མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤིན་ཅང་དུ་དམར་གསོད་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཤིན་ཅང་སཱ་ཊི་རྫོང་དུ་དམར་གསོད་དོན་རྐྱེན་ཞིག་བྱུང་སྟེ་མི་ ༩༦ རྐྱེན་འདས་སུ་གྱུར་ཡོད་འདུག

ཤིན་ཅང་ས་གནས་སྲིད་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཤིན་ཅང་སཱ་ཊི་རྫོང་དུ་དམར་གསོད་དོན་རྐྱེན་ཞིག་བྱུང་སྟེ། རླངས་འཁོར་དང་སྦག་སྦག་ ༣༡ སྲེག་བཅོམ་བཏང་ཡོད་པ་མ་ཟད། ལག་ཏུ་གྲི་དང་སྟ་རེ་བཟུང་བའི་ངོ་རྒོལ་བ་ཚོས་མི་མང་ནང་གང་བྱུང་མཚོན་ཆས་བརྒྱབ་སྟེ། རྒྱ་རིགས་ ༣༥ དང་ཡུ་གུར་བ་ ༢ བཅས་མི་མང་དཀྱུས་མ་ ༣༧ དམར་གསོད་དང་། མི་ ༡༣ ལ་རྨས་སྐྱོན་བཟོས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ངོ་རྒོལ་བ་ ༥༩ བསད་ཅིང་། དོགས་ཡོད་ཉེས་ཅན་ ༢༡༥ འཛིན་བཟུང་བྱས་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་ཁྲོད་ཁྱོན་མི་གྲངས་ ༩༦ རྐྱེན་འདས་སུ་གྱུར་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་ད་རེས་ཀྱི་དོན་རྐྱེན་དེ་ཕྱི་ནང་གི་འཇིགས་སྐུལ་དྲག་སྤྱོད་པ་ངན་འབྲེལ་གྱིས་རྩ་འཛུགས་དང་གསང་བའི་འཆར་གཞི་ལྡན་པའི་གདུག་རྩུབ་ཆེ་བའི་ངོ་རྒོལ་དོན་རྐྱེན་ཚབས་ཆེན་ཞིག་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཁྲིན་ཞན་གྱིས། དྲག་སྤྱོད་པར་རྡུག་རྡེག་ཚ་ནན་བཏང་སྟེ་རྩ་མེད་བཟོ་དགོས་ལུགས་ཀྱི་བཀའ་ཁྱབ་བཏང་ཡོད་འདུག

འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཤཱ་ལགས་ཀྱིས། རྒྱ་གཞུང་གིས་བསྒྲགས་པའི་རྐྱེན་འདས་ཕྱིན་པའི་མི་གྲངས་དང་། ས་གནས་ནས་ཐད་ཀར་ཁོང་ཚོར་མཁོ་སྤྲོད་བྱས་པའི་མི་གྲངས་གཉིས་ཀྱི་བར་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། རྒྱ་གཞུང་གིས་ཡུ་གུར་བའི་འཐབ་རྩོད་ཀྱི་དངོས་ཡོད་གནས་ཚུལ་ལ་འཁྱོག་བརྗོད་བྱས་ལུགས་ཡོད་དང་། ཐེངས་འདིར་དྲག་ཆས་ཉེན་རྟོག་པས་དྲག་གནོན་བྱས་ཏེ་མི་མང་ལ་ཤི་རྨས་ཚབས་ཆེན་བྱུང་བར་འགན་འཁུར་དགོས་པ་མ་ཟད། དོན་རྐྱེན་གྱི་མགོ་མཇུག་བར་གསུམ་ཕྱི་གསལ་ནང་གསལ་དང་དྲང་བདེན་ཁུངས་སྐྱེལ་དགོས་པའི་འབོད་སྐུལ་བྱས་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན། སཱ་ཊི་རྫོང་དུ་ངོ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གྲངས་ཤིག་ལ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་གཞུང་གིས་བརྒྱུད་ལམ་བཀག་སྡོམ་བྱས་ཏེ་དེ་འབྲེལ་གྱི་གནས་ཚུལ་ཚང་མ་ནག་གསུབ་བཏང་ཡོད་སྟབས། ད་ལྟའི་ཆར་ཤི་རྨས་ཀྱི་གྲངས་འབོར་དང་ངོ་རྒོལ་བ་ཅི་ཙམ་འཛིན་བཟུང་བྱས་ཡོད་སོགས་གསལ་པོ་མེད་པ་རེད།

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist