མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་བ་དང་སྲིད་དབང་སྒེར་འཛིན་པའི་འཐབ་འཛིང་།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བསྟན་རྡོར་གྱིས་བརྩམས། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་བསྒྱུར།

མའོ་ཙེ་ཏུང་གིས་ཐེངས་ཤིག་སྙན་ངག་གི་རོལ་མྱོང་ལྡན་པའི་སྐད་ཆ་འདི་འདྲ་ཞིག་མཛུབ་སྟོན་བྱས་ཡོད་དེ། “€œའཁྲབ་སྟོན་རུ་ཁག་གི་སྒྱུ་རྩལ་བ་སྡར་ཚན་གཅིག་(ཁ་གྲངས་བཅུ་གཉིས་ཅན་ལ་གོ)འདི། དམག་དཔུང་སྟོང་ཕྲག་གི་སྟོབས་ཤུགས་ལས་ཆེ་བ་ཡོད་” ཞེས་བརྗོད་ཡོད། ཕྱི་མ་དེས་མི་མང་གི་སྤྱོད་ལམ་ལ་འགྱུར་བ་གཏོང་ཐུབ་ན་ཡང་། སྔ་མ་དེས་མི་མང་གི་ཀླད་པར་འགུལ་སྐྱོད་གཏོང་ཐུབ་ཀྱིན་ཡོད་པ་རེད།

ལིའུ་ཝོ་ལིན་གྱི་སྒྱུ་རྩལ་བརྩམས་ཆོས་འདི་དག་གིས་ཀྱང་། རྒྱ་ནག་གི་དམག་དཔུང་ཚོས་བྱེད་མི་ཐུབ་པ་དེ་དག་རྙེད་རྟོགས་ཐུབ་ཀྱིན་ཡོད། ཁོས་མི་མང་ལ་བསམ་བློ་གཏོང་བར་སྒུལ་ཤུགས་བསྩལ་ཞིང་། འདི་ནི་གཅིག་སྡུད་རིང་ལུགས་ཀྱི་སྤྱི་ཚོགས་ནང་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་ཏེ། བསམ་གཞིགས་བྱེད་པ་འདིས་མཐར་ཐུག་གི་བདེན་པའི་ལམ་སྣེར་འདྲེན་ཐུབ་ཀྱི་ཡོད། དབང་གཙོ་སྨྲ་བའི་རིང་ལུགས་པ་ཚོས་སོ་སོའི་མི་སེར་གྱིས་བསམ་བློ་གཏང་རྒྱུར་འདོད་པ་མེད་ཅིང་། འདི་ནི་བསམ་བློ་གཏོང་ཐུབ་མཁན་ཉུང་ཤས་ཙམ་ལས། གནས་ཚུལ་མི་ཤེས་མཁན་ས་ཡ་མང་པོ་ཞིག་ལས་སླ་པོའི་ངང་དབང་བསྒྱུར་བྱེད་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་ཡིན།

ལིའུ་ཡིས་པར་རིས་བརྩམས་ཆོས་ཤིག་གི་ནང་། ཁོ་རང་རྒྱབ་ལྗོངས་སྣ་ཚོགས་ཤིག་གི་ཁྲོད་དུ་ཡལ་གྱིན་པ་འདི། དེང་དུས་རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ནད་ཡམས་དྲག་པོའི་འོག་ཏུ་མནར་བའི་རང་ཉིད་ཀྱི་རྒྱལ་ཁབ་དེ་མཚོན་གྱི་ཡོད་པ་དང་། ངས་རང་ཉིད་ཀྱི་བསམ་བློར། པར་རིས་འདི་དག་གིས་ད་ལྟ་དབང་གཙོ་སྨྲ་བའི་རིང་ལུགས་དང་ཉེར་སྤྱོད་རིང་ལུགས་པའི་(ཇི་ཙམ་གྱི་ཚོང་ཟོག་མང་བ་ལོངས་སུ་སྤྱོད་ཐུབ་ན་དེ་ཙམ་གྱིས་འབྲེལ་ཡོད་བཟོ་སྐྲུན་ཁག་ལ་ཁེ་ཕན་བྱུང་བའི་བསམ་ཚུལ་ལ་གོ) གདུག་རྩུབ་དྲག་པའི་འོག་ཏུ་བཙིར་གནོན་བྱེད་བཞིན་པའི་སྨྲ་བརྗོད་རང་དབང་མེད་པ་དང་མགོ་ཡར་ཙམ་ཡང་མགྱོག་མི་ཐུབ་པའི་རྒྱ་ནག་མི་དམངས་མཚོན་གྱིན་ཡོད་དམ་སྙམ་པ་དང་། ཡང་ན་པར་རིས་འདི་རྣམས་ཀྱིས་རྒྱ་ནག་གཞུང་གིས་མི་སྒེར་གྱི་རང་དབང་དང་དངོས་ཡོད་རང་བཞིན་ལ་སྐེ་བཙིར་གཏོང་རྐྱང་བྱས་པའི་ལུགས་སྲོལ་འདིར་དགག་རྒྱག་བྱེད་ཀྱིན་ཡོད་པའི་རྣམ་པ་དེ་མཚོན་གྱི་ཡོད་དམ་སྙམ་བྱུང་།

གཅིག་བྱས་ན། ལིའུ་ཡི་སྒྱུ་རྩལ་བརྩམས་ཆོས་འདི་དག་བཙན་ཤེད་དབང་བསྒྱུར་སྲིད་གཞུང་ཞིག་གི་འོག་ཏུ་འཚོ་གནས་བྱ་རྒྱུ་ཟུར་ཟའི་ལམ་ཡིག་ལྟ་བུ་ཞིག་ཡིན་ན་ཡང་། ཁྱེད་རང་རྫུན་གཏམ་གྱིས་བཟོས་པའི་སྤྱི་ཚོགས་ཤིག་ནང་འཚོ་སྡོད་ཇི་ལྟར་བྱེད་ཀྱིན་ཡོད་དམ། འདིར་ཐབས་ལམ་ཞིག་ཡོད་པ་ནི་ཁྱེད་རང་རྫུ་བག་གི་ཁྲོད་དུ་མི་སྣང་བར་གྱུར་ནས་ཁུ་སིམ་མེར་སྡོད་རྒྱུ་དེ་རེད། གལ་ཏེ་ཁྱེད་རང་གིས་དྲང་པོ་བཤད་ན། ཁོ་ཚོས་ཁྱེད་རང་གསལ་པོ་མཐོང་ཐུབ་ལ། མཐོང་བའི་དུས་ཚོད་དེ་ག་རང་ལ་དམིགས་སའི་འབེན་དུ་འགྱུར་སྲིད། དེར་བརྟེན། མཐོང་ཆོས་སུ་འགྱུར་བ་(Visiblity)འདི་ཡིས་ཉེན་ཚབས་ཤིག་འཁྱེར་ཡོང་བ་དང་། དེ་ལས་ལྡོག་སྟེ་མི་སྣང་བར་འགྱུར་བ་ (Invisiblity) འདི་ཡིས་ཕྱོགས་གཞན་ཞིག་ནས་ཁྱེད་རང་སྲུང་སྐྱོབ་བྱེད་ཡོང་བསམ་པའི་བརྩེགས་རིམ་ཞིག་བསྐྲུན་སྲིད།

གལ་ཏེ་མི་སྣང་བར་འགྱུར་བ་(Invisiblity) འདི་ཉིད། མི་སུ་ཞིག་གིས་སོ་སོའི་འཚོ་གནས་བྱ་རྒྱུར་རིན་བབ་སྤྲད་པ་དང་ཁྱད་མེད་ན། ཁྱེད་རང་ལ་འདི་དགོས་སམ། འདི་ནི་སྒྱུ་རྩལ་བ་ལིའུ་ཡི་དྲི་བ་མིན་ན་ཡང་། ངས་འདི་ལྟར་དྲི་བ་བཏང་ན་འདོད། གལ་ཏེ་མི་སུ་ཞིག་གི་ཚེ་གང་བོར་རང་ཉིད་ཀྱི་མི་ཚེ་འདི་ཡར་མངོན་མ་ཐུབ་ཅིང་། ཁུ་སིམ་སིམ་ངང་དྲང་བདེན་མ་ཡིན་པའི་སྲིད་ཇུས་འདིར་མགོ་སྒུར་ནས་ཕྱིན་ན་ཁོ་རང་གདོན་འདྲེ་དང་ཁྱད་པར་འདུག་གམ། གལ་ཏེ་ཁོ་རང་ལོ་ངོ་བརྒྱ་ཕྲག་ཙམ་ཞིག་གནས་ཐུབ་ན་ཡང་འཛམ་བུ་གླིང་གིས་ཁོ་རང་ད་དུང་ཡང་གསོན་གནས་ཐུབ་ཡོད་པར་བདེན་དཔང་སྦྱིན་ཐུབ་བམ།

དེར་བརྟེན། ནམ་ཡང་འགྲེལ་བརྗོད་བྱེད་དཀའ་བའི་འགྲོ་བ་མིའི་སྙིང་སྟོབས་ཀྱི་ཆོས་ཉིད་ཅིག་ནི། ཁོ་རང་འོད་སྣང་གི་ཁྲོད་འཚོ་སྡོད་བྱ་རྒྱུར་འདོད་པ་ཡོད་པ་ལས་མུན་ནག་ཁྲོད་འཚོ་འདོད་མེད་ལ། གཟི་བརྗིད་དང་ལྡན་པའི་ངང་འཚོ་གནས་ཐུབ་རྒྱུ་ལས་སྨག་ནག་གི་ཁྲོད་སྡོད་འདོད་མེད།

ད་ལྟའི་ཆར་རྒྱ་ནག་ནང་གི་མི་མང་ཚོས་སྲིད་གཞུང་གི་ཉེན་ཚབས་ལ་མ་སྐྲག་པར་རང་ཉིད་ཁུ་སིམ་སིམ་གནས་རྒྱུའི་འཆིང་རྒྱ་དེ་བཀྲོལ་བཞིན་ཡོད་ལ། འགའ་ཞིག་གིས་ངོ་རྒོལ་དང་སྙན་ཞུའི་ལམ་ནས་གཞུང་ལ་ཡ་ལན་སྤྲོད་ཀྱིན་ཡོད། སྐོར་ཞིག་གིས་དྲ་གནས་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱིན་ཡོད་ལ། ཡང་ཁག་ཅིག་གིས་སྒྱུ་རྩལ་དང་འཁྲབ་སྟོན་གྱི་ལམ་ནས་ལས་འགུལ་སྤེལ་གྱིན་ཡོད་པ་རེད།

གང་ལྟར་ཁོ་ཚོས་ཐབས་ལམ་གང་འདྲ་ཞིག་བདམས་ན་ཡང་། ལྦཀ་ལེབ་ཧ་ལྦེལ་(Vaclav Havel )གྱི་ཚིག་འགྲོས་ཤིག་གཡར་ན་ ‘ཁོ་ཚོས་ད་ནས་བཟུང་བདེན་དོན་གྱི་འཚོ་བ་ཞིག་སྐྱེལ་མགོ་འཛུགས་བཞིན་ཡོད་པ་རེད།’€ གང་ལྟར་བདེན་པ་དེ་ཕྱི་རོལ་གྱི་འཇིག་རྟེན་དང་། ཡང་ན་དྲ་གནས་སོགས་གང་གི་ཐོག་ཏུ་ཡོད་ཀྱང་ཁོ་ཚོ་ད་ནས་བཟུང་ནུས་མེད་སྟོབས་མེད་ཅིག་ནམ་ཡང་མ་ཡིན།

ལོ་ངོ་ཉི་ཤུ་རྩ་ལྔའི་སྔོན་གྱི་ཡིད་སྐྱོ་བའི་མཚན་མོ་ཞིག་ལ། པེ་ཅིན་གྱི་མེ་སྒྱོགས་ཤིག་གིས་རྒྱ་ནག་མི་མང་ས་ཡ་མང་པོའི་དམངས་གཙོའི་རྨི་ལམ་ཁྱུར་མིད་གཏོང་སྐབས། རྒྱལ་ཁབ་འདིའི་ཕྱིའི་སྣང་ཚུལ་ངོ་མི་ཤེས་པ་ལྟ་བུ་ཞིག་ཆགས་ཡོད་ལ། ད་ལྟ་ཤང་ཀང་(Shanghai) གི་ཡིད་དབང་འཕྲོག་པའི་ཁང་བརྩེགས་ཆེན་པོ་འདི་ནས། ཧྲིན་ཀྲུག་(Shenzhen)གི་དངུལ་རྩིས་རྫོང་ཁོང་བར་ད་ལྟ་རྒྱ་ནག་ནང་བསམ་ཡུལ་ལས་འདས་པའི་འཕོ་འགྱུར་ཕྱིན་ཡོད་ནའང་། འགྱུར་བ་དེ་ནི་ཕྱི་ཚུལ་ཙམ་ལས་དོན་དངོས་ཐོག་གཅིག་སྡུད་རིང་ལུགས་(Dictatorship) གྱི་གདུག་རྩུབ་ཆེ་བའི་སྲིད་དོན་ཚོགས་པ་ཞིག་གི་འོག་ཏུ། རྒྱ་ནག་དེ་ད་དུང་ཡང་སྔོན་མའི་དབང་ཤེད་རིང་ལུགས་(Authoritarian) ཀྱི་རྒྱལ་ཁབ་ཅིག་ཏུ་རང་འཇགས་གནས་ཡོད་ལ། འདི་བོད་པའི་མི་སེར་དཀྱུས་མ་ཚོར། ང་ཚོ་དུས་རྒྱུན་རང་དབང་ལུང་པའི་ནང་ཡོད་མཁན་ཚོའི་བདག་དབང་ཡིན་ཤག་ཤག་གི་གཞི་རྩའི་རང་དབང་ཡང་མེད་པར་འཚོ་བ་སྐྱེལ་གྱིན་ཡོད་པ་རེད།

དེང་སང་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་དང་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ཆགས་ཡོད། ཁ་སྔོན་རང་(CNN) གྱིས་འདོན་སྤེལ་བྱས་པའི་གསར་འགྱུར་ཉི་ཚེ་བ་ཞིག་ནི། ལྟད་མོ་བ་བདུན་སྟོང་ལྷག་འཛོམས་པའི་རྩེད་ར་ཆེན་པོ་ཞིག་གི་དབུས་སུ། རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་དང་འབྲེལ་བའི་གྱོད་ཞིབ་ཀྱི་ཚོགས་འདུ་ཞིག་ཚོགས་ཏེ། ཡུ་གུར་གྱི་མི་ལྔ་བཅུ་ང་ལྔ་འཇུ་བཟུང་དང་ཉེས་ཆད་བཅད་ཡོད།

བོད་ནང་པེ་ཅིན་གྱི་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་བྱུས་འདིས་རྐྱེན་པས། འབྲོག་པ་ས་ཡ་མང་པོ་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བདག་བཟུང་བྱས་པའི་རྩ་ཐང་དེ་ནས་གནས་སྤོ་བྱེད་བཅུག་པ་དང་། དགོན་སྡེ་དང་སྲང་ལམ་གྱི་གྲུ་ཟུར་གང་སར་གསང་བའི་པར་ཆས་བཙུགས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་འཇོག་བྱེད་མཁན་གྱི་མི་རྣམས་འཇུ་བཟུང་བྱས་པ་འདིས། བོད་མི་ཚོ་རེ་ཆད་དང་འུ་ཐུག་གི་མཐའ་ལ་སྐྱེལ་ཡོད། དེར་བརྟེན་ཉིས་སྟོང་བཅུ་གཅིག་ནས་བཟུང་བོད་མི་ ༡༣༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གི་བཟོད་ཐབས་བྲལ་བའི་དྲག་གནོན་ལ་ངོ་རྒོལ་བྱས་ཡོད།

ཡིན་ན་ཡང་། གཅིག་བྱས་ན་ཆབ་སྲིད་ཀྱི་གནས་སྟངས་དྲག་པོ་དེས་རྐྱེན་པས། བོད་པ་ཚོས་ད་ནས་བཟུང་སྒྱུ་རྩལ་དེ་ངོ་རྒོལ་སྐད་འབོད་ཀྱི་ལག་ཆ་གསར་བ་ཞིག་ལ་བེད་སྤྱོད་བྱེད་མགོ་ཚུགས་ཡོད། སྒྱུ་རྩལ་གྱི་ལམ་ནས་དྲག་གནོན་ལ་འཐབ་རྩོད་བྱེད་པའི་ལས་འགུལ་འདིས་ཁོ་ཚོས་ཆབ་སྲིད་ཀྱི་རས་གཞི་དཀར་ནག་གཉིས་ཀྱི་འདྲེས་མཚམས་སུ་མེད་པའི་ས་ཁུལ་གཞན་ཞིག་ལ་བདག་བཟུང་བྱེད་ཐུབ་ཀྱིན་ཡོད། དེར་བརྟེན། སྒྱུ་རྩལ་གྱིས་ལྡེམ་ལྕུགས་(Elasticity) དང་བཅོས་བསྒྱུར། འཕོ་འགྱུར་རང་བཞིན་སོགས་ལ་བརྒྱུད་སྐུལ་བྱས་ཏེ་མཐར་ཐུག་དེར་ཆབ་སྲིད་འགོག་རྒོལ་དེ་ལས་རྒྱལ་ཐུབ་ཀྱིན་ཡོད་པ་རེད།

ཉེ་སྔོན་གྱི་ལོ་ཟླའི་ནང་། བོད་ནང་གི་མི་མང་པོ་ཞིག་གིས་སྒྱུ་རྩལ་དང་སྙན་ངག གླུ་གཞས་དང་གློག་བརྙན་སོགས་བརྒྱུད་ནས་༧རྒྱལ་བ་རིན་པོ་ཆེར་ཡིད་ཆེས་དང་རང་ཉིད་ཀྱི་ཕ་ཡུལ་ལ་བརྩེ་སེམས། ད་དུང་རང་དབང་འདོད་པའི་འབོད་སྒྲ་སོགས་མཚོན་ཐབས་བྱས་ཡོད་ལ། སྒྱུ་རྩལ་གྱི་ལམ་ནས་རང་དབང་འཐབ་རྩོད་བྱས་པའི་ལས་འགུལ་འདིས་བོད་པའི་རིག་གཞུང་ནང་སྔ་ན་མེད་པའི་བསྐྱར་གསོ་དང་སྒུལ་ཤུགས་གསར་བ་ཞིག་སྦྱིན་ཐུབ་ཡོད། སྙན་ངག་པ་མའོ་ཡིས། €˜སྒྱུ་རྩལ་བ་ནི་དམག་མི་ལས་ནུས་སྟོབས་ཆེ་བ་ཡོད་€™ཅེས་ལབ་པ་དེ་འགྲིག་འདུག ཁོ་ཚོས་གོ་མཚོན་གང་ཡང་ཐོགས་མེད་ཀྱང་། པར་ཆས་དང་པིར་སྨྱུག་གི་ལམ་ནས་རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་(Ai Wei Wei)དང་། ལིའུ་ཝོ་ལོན་སོགས་ཀྱིས་སྔོན་ཆད་དུས་རབས་ཕྱེད་ལྷག་ཙམ་རིང་མའོ་ཡི་ཤུགས་རྐྱེན་དང་གཉིད་དུ་ཡུར་བའི་བསམ་ཚུལ་རྙིང་པ་དེ་དག་ལས་ཡར་སློང་ཐུབ་ཡོད།

དེང་སང་རྒྱ་ནག་གི་སྒྱུ་རྩལ་བ་མང་པོ་ཞིག་གིས། རང་དབང་ལྡན་པའི་རྒྱ་ནག་རྒྱལ་ཁབ་གསར་བ་ཞིག་གི་རྨི་ལམ་མི་མང་ནང་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད་ལ། ཁོ་ཚོར་གཞུང་ཕྱོགས་ཀྱིས་བཀག་སྡོམ་བྱེད་ཁག་པོ་ཆགས་ཡོད། དུས་ཚོད་སྔ་ཕྱི་གང་རུང་གི་ནང་དུ་སྲིད་གཞུང་གིས་ཁོ་ཚོ་བཙོན་འཇུག་བྱེད་པ་དང་། དཔེར་ན། ཉིས་སྟོང་བཅུ་གཅིག་ལོར་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཉིན་ ༨༡ རིང་བཀག་ཉར་བྱས་ན་ཡང་། ཁོ་ཚོས་ཁོའི་དྲག་རྩུབ་དབེན་པའི་ཞིང་ན་གནས་པའི་སྒྱུ་རྩལ་གྱི་རང་བཞིན་དེ་བཙོན་འཇུག་བྱེད་ཐུབ་མེད་ལ། རྒྱ་དམག་གིས་བཙོན་ཁང་གི་གློག་ཚང་མ་སད་ན་ཡང་ཁོ་ཚོས་བཙོན་པ་ཚོར་གཉིད་ཁུག་རྒྱུར་བཙན་སྐུལ་བྱེད་ཐབས་མེད།

གང་ལྟར། གྲོང་འཁྱེར་དང་མཐའ་མཚམས་གང་ཞིག་ཡིན་ཡང་རྒྱ་ནག་ནང་འགྱུར་བ་ཐེབས་བཞིན་ཡོད་ལ། ཇི་ཙམ་གྱིས་བོད་དང་རྒྱ་ནག ཤར་ཏུར་ཀི་སི་ཐན་མི་མང་གིས་འཇིགས་སྣང་རྒྱབ་ཏུ་དོར་ནས་བདེན་དོན་ལ་འཚོལ་སྙེག་བྱེད་མགོ་བཙུགས་ན་འཛམ་གླིང་མི་མང་ངེས་པར་དུ་ཁོ་ཚོའི་རྒྱབ་ཏུ་ལངས་དགོས།

མ་རྩོམ་གྱི་འབྲེལ་ཐག http://www.huffingtonpost.com/tenzin-dorjee/the-artist-versus-the-dic_b_5418575.html

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༩ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 2

  1. བསྟན་ཆོས། says:
    ལོ་ 12 སྔོན།

    “ཉིས་སྟོང་བཅུ་གཅིག་ནས་བཟུང་བོད་མི་ ༡༣༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ” ཞེས་པ་ཉིས་སྟོང་དགུ་ནས་མ་ཡིན་ནམ།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 12 སྔོན།

    རྩོམ་འདི་དང་འདིས་འགྱུར་ཉིས་ཆར་བཤད་རྒྱུ་མི་འདུག ངོ་མ་ཀློག་དགོས་པའི་རྩོམ་ཞིག་རེད་འདུག ཞོར་ནས་ཞུ་རྒྱུ་ཞིག་ལ(Shang hai) ཤང་ཀང་ལ་སྒྲ་བསྒྱར་བྱས་པ་ནོར་བ་འདྲ་ཞིག་འདུག དེ་ཧ་ལམ་(上海)ཧྲང་ཧེ་ཡིན་ས་རེད། ད་དུང་(Shen zhen) ལ་ཧྲིན་ཀྲུག་སྒྲ་བསྒྱུར་བྱས་འདུག འདི་ཡང་(深圳)ཧྲིན་ཀྲིན་ཡིན་ས་རེད། འདི་ཚོ་བསྒྱུར་སྐབས་རྒྱ་སྐད་ཀྱི་སྦྱོར་ཡིག་(拼音)ལ་འགྲོས་ཆ་མེད་ན་ཅུང་ཁག་པོ་ཡོད།
    གཉིས་ནས་དབྱིན་ཇིའི་མིང་ཚིག་Dictarorship- དབང་ཤེད་རིང་ལུགས་དང་། Authoritar-གཅིག་སྡུག་རིང་ལུགས་ལ་བསྒྱུར་ན་ག་འདྲ་འདུག ཡིན་ཡང་ངས་ཚིག་མཛོད་ཁག་ལ་བསྡུར་ཞིབ་བྱས་མེད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese