མ་མཛུབ་མོ་བཙུགས་ཏེ་ཐེར་འདོན་བྱེད་པ་དང་། དེའི་སྟེང་ལས་འགུལ་སྤེལ་ཐུབ་ན་ནུས་པ་འཐོན་གི་རེད་བསམ་གྱི་འདུག དེ་མ་གཏོགས་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བྱེད་སྟངས་སྤྱོད་སྟངས་ལྟར་ལས་བསྡོམས་བཟོ་བའི་ཆེད་དུ་ལས་འགུལ་སྤེལ་བ་དེས་རང་གཞན་གཉིས་ལ་སུན་པོ་བཟོ་རོགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese