མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རྒྱ་བར་གྱི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནས་ཉིན་གྲངས་ ༢ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨ་རྒྱ་བར་གྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་ཐེངས་ ༦ པ་བྱས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་གང་ཡང་མེད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁཱ་རེ་གཙོས་ཨ་རིའི་དབུས་དངུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ཡཱེ་ལིན་ལགས་དང་། ནོར་སྲིད་ལྷན་ཁང་གི་འགན་འཛིན་ཇོ་ཁུ་ལེའོ་( Jack Lew)སོགས་སྐུ་ཚབ་ཚོགས་པ་ཞིག་པེ་ཅིན་དུ་འབྱོར་ཏེ། ཨ་རྒྱ་བར་གྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་ཐེངས་ ༦ པ་པེ་ཅིན་དུ་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་རྩོད་རྙོག་དང་འགྲོ་བ་མིའི་ཐོབ་ཐང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན། རྒྱ་སྒོར་གྱི་འཛའ་ཐང་། དྲ་བའི་བདེ་འཇགས་གནད་དོན། གནམ་གཤིས་འགྱུར་ལྡོག ཐོན་ཁུངས་གཙང་བཟོ་སོགས་བརྗོད་གཞི་རིགས་ ༦༠ ལྷག་གི་ཐོག་གྲོས་མོལ་བྱས་ཡོད་འདུག

ཐེངས་འདིའི་གྲོས་མོལ་ཁྲོད་གཞི་རྩའི་གནད་དོན་ག་རེ་ཐག་གཅོད་བྱུང་ཡོད་མེད་གསལ་བོ་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས། ཕྱི་ལོ་ ༢༠༠༨ ལོར་དངུལ་རྩ་ཉམས་ཉེན་གྱི་གནད་དོན་བྱུང་རྗེས། རྒྱ་གཞུང་གིས་རིམ་གྱིས་མི་མངོན་པའི་སྲིད་བྱུས་བཟུང་སྟེ་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འབུར་ཐོན་བྱུང་བར་འབད་བརྩོན་བྱས་པར་བརྟེན། གནད་དོན་མང་པོའི་ཐད་ཨ་རི་དང་གཞི་རྩའི་རྩོད་རྙོག་རིམ་པར་བྱུང་བཞིན་པ་དེ་ཚོ། གྲོས་མོལ་ཙམ་བརྒྱུད་དེ་ཐག་གཅོད་བྱུང་ཁག་པོ་ཡིན་ལ། ཐེངས་འདིའི་གྲོས་མོལ་ལའང་འབྲས་བུ་ཆེན་པོ་མེད་སྐོར་སོགས་བརྗོད་ཀྱི་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་པེ་ཅིན་དུ་འབྱོར་བ་དང་བསྟུན་ཏེ། རྒྱ་གཞུང་ཉེན་རྟོག་ཁང་གིས་པེ་ཅིན་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཁོང་མོའི་བཟའ་ཟླ་ཝང་ལི་ཞོང་གཉིས་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་དགོང་མོར་འོད་ཟེར་ལགས་ཀྱིས། ཁོང་མོ་དང་ཝང་ལི་ཞོང་གཉིས་ནང་སོག་ནས་ཕྱིར་རང་ཁྱིམ་དུ་འབྱོར་སྐབས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མངགས་པའི་པེ་ཅིན་ཉེན་རྟོག་སློབ་གླིང་གི་སློབ་མ་འགའ་ཁོང་གཉིས་ཀྱི་ཁྱིམ་དུ་ཡོང་སྟེ། ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། རྒྱུ་མཚན་ཅི་ཡིན་འདྲི་སྐབས་ང་ཚོར་ཁྱེད་ཀྱི་དྲི་བར་ལན་མི་འདེབས་པའི་ཐོབ་ཐང་ཡོད་པ་རེད་ཟེར་ནས་རྒྱུ་མཚན་བཤད་མེད་ཀྱང་། ཕྱི་ཚེས་ ༩ ཉིན་གྱི་དགོང་མོར་ཨ་རིའི་གཞུང་ཚབ་ཁང་གི་གསོལ་སྟོན་ཐོག་མཉམ་ཞུགས་བྱེད་རྒྱུ་དུས་བཅད་བྱས་ཡོད་སྟབས། རྒྱ་གཞུང་གིས་ཁོང་མོ་རང་ཁྱིམ་དུ་བཀག་ཉར་བྱས་པར་ཧ་ཅང་བློ་ཕམ་བྱུང་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ལྕམ་ཅིན་སཱ་ཇེ་ཡིས། ཨ་རིའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་ཐོབ་པའི་བུད་མེད་གཉིས་ཐེངས་འདིའི་གསོལ་སྟོན་ཐོག་མགྲོན་འབོད་བྱས་ཡོད་ཀྱང་། བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་རྒྱ་གཞུང་གིས་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་པ་དང་། ཁྲིམས་རྩོད་པ་ཀོ་ཅན་མེ་ཡང་བཀག་ཉར་འོག་ཡོད་ངེས་པས། ཨ་རིས་ཁོང་མོ་གཉིས་ལ་སེམས་ཁུར་དང་གནད་དོན་དེའི་རྒྱུ་རྐྱེན་ཤེས་འདོད་ཡོད་ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    ད་ལམ་ཚེ་རིང་འོད་ཟེར་ལགས་རང་ཁྱིམ་དུ་བཀག་ཉར་བྱས་པ་དེ་ཁོང་མོ་མི་གཤིས་སྡུག་དྲག་པ་མ་ཡིན་པར་རྒྱ་མིས་ཉེས་མེད་ལ་དབང་ཡོད་བྱས་པ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist