མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་གདན་ཁུལ་དུ་ཤ་ཆང་སྤང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆོས་ཚོགས་དང་ཁྱབ་འཇུག་ཆོས་ཚོགས་མཐུན་མོང་གིས་མངའ་སྡེ་གཞུང་ལ་སྙན་ཞུ་ཕུལ་ཏེ་རྡོ་རྗེ་གདན་དང་གྷ་ཡཱ་གྲོང་ཁྱེར་དུ་ཤ་ཆང་འགོག་དགོས་སྐོར་བརྗོད་ཡོད་འདུག

ཁ་སང་ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ས་གནས་ཀྱི་ཉིན་རེའི་གསར་ཤོག་ཌེ་ཀེན་ཧེ་རེལ་ཌི་(Deccan Herald)ཞེས་པའི་ནང་གསར་འགོད་པ་ཨ་ཇེ་ཀུ་མར་གྱིས་པཌ་ཎ་(Patna)ཞུ་བས་གནས་ཚུལ་སྤེལ་བར། རྒྱ་གར་ཤར་ཕྱོགས་བྷི་ཧར་(Bihar)མངའ་སྡེ་ནང་ཡོད་པའི་གྷ་ཡཱ་(Gaya)གྲོང་ཁྱེར་དང་། གནས་མཆོག་རྡོ་རྗེ་གདན་ཏེ་བྷོ་དྷི་གྷ་ཡཱ་(Bodh Gaya)གཉིས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་མཉམ་འབྲེལ་ཐོག་མངའ་སྡེ་གཞུང་ལ་སྙན་ཞུ་ཕུལ་ཏེ། གྲོང་ཁྱེར་དེ་གཉིས་ནང་ཤ་དང་ཆང་བཀག་སྡོམ་བྱས་ཏེ་དཀར་ཟས་དང་ཆང་རག་མི་སྤྱོད་པའི་གནས་ཤིག་ཏུ་ཁྱབ་སྒྲག་བྱ་དགོས་སྐོར་འཁོད་ཡོད་འདུག

གནས་ཚུལ་ནང་འཁོད་པར། རྡོ་རྗེ་གདན་གྱི་མ་ཧཱ་བྷོ་དྷི་ཚོགས་པ་(བྱང་ཆུབ་ཆེན་པོའི་ཆོས་ཚོགས།)དང་། ཁྱབ་འཇུག་ཞབས་ལྷ་ཁང་འཛིན་སྐྱོང་ཚོགས་ཆུང་གཉིས་མཉམ་ཞུགས་ཀྱི་ཚོགས་འདུ་ཞིག་རྡོ་རྗེ་གདན་གྱི་ཤྲི་ལདྐའི་དགོན་པའི་ནང་ཚོགས་ཏེ། བྷོ་དྷི་གྷ་ཡཱ་དང་གྷ་ཡཱ་གཉིས་ནང་ཤ་ཆང་བཀག་སྡོམ་གྱི་གྲོས་ཆོད་དེ་བཞག་ཡོད་འདུག རྡོ་རྗེ་གདན་ནི་ནང་པ་ཚོས་གནས་རྩ་བ་ཆེན་དུ་རྩི་བཞིན་ཡོད་ཅིང་། གནས་དེ་རུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་གོ་ཏ་མས་ད་ནས་ལོ་ ༢༥༥༠ ཙམ་གྱི་སྔོན་ལ་སངས་རྒྱས་ཤིང་། དེའི་རྗེས་ཁོང་གིས་འཛམ་གླིང་གི་ཆོས་ལུགས་རྙིང་ཤོས་གྲས་ནང་པ་ཞེས་པ་སྲོལ་གཏོད་མཛད། དེ་བཞིན་དུ་གྷ་ཡཱ་ཞེས་པའི་གནས་དེར་ཁྱབ་འཇུག་ཞབས་ཀྱི་ལྷ་ཁང་ཡོད་སྟབས་གནས་ཧ་ཅང་གལ་ཆེན་དུ་གྱུར་ཡོད་ཅིང་། དེར་ཕྱོགས་མཐའ་ཁག་ནས་གནས་མཇལ་མཆོད་འབུལ་བྱེད་མཁན་རྒྱུན་མི་ཆད་པར་ཡོང་གི་ཡོད།

རེས་གཟའ་ཕུར་བུའི་ཉིན་མ་ཧཱ་བྷོ་དྷི་ཚོགས་པའི་ཚོགས་མི་ཞིག་གིས་བརྗོད་དོན། ཚོགས་འདུ་དེར་ཁྱབ་འཇུག་ཞབས་ལྷ་ཁང་འཛིན་སྐྱོང་ཚོགས་ཆུང་དང་དེ་མིན་གྱི་དགོན་པ་འདྲ་མིན་གྱི་འཐུས་མི་མཉམ་ཞུགས་ཐོག་སྤྱི་མོས་གྲོས་ཆོད་བཞག་སྟེ། ཨུ་ཏ་ར་ཁན་ཌི་(Uttarakhand)མངའ་སྡེའི་གཞུང་གིས་ཅར་དཱམ་(char dham)དང་ཧ་རི་དྷཝར་(Haridwar)གཉིས་ནང་དཀར་ཟས་སྤྱོད་པ་དང་ཆང་རག་སྤྱོད་མི་ཆོག་པའི་གནས་སུ་ཁྱབ་བསྒྲགས་བྱས་ཡོད་པ་བཞིན། གྷ་ཡཱ་དང་རྡོ་རྗེ་གདན་གཉིས་ཀྱང་དཀར་ཟས་སྤྱོད་པ་དང་ཆང་རག་སྤྱོད་མི་ཆོག་པའི་གནས་སུ་ཁྱབ་བསྒྲགས་བྱ་དགོས་པའི་སྐོར་མངའ་སྡེ་གཞུང་ལ་སྙན་ཞུ་འབུལ་རྒྱུ་རེད། ཅེས་བརྗོད་འདུག མི་དེས་མུ་མཐུད་དུ་བརྗོད་དོན། €œགྷ་ཡཱ་དང་རྡོ་རྗེ་གདན་གཉིས་ནི་ཁྱབ་འཇུག་དང་སྟོན་པ་སངས་རྒྱས་གཉིས་ཀྱི་གནས་རྩ་ཆེན་ཞིག་ཡིན་པ་ཡོངས་གྲགས་ཡིན། ཆོས་ལུགས་དེ་གཉིས་ཀས་འཚེ་བ་མེད་པ་སྨྲ་བཞིན་ཡོད། འོན་ཀྱང་ཉེ་ཆར་ནས་བཟུང་ཤ་ཡོད་ཀྱི་ཟས་རིགས་དང་ཆང་རག་ཉོ་ཚོང་ཇེ་མང་དུ་ཕྱིན་ཡོད་སྟབས། ཆོས་ཀྱི་ལྟེ་གནས་འདི་གཉིས་ནང་ཆོས་ལུགས་ཀྱི་ངོ་བོ་དང་དགོངས་དོན་སྤུས་གཙང་ཞིག་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད། ཤ་ཆང་གཉིས་ཀྱི་བཟའ་བཏུང་བཀག་སྡོམ་བྱེད་པའི་དུས་ལ་བབ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཤྲི་ལདྐའི་དགོན་པའི་དྲུང་ཆེ་གནས་བརྟན་ཤི་བ་ལི་ཡིས་བརྗོད་དོན། ས་གནས་འདི་གཉིས་ཀྱི་མགྲོན་ཁང་དང་ཟ་ཁང་། ཚོང་གི་ལྟེ་གནས་མང་པོས་སངས་རྒྱས་ཀྱི་མཚན་བེད་སྤྱོད་བྱེད་ཅིང་། ཚོང་པ་སྦྱིན་བདག་དང་འགན་འཁུར་བ་རྣམས་ཀྱིས་དཀར་ཟས་མིན་པའི་ཟས་དང་ཆང་རག་གི་གསོལ་སྟོན་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་ཀྱིས་ལམ་སྟོན་མཛད་པའི་འཚེ་བ་མེད་པ་དང་ཞི་བདེའི་དགོངས་པ་དང་ཡོངས་སུ་འགལ་ཡོད། ཅེས་བརྗོད་སོང་། ཞེས་གནས་ཚུལ་ནང་འཁོད་འདུག་པ་བསྡུ་སྒྲིག་གིས་བོད་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese