མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རབ་བྱུང་ཕོ་མོ་ཚོས་ཆང་མ་འཐུང་ཨཱ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་གིས་ལ་དྭགས་ཞུ་བའི་ཚལ་དུ་སྐྱ་སེར་ཚང་མས་ཆང་འཐུང་རྒྱུ་སྤོང་དགོས་པ་དང་། ལྷག་པར་དུ་རབ་བྱུང་ཕོ་མོ་ཚོས་ཆང་གི་དྲི་ཙམ་ཡང་མ་འཕོག་པ་གནང་དགོས་ཞེས་གསུངས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ །༠༠ ནས་ ༡༡།༠༠ བར་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་མི་མང་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་བསྩལ་ཡོད་ཅིང་། གསུང་ཆོས་དང་འབྲེལ་ནས་ཁོང་གིས་སྐྱ་སེར་སུ་ཞིག་ཡིན་ན་ཆང་རག་སོགས་འཐུང་ན་མི་འགྲིག་པའི་སྐོར་ལ་བཀའ་སློབ་གནང་དོན། ཆང་འཐུང་རྒྱུ་གཏན་དུ་སྤོང་ཐུབ་ན་ཡག་པོ་ཞེ་དྲག་རེད། ཆང་སྤོང་མ་ཐུབ་ཀྱང་ཉུང་འཐུང་བྱེད་དགོས། ཡུལ་དུས་ཀྱིས་མ་འགྲིག་པ་ཡིན་ནམ་ལ་དྭགས་པ་ཚོ་ཆང་འཐུང་རྒྱུར་དགའ་བོ་ཡོད་མདོག་ཁ་བོ་རེད། ཕྱི་རྒྱལ་བ་ཚོ་ཡིན་ནའང་སྤྲོ་ཚོགས་སྐབས་སོགས་སུ་ཟ་མ་མ་ཟོས་གོང་ཆང་ཉུང་ཙམ་འཐུང་བའི་གོམས་གཤིས་འཇགས་ཡོད་སྟབས་ཉུང་འཐུང་བྱེད་དགོས། ཁྱིམ་པ་ཚོས་ཆང་འཐུང་བ་དང་ར་བཟི་ནས་འཁྲུག་པ་རྒྱག་པ་དང་ཁྱིམ་ནང་མ་འཆམ་པ་བྱུང་ན་ཡག་པོ་ཡོད་པ་མ་རེད། འབྲུ་མང་པོས་ཆང་བཟོ་པ་ལས་འབྲུའི་རྩམ་པ་ཟ་བ་གང་རུང་བྱས་ན་ཡག་གི་རེད།

རབ་བྱུང་ཕོ་མོ་ཚོར་མཚོན་ན་ཆང་གི་དྲི་མ་ཙམ་ཡང་མ་ཕོག་པ་བྱེད་རོགས། བོད་ནང་དེ་རིགས་ཁ་ཤས་ཁ་ཤས་ཡོད་ས་རེད། ཧི་མ་ལ་ཡའི་རི་རྒྱུད་ནང་རབ་བྱུང་གཙང་མ་བྱེད་མཁན་ཡིན་མིན་མི་ཤེས་ཀྱང་ཆང་འཐུང་མཁན་ཡོད་པ་འདྲ་བོ་འདུག དེ་ལ་གཟབ་གཟབ་བྱེད་དགོས་རེད་མ་གཏོགས་འགྲིག་གི་མ་རེད། རབ་བྱུང་བའི་དགོན་པའི་གྲྭ་ཤག་ཁ་ཤས་ཀྱི་འཁྲིས་སུ་ཆང་དྲི་ཐིལ་ན་ཡག་པོ་ཡོད་པ་མ་རེད། དེ་གཅིག་ཞུ་འདོད་བྱུང་སོང་། ལོ་ ༣༠ དང་ ༤༠ གོང་ང་པཱི་ཏི་ལ་ཕྱིན་ནས་དགོན་པ་ཞིག་གི་ནང་བསྡད་པ་ཡིན། དགོན་པའི་དཀོན་གཉེར་དགེ་སློང་ཡག་པོ་ཞིག་འདུག ཁོང་དེ་སྔ་བཀྲ་ཤིས་ལྷུན་པོ་དགོན་པར་ཕྱིན་ཏེ་དཔེ་ཆ་བལྟས་ཡོད་འདུག ངེད་གཉིས་སྐད་ཆ་འདྲ་བྱུང་སྐབས། ངས་ཕྱེད་ཀ་རྩེད་མོ་རྩེ་ནས་ཁོང་ལ་གཞིས་ཀ་རྩེའི་ཆང་ཞིམ་པ་འདུག་གམ། པཱི་ཏིའི་ཆང་ཞིམ་པ་འདུག་དྲིས་པར་ཁོང་གིས་ཐེ་ཚོམ་མེད་པར་གཞིས་ཀ་རྩའི་ཆང་ཞེ་དྲག་ཞིམ་པ་ཡོད་ཟེར། དེར་བརྟེན། ཁོང་གཞིས་ཀ་རྩེར་ཡོད་དུས་ཆང་བཞེས་ཀྱི་ཡོད་པ་འདྲ། ཡང་པཱི་ཏིའི་དགོན་པ་ཞིག་གིས་དབྱར་གནས་ཚོགས་ཏེ་གླིང་ག་གཏོང་གི་ཡོད་སར་མང་པོ་ཞིག་ར་བཟི་ནས་འཁྱར་འཁྱོར་འགྲོ་བའི་སྐོར་གླིང་རིན་པོ་ཆེས་ང་ལ་གསུངས་བྱུང་། དེ་རིགས་རྩ་བ་ཉིད་ནས་བྱ་རྒྱུ་ཡོད་པ་མ་རེད།

ང་ཚོ་སྔ་མོ་ནས་ད་ལྟའི་བར་དུ་འགྲོ་སྟངས་དེ་ག་རང་ཡིན། ད་དུང་ཡང་དེ་ག་རང་འགྲོ་རྒྱུ་ཡིན་ལབ་ན་འགྲིག་གི་ཡོད་པ་མ་རེད། དེ་སྔ་ང་ཚོའི་འགྲོ་སྟངས་མང་པོ་ཞིག་ནོར་བསྡད་ཡོད་པ་རེད། ཆོས་ལུགས་ཕན་ཚུན་འཐེན་འཁྱེར་དང་ཕྲག་དོག་བྱེད་པ་དང་། དེ་བཞིན་འདུལ་ཁྲིམས་ཞེ་དྲག་གནང་མ་ཤེས་པར་བསྡད་པ་དེ་ཚོ་ནོར་བ་རེད། མུ་མཐུད་འདི་ལྟར་ཕྱིན་ན་སངས་རྒྱས་བསྟན་པ་གནས་མི་ཐུབ་པ་ངས་ཐག་བཅད་ནས་བཤད་ཐུབ། སངས་རྒྱས་ཀྱི་བསྟན་པ་ཟེར་བ་འདི་བྱེད་རྒྱུས་ཕོངས་ནས་སངས་རྒྱས་ཀྱི་བསྟན་པ་བྱེད་པ་ཞིག་མ་རེད། སྔ་མོའི་སྤྱི་ཚོགས་རྗེས་ལུས་ཡིན་སྟབས་བྱེད་རྒྱུས་ཕོངས་ནས་ཁྱིམ་ཚང་ནང་གི་བུ་ལྐུག་ལྐུག་ཚུལ་གྱིས་ཁྱིམ་གཞི་འཛིན་ཐུབ་ཀྱི་མེད་ཟེར་ནས་དགོན་པར་བཅུག་པ་དེ་འདྲ་ད་ལྟ་ཡོང་གི་མ་རེད། དེང་སང་འཛམ་གླིང་གི་དངོས་པོ་ཡར་རྒྱས་ཕྱིན་ཏེ་སློབ་གྲྭར་འཛུལ་ནས་སློབ་སྦྱོང་བྱས་ཏེ་སོ་སོ་ལས་རིགས་འདྲ་མིན་ནང་ཞུགས་དུས། དགོན་པར་འཛུལ་བ་ལས་སོ་སོའི་ལྟོ་གོས་ཀྱི་འགྲོ་སྟངས་མང་པོ་ཞིག་ཤེས་པ་དང་ལས་ཀ་བྱེད་པ་ཡག་པོ་ཡོད། དགོན་པའི་དགེ་འདུན་པ་ཚོས་སངས་རྒྱས་ཀྱི་ཆོས་ལ་གོ་བ་ལོན་པ་དང་སངས་རྒྱས་ཆོས་ལ་དངོས་གནས་རྒྱུ་མཚན་མཐོང་པའི་བློ་ཞིག་བྱུང་ཚེ། རབ་བྱུང་གི་མཐོང་ཆེ་རུ་འགྲོ་བ་དང་རབ་བྱུང་མུ་མཐུད་ནས་ཡོང་གི་རེད། གཞན། ཁྱེད་རང་ཚོས་རྨོངས་པའི་ཆོས་ཀྱི་འགྲོ་སྟངས་ལྟར་ཕྱིན་ན་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་ ༸གོང་ས་མཆོག་གིས། ངས་ཡག་པོ་ཡོང་བར་ཤ་ཚས་བཤད་པ་ཡིན་མ་གཏོགས་ང་ལ་ཁྱད་པར་གང་ཡང་མི་འདུག ལྷག་པར་དུ་ཁྱེད་རང་ལ་དྭགས་ཚོ་མགོ་རྟིང་བསློགས་ནས་ཕྱིན་ཡང་ང་ལ་ཁྱད་པར་མེད། ཅེས་ནན་གསུངས་གནང་སོང་།

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱས་ས་སླེ་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 2

  1. གངས་འབྲོང་བུ། says:
    ལོ་ 12 སྔོན།

    གསུངས་ཤུགས་ལ་བལྟས་ན་ཧ་ལམ་དེ་འདྲ་ཡོད་པ་སེམས་ཐག་རེད་མོད་གང་ལྟར་ཚང་མས་གཟབ་གཟབ་གནང་དགོས་བའི་བཀའ་སློབ་འདུ་འདྲ་སེམས་ལ་ཉར་རྒྱུ་ཚང་མའི་འོས་འགན་ཡིན་པར་སྙམ།

    Reply
  2. གངས་བུ། says:
    ལོ་ 12 སྔོན།

    ཨོ་ཙི་ལ། ལ་དྭགས་ཀྱི་གྲྭ་བཙུན་ཚོས་ཆང་མཆོད་ཀྱི་ཡོད་པ་རེད་དམ། ངས་དེ་རིང་བར་གོ་མ་སོང་། དངོས་གནས་ཞབས་འདྲེན་རེད་དོ།།།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese