མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་ཨ་རིའི་ཐབས་ཇུས་གྲོས་མོལ་ཐེངས་ལྔ་པ་ལྡི་ལིར་ཚོགས་སྐབས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་གལ་ཏེ་ཨ་རིས་རྒྱ་གར་གྱི་མགོ་ཁྲིད་ཚོའི་ཁ་པར་དང་དྲ་རྒྱའི་ནང་ལྐོག་འཛུལ་བྱས་ཚེ་རྒྱ་གར་གཞུང་གིས་བཟོད་སྒོམ་བྱ་རྒྱུ་མིན་ཟེར།

ཟླ་འདིའི་ཚེས་ ༣༠ ནས་བཟུང་ཉིན་གསུམ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་ཡིས་སྣེ་འཁྲིད་པའི་ཨ་རིའི་ཚོང་དོན་དྲུང་ཆེ་ཧྥན་ནཱི་ (Penny Pritzker) དང་། ནང་སྲིད་དང་གློག་ཤུགས་བཀོལ་གཏོང་དྲུང་འཕར་རྣམ་གཉིས། ཁོར་ཡུག་གནད་དོན་ཆེད་མཁས་པ་བཅས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། ཨ་རི་དང་རྒྱ་གར་བར་གྱི་ཐབས་ཇུས་གྲོས་མོལ་ཐེངས་ལྔ་པ་ (The fifth India-US Strategic Dialogue) ཞེས་པར་མཉམ་ཞུགས་བྱས་ཏེ། ཨ་རྒྱའི་བར་གྱི་རྒྱལ་སྲུང་དང་རྡུལ་ཕྲན་གློག་ཤུགས་རྒྱུད་གཏོང་། རྒྱལ་ཁབ་ཕན་ཚུན་བར་མ་འཇོག་བྱེད་སྟངས། འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་ཐབས། པ་ལི་སི་ཐན་དང་ཨི་ཛི་རལ། ཨབ་གྷན་གཙོས་རྒྱལ་སྤྱི་དང་རྒྱལ་ནང་གི་དཀའ་རྙོག རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཨ་རིར་སྐོར་སྐྱོད་གཙོས་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་གྲོས་མཐུན་ལ་བཀག་རྒྱ་བྱེད་དོན་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

འདིའི་ཐད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཞི་མཱ་ལགས་ཀྱིས། ” རྒྱ་གར་གྱིས་ཨ་རི་མཐུན་གྲོགས་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། གལ་ཏེ་ཨ་རིས་རྒྱ་གར་གཞུང་གི་མགོ་ཁྲིད་ཚོའི་དྲ་རྒྱ་དང་ཁ་པར་སོགས་ཀྱི་ནང་ལྐོག་འཛུལ་བྱས་ཚེ་རྒྱ་གར་གཞུང་གིས་བཟོད་སྒོམ་བྱ་རྒྱུ་མིན།”€ཞེས་བརྗོད་ཡོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་ཡིས། “ང་ཚོས་ཨ་རྒྱའི་བར་གྱི་འབྲེལ་ལམ་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ནང་འཕྲད་བཞིན་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་གནད་དོན་སྦ་གསང་མེད་པར་ཕན་ཚུན་གོ་བསྡུར་དང་འབྲེལ་དཀའ་རྙོག་དེ་དག་སེལ་ཐབས་དང་། ང་ཚོའི་མཉམ་རྒྱལ་འབྲེལ་ལམ་ལ་དོ་ཕོག་གཏོང་མཁན་ཚོར་ཁ་གཏད་གཅག་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སུ་གཏོང་ཐབས་བྱ་རྒྱུ་དང་། རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་གང་བརྗོད་པ་དག་ལ་གུས་བརྩི་བྱེད་བཞིན་ཡོད།”ཅེས་སོགས་བརྗོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་ཐུན་མོང་བསྒྲགས་གཏམ་ནང་། ”ང་ཚོས་ད་ལྟའི་རྒྱ་གར་གཞུང་དང་ཨ་རིའི་འབྲེལ་ལམ་ལ་ནུས་པ་དང་གོ་སྐབས་གསར་པ་ཞིག་ཡོད་པར་ངོས་འཛིན་དང་། ཟླ་རྗེས་མར་ཨ་རིར་སྲིད་འཛིན་ཨོ་བྷ་མ་དང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ཐུག་འཕྲད་གནང་རྒྱུ་ཡིན་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་སྔར་མེད་འགྱུར་ལྡོག་ཅིག་འགྲོ་རྒྱུ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད།”ཅེས་བརྗོད་འདུག

རྒྱ་གར་དང་ཨ་རིའི་ཐབས་ཇུས་གྲོས་མོལ་ (India-US Strategic Dialogue) ཞེས་པ་འདི། ༢༠༠༩ ལོའི་ཟླ་ ༧ ནང་རྒྱ་གར་དང་ཨ་རི་ཐུན་མོང་ཐོག གློག་ཤུགས་དང་གཤམ་གཤིས་འགྱུར་ལྡོག ཤེས་ཡོན་དང་འཕེལ་རྒྱས། དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག། འཕྲོད་བསྟེན་དང་གསར་གཏོད་བཅས་དོན་ཚན་ལྔའི་ཐོག་མཉམ་ལས་བྱེད་ཕྱོགས་གཞི་ལ་བཅོལ་ཏེ་གསར་འཛུགས་བྱས་རྗེས། ༢༠༡༠ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་གྲོས་མོལ་ཐེངས་དང་པོ་དང་། གཉིས་པ། ༢༠༡༡ ལོའི་ཟླ་ ༧ པར་རྒྱ་གར་རྒྱལ་ས་ལྡི་ལི། གསུམ་པ། ༢༠༡༢ ལོའི་ཟླ་ ༦ པར་ཝ་ཤིན་ཌོན། བཞི་པ། ༢༠༡༣ ལོའི་ཟླ་ ༦ པར་ལྡི་ལི། ལྔ་པ། ༢༠༡༤ ལོའི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་བཅས་ནང་སྐོང་ཚོགས་བྱས་ཡོད་འདུག

༢༠༡༣ ལོའི་ཟླ་ ༡༢ པའི་ནང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་ཁང་གི་སྐུ་ཚབ་གཞོན་པ་ཞིག་བཀག་ཉར་འདྲི་གཅོད་བྱས་སྟབས། རྒྱ་གར་གཞུང་གིས་ལྡི་ལིའི་ཨ་རིའི་གཞུང་ལས་ཁུངས་ལ་རྣམ་འགྱུར་མི་ལེགས་པ་བསྟན་པ་སོགས་ལ་བརྟེན་ཏེ་སྐབས་ཤིག་རིང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་དོ་ཕོག་ཕྱིན་ཡོད་ཀྱང་། ནཱ་རེན་ཌ་མུ་དྷེ་ལ་རྒྱ་གར་སྲིད་བློན་རྒྱལ་ཁ་ཐོབ་པ་མ་ཐག ཨ་རིའི་སྲིད་འཛིན་ཨོ་བྷ་མས་དེ་སྔོན་ནཱ་རེན་མུ་དྷེས་རྒྱ་གར་གྷུ་ཅུ་ར་ཌེའི་མངའ་སྡེའི་སྤྱི་ཁྱབ་ཡིན་སྐབས་ཁ་ཆེ་མང་པོ་བསད་པའི་ཉེས་མིང་འོག་ཨ་རིར་འགྲོ་སྐྱོད་ཐོངས་མཆན་སྤྲོད་རྒྱུ་མིན་པའི་ཁྲིམས་ཡིག་རྩིས་མེད་བཏང་སྟེ། ནཱ་རེན་ཌ་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཡོད་པ་མ་ཟད། ཁོང་ཟླ་རྗེས་མའི་ནང་ཨ་རིར་མགྲོན་འབོད་གནང་བ་སོགས་བཟང་ཕྱོགས་ཀྱི་འབྲེལ་ལམ་བསྐྱར་འཛུགས་བྱས་ཡོད།

ཟླ་སྔོན་མའི་ཚེས་ ༢༧ ཉིན་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱིས་ཐག་གཅོད་བྱུང་བའི་ཚོང་ལས་ཐོག་མཐུན་རྐྱེན་སྐྲུན་ཕྱོགས་ཀྱི་གྲོས་མཐུན་ ( Trade facilitation Agreement) ཞེས་པར་མིང་རྟགས་མ་བཀོད་པར། ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱས་ཡོད་སྟབས། ཨ་རྒྱའི་བར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་ཡོད་ཀྱང་། ཟླ་སྔོན་མའི་ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་ པའི་ཨ་རིའི་ཤེས་ཡོན་འཕེལ་རྒྱས་བསྟི་གནས་ཁང་ (Centre for American Progress) གིས་གོ་སྒྲིག་བྱས་པའི་ཨ་རྒྱའི་འབྲེལ་ལམ་སྐོར་གྱི་བགྲོ་གླེང་ཞིག་ཐོག་བསྐྱོད་དེ། ཨ་རྒྱ་བར་གྱི་འབྲེལ་ལམ་ནི་དུས་རབས་ཉེར་གཅིག་ནང་གལ་འགངས་ཆེ་ཤོས་ཆགས་ཡོད་སྐོར་བརྗོད་པ་མ་ཟད། ཚེས་ ༣༠ ནས་ཉིན་གསུམ་རིང་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་བྱས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༣ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese