མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གར་ལ་ཁ་རྡུང་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་ནང་ཚོགས་པའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་གྲོས་མཐུན་ཞིག་ལ་རྒྱ་གར་གྱིས་མིང་རྟགས་བཀོད་མེད་པར་ཚོགས་མིའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གཟའ་ཕུར་བུའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་། ལོ་སྔོན་མའི་ཕྱི་ཟླ་ ༡༢ པའི་ནང་ཨིན་ཌོ་ནི་ཤི་ཡའི་གྲོང་ཁྱེར་བྷ་ལི་ནང་ཚོགས་པའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་(WTO)ཀྱི་ཚོགས་འདུའི་སྐབས་ཐག་གཅོད་བྱུང་བའི་ཚོང་ལས་ཐོག་མཐུན་རྐྱེན་སྐྲུན་ཕྱོགས་ཀྱི་གྲོས་མཐུན་ ( Trade facilitation Agreement) ཞེས་པའི་དགོངས་དོན་ལྟར་ཚོགས་མིའི་རྒྱལ་ཁབ་ ༡༦༠ ཡི་སྐུ་ཚབ་འཛོམས་ཏེ། རྒྱལ་སྤྱིའི་ཐོག་སྤྱི་ཚོང་སྒོ་ཁྲལ་རྒྱག་ཕྱོགས་ཀྱི་ཁྲིམས་ཡིག་གསར་པ་ (agreement on new global customs rules) ཞེས་པ་ཞིག་བཟོས་ཏེ། ༢༠༡༥ ནང་གྲོས་མཐུན་དེ་ཚོགས་མིའི་རྒྱལ་ཁབ་ཁག་ནང་ལག་བསྟར་བྱ་རྒྱུའི་གྲོས་མཐུན་འཇོག་སྐབས། ཚོགས་མིའི་རྒྱལ་ཁབ་རྒྱ་གར་གྱིས་གལ་ཏེ་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱིས་ཟ་འབྲུའི་བདེ་འཇགས་དང་ཟས་རིགས་སྤུངས་གསོག་གི་གནད་དོན། འཚོ་སྣོན་སྤྲོད་ཕྱོགས་བཅས་ཀྱི་ལམ་ལུགས་ལ་བཅོས་བསྒྱུར་མ་བཏང་ཚེ། གྲོས་མཐུན་དེར་མིང་རྟགས་བཀོད་རྒྱུ་མིན་སྐོར་བརྗོད་འདུག

རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་གྲོས་མཐུན་དེར་ཁས་ལེན་མ་བྱས་སྟབས། ཚོགས་མིའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཨོ་སི་ཌོ་ལི་ཡ་དང་ཁེ་ན་ཌ། ཀོ་ལོམ་བྷི་ཡ། མེག་སི་ཀོ ནོར་ཝེ། སུད་སི། ཐེ་ལན་ཌི་བཅས་ཀྱིས་ཐུན་མོང་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་གྲོས་དོན་ལ་ཁས་ལེན་མ་བྱས་པ་དེས། མ་འོངས་པར་རྒྱལ་སྤྱིའི་ཚོང་ལས་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུར་འགོག་རྐྱེན་བཟོས་པ་ཙམ་མ་ཟད། རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་ནུས་སྟོབས་སྟངས་འཛིན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་ཚོད་དོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་རོ་བྷར་ཌོ་ (Roberto Azevedo) ལགས་ཀྱིས། “ད་ལྟ་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་སྐོར་གྱི་གྲོས་མཐུན་དེར་ཁས་ལེན་བྱས་མེད་ཀྱང་། ང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་ཟླ་འདིའི་ཚེས་ ༣༡ ནང་ཚུད་དུ་དཀའ་རྙོག་དེ་སེལ་ཐུབ་པ་བྱ་རྒྱུ་ཡིན།” €ཞེས་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ནང་། གལ་ཏེ་ཟླ་འདིའི་ཚེས་ ༣༡ ནང་ཚུད་དུ་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱིས་ཐག་གཅོད་བྱུང་བའི་ཚོང་ལས་ཐོག་མཐུན་རྐྱེན་སྐྲུན་ཕྱོགས་ཀྱི་གྲོས་མཐུན་ (Trade facilitation Agreement) ཞེས་པ་འདི་དུས་ཐོག་དོན་འཁྱོལ་ཐུབ་རྒྱུར་རྒྱ་གར་གཞུང་གིས་མིང་རྟགས་མ་བཀོད་ཚེ། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཡོང་ཆེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་མེད་པ་ཆགས་པ་མ་ཟད། རྒྱལ་སྤྱིའི་དཔལ་འབྱོར་ཉམས་གུད་བྱུང་སྐབས་རྒྱལ་ནང་གི་ཐོན་དངོས་སྲུང་སྐྱོབ་བྱ་རྒྱུའི་ནུས་པར་སྔར་ལྷག་དོ་ཕོག་འགྲོ་ངེས་རེད།€ཅེས་སོགས་བརྗོད་འདུག

ཚོང་ལས་ཆེད་མཁས་པ་ཚོས། ད་རེབ་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་ཚོང་དོན་གྲོས་མཐུན་དེ་ལམ་ལྷོང་མ་བྱུང་ཚེ། མ་འོངས་པར་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་ཚོགས་མིའི་རྒྱལ་ཁབ་ཁག་གིས་ཚོང་ལས་ཐོག་སྔར་ལྷག་བཅོས་བསྒྱུར་གཏོང་ཐབས་བྱ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

ཚོང་ལས་ཐོག་མཐུན་རྐྱེན་སྐྲུན་ཕྱོགས་ཀྱི་གྲོས་མཐུན་ (Trade facilitation Agreement) ཞེས་པ་འདི་ནི་ཨ་རི་དང་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་གིས་གལ་ཆེན་དོན་ཆེན་འཛིན་ཏེ་གྲོས་མགོ་བཏོན་པ་ཞིག་ཡིན་ཞིང་། འདིའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ཚོང་སྒོ་ཁྲལ་ལམ་ལུགས་ (customs procedure) ལས་སླ་རུ་གཏོང་ཐབས་གཙོས་ཚོང་ལས་ཐོག་ཕྱི་གསལ་ནང་གསལ་ཡོང་ཐབས་དང་། ཕྱིར་ཚོང་ནང་འདྲེན་དང་ནང་དངོས་ཕྱིར་ཚོང་བྱེད་སྐབས་ཀྱི་རིན་གོང་ཉུང་དུ་གཏོང་ཐབས་བྱ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༤ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese