མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་འཛེམ་ཟོན་མེད་པར་སྐད་རྒྱག་མཁན་སློབ་མ་ཚོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྫ་ཚེ་རིང་བཀྲ་ཤིས་ལགས་སུ། ཞིབ་འཇུག་ཚོགས་པའི་ཕྱག་ལས་གནང་ཕྱོགས་དང་དཀའ་ངལ། དེ་ བཞིན་ཐའེ་ཝན་ནང་གི་བོད་མིའི་གནས་སྟངས་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད།

རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐོག་མར་ཁོ་རང་གི་སློབ་སྦྱོང་གི་བརྒྱུད་རིམ་ནས་མགོ་བཙུཊ་ཏེ་བརྗོད་དོན། ༢༠༠༦ ལོར་ང་རྒྱ་གར་དུ་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས། དེང་སང་བོད་པའི་མཁན་པོ་དང་དགེ་བཤེས་ཚོས་སོ་སོའི་ཆོས་དང་རིག་གཞུང་ཐོག་གང་འཚམ་སློབ་གཉེར་བྱས་ཏེ་གོ་རྟོགས་རྙེད་ཡོད་ཀྱང་། གཞན་ལ་འགྲེལ་བཤད་ཡག་པོ་རྒྱག་པར་སྐད་ཡིག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་དེང་སྐབས་རྒྱ་ནག་གཙོས་པའི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་བྱམས་དང་སྙིང་རྗེ། རྟེན་འབྱུང་སོགས་ཀྱི་རྣམ་གཞག་དགོས་མཁོ་ཆེན་པོ་ཆགས་ཡོང་གི་ཡོད་པ་རེད་ཅེས་གསུངས་སོང་། ཡིན་ནའང་སྐབས་དེར་ངས་ཟ་སྐད་འཐུང་སྐད་ཙམ་ལས་ཤེས་ཀྱི་མེད་སྟབས། རྫོང་སར་བཤད་གྲྭར་ཞུགས་ཏེ་ཞོར་དུ་ལོ་གཅིག་ཙམ་རིང་རྒྱ་ཡིག་རང་སྦྱོང་བྱས་པ་ཡིན། དེའི་རྗེས་༧གོང་ས་མཆོག་གིས་ཡང་བསྐྱར་ང་ཐའེ་ཝན་ལ་རྒྱ་ཡིག་སྦྱོང་དུ་ཕྱིན་ན་བཟང་བ་དང་། སྐུ་སྒེར་ཡིག་ཚང་ནས་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་ཏེ་ ༢༠༡༠ ཟླ་ ༩ པའི་ནང་ང་ཐའེ་ཝན་དུ་ཕྱིན་པ་ཡིན། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཀྲུང་ཧྲན་སློབ་ཆེན་གྱི་རྒྱལ་སྤྱིའི་སྐད་ཡིག་སྡེ་ཚན་དུ་ཞུགས་པ་དང་། སློབ་ལོ་གཉིས་པ་ནས་བཟུང་ང་རང་སྒེར་ངོས་ནས་སློབ་ཡོན་བཙལ་ཏེ། ཐའེ་པའེ་དགེ་འོས་སློབ་གྲྭ་རུ་ལོ་གཉིས་རིང་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་སོང་། སློབ་སྦྱོང་གི་ཞོར་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་ལས་ཀ་བྱས་པ་ཡིན། ༢༠༡༣ ལོར་ང་རང་སྒེར་ངོས་ནས་ཡེ་ཤེས་འཁོར་ལོ་ཟེར་བའི་ཆོས་ཚོགས་ཤིག་བཙུགས་ཏེ་བདུན་ཕྲག་རེ་རེའི་ནང་དཔེ་ཁྲིད་དང་འབུམ་ལྔ་གསོག་པ་སོགས་འཆར་ཅན་ལྟར་འགྲོ་བཞིན་ཡོད་ཅེས་སོགས་བརྗོད་སོང་།

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཟེར་བ་དེ་གང་འདྲ་ཞིག་ཡོད་མེད་དྲིས་པར། ཁོང་གིས་ཚོགས་པ་དེ་ཀཿ་ཐོག་རིག་འཛིན་ཆེན་པོ་དང་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོཊ། མཁན་པོ་ཚུལ་རྣམ་བཅས་ཀྱིས་ ༢༠༠༩ ལོར་གསར་དུ་བཙུཊ་པ་ཞིག་རེད། ལོ་གཉིས་རེའི་ནང་རྒྱུན་ལས་གསར་འདེམས་བྱེད་ཀྱི་ཡོད་པ་ལྟར་འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱུན་ལས་ ༥ གསར་འདེམས་བྱས་པའི་ཐོག བོད་ཀྱི་ཆོས་བརྒྱུད་ཚང་མའི་སྐུ་ཚབ་འདུས་པའི་མཁན་པོ་སྤྲུལ་སྐུ་དང་དགེ་བཤེས་ ༥ ཙམ་ཁ་སྣོན་བྱས་ཏེ་འགན་འཛིན་ལྷན་ཚོཊ་ཤིག་ཀྱང་བཙུཊ་ཡོད། ང་ཚོའི་ལས་ཀ་གཙོ་བོ་བོད་བརྒྱུད་དང་རྒྱ་བརྒྱུད། ལྷོ་བརྒྱུད་བཅས་ནང་པའི་ཆོས་བརྒྱུད་ཚང་མ་མཐུན་ལམ་མཉམ་འབྲེལ་ཐོག་ནང་བསྟན་ཡར་རྒྱས་གཏོང་ཐབས་གནང་རྒྱུ་དང་། མཚམས་རེར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱེད་རྒྱུ་སོགས་རེད། ང་ཚོས་ཆེད་དུ་གཉེར་བཞིན་པའི་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཟེར་བ་དེ་ལས་ཀ་གཙོ་བོ་ཞིག་ཡིན། དང་ཐོག་ང་ཚོ་མཁན་སྤྲུལ་དགེ་བཤེས་ ༣༠ ཙམ་ཞིག་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དུ་འཛོམས་ཏེ་གྲོས་བསྡུར་བྱས་རྗེས། དེང་སང་དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་ཆེན་པོ་ཡོད་པ་ལྟར་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཞེས་པ་འདི་གཉེར་རྒྱུ་ཐག་གཅོད་བྱས་པ་ཡིན། ཚོགས་མི་ཡོངས་ནས་དྲ་རྒྱའི་བརྙན་འཕྲིན་གྱི་འགན་ཞིབ་འཇུག་ཚོགས་པས་འཁུར་ན་ལེགས་པའི་ལམ་སྟོན་གནང་བ་ལྟར་དྲ་བརྙན་དེའི་འགན་ཆ་ཚང་ང་ཚོས་འཁུར་གྱི་ཡོད་པ་རེད། ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ཆོས་དགེ་མཆོག་གིས་ཀྱང་ང་ཚོའི་དྲ་རྒྱའི་བརྙན་འཕྲིན་གྱི་ཚོགས་མི་གནང་བཞིན་ཡོད་པ་རེད་ཅེས་བརྗོད་བྱུང་།

ཡང་ཁོང་གིས་ཐའེ་ཝན་གྱི་ཚོགས་པ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་སྐོར་ལ། ཉེ་བའི་ལོ་ཤས་ནས་བཟུང་ཐའེ་ཝན་ནང་༧གོང་ས་མཆོག་གི་གཙོས་བོད་བརྒྱུད་ནང་བསྟན་ལ་ཁ་གཏོང་མཁན་ཚོགས་པ་ཞིག་བྱུང་བ་རེད། ཚོགས་པ་དེའི་མགོ་ཁྲིད་མི་སྐྱ་ཞིག་ཡིན་ས་རེད། ཁོ་རང་གིས་ཁོ་ཐེག་པ་ཆེན་པོ་ཞིག་ཡིན་པ་དང་རྟོག་པ་མཐོ་བོ་ཡོད་ཟེར་གྱི་ཡོད་པ་རེད། ཚོགས་པ་དེས་གསར་འགྱུར་བརྒྱུད་ལམ་དང་ཚོང་རིགས་ཀྱི་བརྒྱུད་ལམ་བེད་སྤྱད་དེ་བོད་བརྒྱུད་ནང་བསྟན་ལ་སྐྱོན་བརྗོད་དང་། ས་འོག་མེ་འཁོར་འབབ་ཚིགས་སོགས་སུ་ཁྱབ་བསྒྲགས་ཡིག་ཆ་འབུམ་མང་པོ་བཀྲམས་པ་རེད། དེ་བཞིན། སྦྲག་ཐོག་ནས་ཁྱིམ་ཚང་སོ་སོར་ཡིག་ཆ་སྣ་ཚོགས་བསྐུར་ཏེ་རྙོག་དྲ་མང་པོ་བཟོས་པ་རེད། ང་ཚོས་ཐད་ཀར་ཁོ་རང་ལ་རྒོལ་ལན་སློག་ན་དོ་སྣང་མེད་སྟབས། ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཐོག་ལ་ང་ཚོ་ག་རེ་ཡིན་དང་མིན་ངོ་འཕྲོད་ཆེད་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་བཙུགས་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་དབུར་བཞུགས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོས་སྐྱོན་འཛུགས་འདི་རིགས་ལ་དུས་ཐོག་གསལ་བཤད་མ་གནང་བ་ཡིན་ན། མུ་མཐུད་མང་པོ་བཤད་བསྡད་ན་རིམ་གྱིས་རྫུན་མ་བདེན་པ་འདྲ་ཞིག་ཆཊ་འགྲོ་རྒྱུའི་ཉེན་ཁ་འདུག ཁྲིམས་ཐོག་ནས་ཀྱང་དུས་ཚོད་ངེས་ཅན་འགོར་ན་བདེན་པ་ཆཊ་འགྲོ་བཞིན་ཡོད་ས་རེད། ཅེས་བརྗོད་བྱུང་།

ཐའེ་ཝན་གཞུང་མང་གི་ངོས་ནས་བོད་པའི་བླ་མ་གྲྭ་པ་ཚོར་ལྟ་སྟངས་ག་འདྲ་ཡོད་མེད་དྲིས་པར། སྤྱིར་བཏང་ཐའེ་ཝན་གྱི་མི་ཚོ་གསར་འགྱུར་དང་ཁྱབ་བསྒྲཊ་རིཊ་ལ་དོ་སྣང་དང་ཡིད་ཆེས་ཞེ་དྲག་བྱེད་མཁན་གྱི་འུར་མགོ་མཐོན་པོ་ཡོད་པ་དེ་འདྲ་རེད། སྔོན་ཆད་གསར་འགྱུར་བརྒྱུད་ལམ་སོཊ་སུ་བོད་ཀྱི་བླ་མ་གྲྭ་པས་ཞབས་འདྲེན་བྱས་པའི་གནས་ཚུལ་ཐོན་ཡོད་ས་རེད། ད་ལྟའི་ཆར་རྒྱ་ནག་སོཊ་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཐའེ་ཝན་ནང་ཡོད་པའི་བོད་པའི་བླ་མ་གྲྭ་པའི་སྤུས་ཚད་དེ་ཡག་པོ་མཐོང་གི་འདུག ཐའེ་ཝན་སྤྱི་ཚོཊ་ཆུང་ཆུང་ཞིག་ལས་མེད་ཀྱང་དེ་སྔོན་༸གོང་ས་མཆོག་ཐེངས་གསུམ་ཕེབས་ཡོད་པ་དང་། དུས་རྒྱུན་བོད་ནང་དང་བཙན་བྱོལ་ནང་དུ་ཡོད་པའི་བླ་ཆེན་མང་པོ་ཐའེ་ཝན་ནང་ཕེབས་ཀྱི་ཡོད་སྟབས། མི་མང་ཆེ་བར་ནང་ཆོས་ཀྱི་གོ་རྟོགས་གང་འཚམ་ཡོད་པ་རེད། ང་རང་གི་ངོ་ཤེས་མཁན་བླ་མ་གྲྭ་པ་ཚོར་བལྟས་ཡོང་ན་ཕྱག་ལས་ཡག་པོ་གནང་མཁན་རྐྱང་རྐྱང་རེད། འོན་ཀྱང་། བོད་བརྒྱུད་ནང་བསྟན་གྱི་མིང་འཁུར་ནས་བོད་པ་མ་ཡིན་པའི་བླ་མ་གྲྭ་པ་རེ་ཟུང་གིས་ཆོས་ཀྱི་མིང་ཐོག་ནས་ཚོང་ལས་གཉེར་མཁན་དེ་འདྲ་འདུག དེ་ཚོའི་བློ་ཁོག་དང་ནུས་པ་ང་ཚོ་ལས་རྦད་དེ་ཆེ་བ་འདུག ཅེས་བརྗོད་བྱུང་།

ཐའེ་ཝན་གྱི་བོད་མི་ཚོའི་འཚོ་ཐབས་དང་དཀའ་ངལ་སྐོར་ལ་ཁོང་གིས། ཐའེ་ཝན་ནང་བོད་པ་ཧ་ཅང་ཉུང་ཉུང་རེད། ཉུང་ཤས་ཤིག་ཡོད་པ་དེ་དག་གིས་ཀྱང་ཕན་ཚུན་ངོ་ཤེས་ཀྱི་མི་འདུག བླ་མ་གྲྭ་པ་ལོ་ ༢༠ ཡར་མར་ནས་ཐའེ་ཝན་དུ་བསླེབས་ཏེ་མི་སེར་ཆཊ་ཚར་བ་ཁག་ཅིག་འདུག ཁོང་ཚོར་ཆོས་ཚོཊ་ཡོད་པ་བརྟན་པོ་ཞེ་དྲག་ཆཊ་འདུག ཐའེ་ཝན་ལྟ་བུར་མཚོན་ན། བླ་མ་གྲྭ་པ་ལ་བརྩི་བཀུར་ཆེན་པོ་དང་སྤྱིའི་ཆ་ནས་ཆོས་ལུཊ་ཀྱི་གོ་རྟོཊ་ཡག་པོ་འདུག དེ་ནས་ཆང་ས་བརྒྱབ་སྟེ་སོང་བ་སོགས་མི་སྐྱ་ཁག་ཅིག་ཡོད་པ་ཚོས་བཟོ་གྲྭ་སོཊ་སུ་ལས་ཀ་བྱེད་ཀྱི་འདུག སྐྱ་སེར་སུ་ཡིན་ནའང་ཐའེ་ཝན་ནང་གི་དཀའ་ངལ་ཆེ་ཤོས་གཏན་སྡོད་ཡིག་ཆ་རག་ཁག་པོ་ཡོད་པ་དེ་རེད། དེ་སྔོན་བོད་པ་ཁག་ཅིག་ལ་ཆང་ས་བརྒྱབ་ནས་བྱིས་པ་ཡོད་ཀྱང་། ཟླ་ཤས་མ་གཏོགས་འདུག་མི་ཆོག་པའི་དཀའ་ངལ་འཕྲད་སྟབས། ཐའེ་ཝན་གྲོས་ཚོགས་ནང་ཞུ་གཏུག་ཐེངས་མང་བྱས་པ་བརྒྱུད་ད་ལྟ་ཆང་ས་རྒྱག་མཁན་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་ཞིག་རག་གི་ཡོད་པ་རེད། ཡིན་ནའང་། གྲོས་ཆོད་དེར་དུས་ཡུན་གྱི་ངེས་གཏན་ཡོད་སྟབས། མ་འོངས་པར་ག་འདྲ་ཆགས་མིན་ཧ་གོ་ཡི་མ་རེད། ང་ལྟ་བུར་མཚོན་ན་སློབ་མའི་མིང་ཐོག་ཏུ་ཡོད་སྐབས་ཟླ་བ་ ༦ གི་ཆོག་མཆན་མ་གཏོཊ་རག་མ་སོང་། སྤྱིར་བཏང་ཕྱི་རྒྱལ་གྱི་སློབ་མ་ཚང་མར་ལོ་ ༢ ཀྱི་ཆོག་མཆན་རག་གི་ཡོད་པ་རེད་ཅེས་ཟེར།

ཉེ་བའི་ལོ་ཤས་ནས་བཟུང་ཐའེ་རྒྱ་བར་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་བརྗོད་ཀྱིན་པ་དེས། མ་འོངས་པར་བོད་དོན་ཐད་ཕན་གནོད་ག་རེ་ཡོང་མིན་དྲིས་པར། ཐའེ་ཝན་དང་རྒྱ་ནག་མི་མང་བར་སྔ་མོ་ཡིན་ན་འབྲེལ་བ་ཡག་པོ་ཡོད་ཀྱང་། རྒྱ་ནག་ནས་ཡོང་བའི་རྒན་རབས་པ་ཚོ་རིམ་གྱིས་རྫོགས་འགྲོ་བཞིན་ཡོད་པ་དང་། གཞོན་སྐྱེས་ཚོ་རྒྱ་ནག་ལ་དུངས་པ་མེད་པའི་ཐོག ཞེད་སྣང་ཞིག་གིས་རྒྱ་གཞུང་ལ་ཡིད་ཆེས་མེད་མཁན་གྱི་བརྒྱ་ཆ་མཐོ་བོར་སླེབ་ཡོང་གི་ཡོད་པ་རེད། འོན་ཀྱང་ཐའེ་ཝན་གྱི་འགྱུར་བ་དེས་བོད་དོན་ཐོག་ཕན་ཐོགས་མིན་བཤད་ཁག་པོ་རེད། ཐའེ་ཝན་གྱི་དཔལ་འབྱོར་རྒྱ་ནག་ལ་འབྲེལ་བ་ཆེན་པོ་ཡོད་སྟབས། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་དང་མི་སྣ་སྐད་གྲགས་ཅན་ཚོས། བོད་དོན་བརྒྱུད་འགོད་དང་གླེང་སློང་བྱེད་པར་གཡོལ་ཐབས་བྱེད་ཀྱི་ཡོད་པ་དངོས་ཡོད་རེད། དཔེ་ཞིག་བཞག་ན། ལོ་གཉིས་སྔོན་དུ་༼དུས་རབས༽ཞེས་པའི་ཐའེ་ཝན་གྱི་བརྙན་འཕྲིན་ཆེ་གྲས་ཤིག་གིས་ང་ལ་སྐད་ཆ་བཤད་དུ་ཡོང་རོགས་ཟེར་ནས་དུས་ཚོད་གཏན་འཁེལ་ཡོད་ཀྱང་། མཐའ་མར་བརྙན་འཕྲིན་ཁང་དེའི་མགོ་ཁྲིད་ཀྱིས་ང་སྔོན་ཆད་བཙོན་ཁང་དུ་བཅུག་པ་སོགས་ཆབ་སྲིད་དང་འབྲེལ་བ་ཡོད་ལུགས་ལབ་ནས་ལས་རིམ་དེ་ཕྱིར་འཐེན་བྱས་འདུག མགོ་ཁྲིད་དེ་རྒྱ་ནག་གཞུང་ལ་འབྲེལ་བ་ཆེན་པོ་ཡོད་མཁན་ཞིག་རེད་ལ། ཁོ་ཚོའི་ཁྲོམ་རྭའང་རྒྱ་ནག་ནང་ཡོད་པ་རེད། ཐ་ན་ཐའེ་ཝན་ནང་གཞས་གཏོང་མཁན་ཞིག་གིས་འོད་སྡེར་འདོན་དགོས་ནའང་ཁྲོམ་རྭ་དེ་རྒྱ་ནག་ཆགས་ཡོད་སྟབས། སྤྱི་ཚོགས་ཐོག་གོ་གནས་ཡོད་མཁན་དང་ཚོང་ལས་པ་ཚོས་སྐད་རྒྱག་ཕོད་ཀྱི་ཡོད་པ་མ་རེད། རྒྱ་གཞུང་ལ་མངོན་གསལ་གྱིས་ངོ་རྒོལ་བྱེད་མཁན་མང་ཆེ་བ་སློབ་མ་ཚོ་ཡིན་སྟབས་ད་ལྟའི་ཆར་ཐའེ་ཝན་ནང་འགལ་བ་གཉིས་མཉམ་དུ་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. ཐོ་རེངས། says:
    ལོ་ 12 སྔོན།

    ཐེ་ཝན་ན་་ཡོད་པའི་བོད་ཀྱི་བླ་གྲྭ་རྣམས་ཀྱིས་བོད་རྒྱུད་ནང་བསྟན་གྱི་ཞབས་འདྲེན་བྱས་པ་དང་། བོད་རིགས་ལ་མཐོང་ཆུང་བྱེད་འོས་པའི་གཡོ་ཁྲམ་བྱས་པས་ཚག་པར་དང་སྐད་ཆ་གང་མང་གོ་མ་གཏོགས། རྒྱ་ནག་ལ་ངོ་རྒོལ་བྱས་པས་ཚིག་ཟུར་ཙམ་ཡང་ཐོས་མ་མྱོང་།

    Reply
  2. ཕུན་བསྟན། says:
    ལོ་ 12 སྔོན།

    དེང་སྐབས་ཐེ་ཝན་གྱི་བོད་པའི་བླ་མ་གྲྭ་བ་ཚོས་སྤྱོད་ལམ་ཡར་རྒྱས་ཕྱིན་ཏེ་ཚུལ་ལྡན་ཆགས་ཡོད་ན་བཀྲ་ཤིས་བདེ་ལེགས་ཡོད། སྔོན་མ་ཞབས་འདྲེན་མང་པོ་བཞག་པ་ས་གྲགས་གནམ་གྲགས་ཆགས་ཡོད་པ་རེད། དེ་ནས་བོད་དོན་དེ་བོད་པ་མི་རེ་ངོ་རེ་ལ་འགན་ཡོད་པ་སོང་། ཐེ་ཝན་ནང་གི་བོད་པའི་བླ་མ་གྲྭ་བ་ཚོས་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་ཚོར་འབྲེལ་བ་བྱས་ཏེ་བོད་དོན་ཁྱབ་བསྒྲགས་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་་བྱེད་ཐུབ་ན་ཡག་པོ་འདུག དེ་མ་གཏོགས་རྒྱ་བལ་འབྲུག་གསུམ་ནང་ནས་རྒྱ་རིགས་ཚོར་འབྲེལ་བ་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད་ལ་ཕྱི་རྒྱལ་ལུང་པ་ཁག་ནས་ཀྱང་ཁག་པོ་ཡོད་རེད། ཐེ་ཝན་དང་ཧོང་ཀོང་། མ་ལེ་ཤི་ཡ། ཇར་པན་སོགས་རྒྱ་རིགས་ཚོར་འབྲེལ་བ་བྱེད་ཡུལ་བདེ་ཤོས་ཀྱི་རྒྱལ་ཁབ་ཁག་རེད། ཁྱེད་ཅག་གིས་གོ་སྐབས་འདི་ཤོར་དུ་མ་འཇུག་རོགས་གནང་།

    Reply
  3. རྣམ་རྒྱལ། says:
    ལོ་ 12 སྔོན།

    ངོ་དེབ་སྟེང་ཁྱེད་རང་མང་པོ་མཇལ་སོང་། ལོ་རྒྱུས་ཞིབ་ཕྲ་དེ་རིང་བར་མཇལ་མྱོང་མེད། ཁྱེད་ཅག་གིས་བོད་ཕྱི་ལོགས་ནས་འབད་བརྩོན་ལྷོད་མེད་གནང་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese