མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཕྲལ་སེལ་ལས་བྱེད་ཀྱི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

འབྲས་ལྗོངས་གློག་ཤུགས་ལས་ཁུངས་ཀྱིས་འཕྲལ་སེལ་ལས་བྱེད་ཁག་ཅིག་ལ་ཟླ་ལྔའི་རིང་གླ་ཕོགས་མ་སྤྲད་པར་ཁོང་ཚོས་ལས་ཁུངས་ལ་ངོ་རྒོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ། མངའ་སྡེ་གློག་ཤུགས་ལས་ཁུངས་ཀྱི་འཕྲལ་སེལ་ལས་བྱེད་ཁག་ཅིག་ད་ལོའི་ཕྱི་ཟླ་ ༣ པའི་ནང་ལས་ཁུངས་དེའི་གཏན་འཇགས་ལས་བྱེད་ཆགས་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། སྐབས་དེར་ལས་བྱེད་ངོ་མ་ཆགས་ཡོད་མེད་ཀྱི་བརྡ་ལན་འབྱོར་མེད་པ་མ་ཟད། འདས་པའི་ཟླ་ངོ་ལྔའི་རིང་ཟླ་ཕོག་ཀྱང་སྤྲད་མེད་པར་བརྟེན། ཁོང་ཚོས་གནད་དོན་དེ་མངའ་སྡེ་གཞུང་གིས་ཐག་གཅོད་ཡོང་ཆེད་ལས་ཁུངས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུངས་བར་འབོད་ཚིག་འདྲ་མིན་འཁོད་པའི་ཤོག་བྱང་བཟུང་སྟེ་ངོ་རྒོལ་གོམ་བགྲོད་བྱས་ཡོད་འདུག

སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དྲུང་ཆེའི་འབོད་སྐུལ་འོག་འབྲས་ལྗོངས་ལས་བྱེད་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་པདྨ་སྒྲོལ་མ་བྷོ་ཊི་ཡ་ལགས་གཙོས་མི་ ༦ ལས་གྲུབ་པའི་ལས་བྱེད་སྐུ་ཚབ་ཚོགས་ཆུང་དང་། གློག་ཤུགས་བློན་ཆེན་དང་དྲུང་ཆེ་སོགས་ཀྱིས་ཚོགས་འདུ་ཚོགས་ཏེ། གློག་ཤུགས་ལས་ཁུངས་ལ་དཔལ་འབྱོར་གྱི་དཀའ་ངལ་འོག་ལས་བྱེད་གཏན་འབེབས་ཀྱི་བརྒྱུད་རིམ་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་སྟབས། གཞུང་གིས་ཁོང་ཚོར་འཕྲལ་སེལ་ལས་ཀའི་གླ་ཕོག་སྤྲོད་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

ཚོགས་འདུ་གྲོལ་རྗེས་ལས་བྱེད་སྐུ་ཚབ་མི་སྣས་གྲོས་མོལ་གྱི་གནས་ཚུལ་སྐོར་ངོ་རྒོལ་བྱེད་མཁན་ཚོར་བརྗོད་སྐབས། ཁོང་ཚོས་གཞུང་གི་ཐག་གཅོད་དེར་ཁས་ལེན་བྱས་མེད་པ་མ་ཟད། ཁོང་ཚོར་ངེས་པར་དུ་གཏན་འཇགས་ལས་བྱེད་དང་གཅིག་མཚུངས་ཀྱི་གླ་ཕོགས་སྤྲོད་དགོས་ཚུལ་བརྗོད་དེ་ཉིན་དེའི་ཕྱི་དྲོའི་བར་ངོ་རྒོལ་མུ་མཐུད་བྱས་སྐབས། ས་གནས་ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་སྐད་འབོད་མཚམས་འཇོག་བྱས་བཅུག་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་འཕྲལ་སེལ་ལས་བྱེད་དེ་དག་ལས་ཁུངས་ཀྱི་མདུན་དུ་ཡང་བསྐྱར་འཛོམས་ཏེ། གཞུང་གིས་ལས་བྱེད་གཏན་འབེབས་མཚམས་འཇོག་བྱས་ཡོད་ཟེར་བ་དེར་ངོས་ལེན་མེད་པ་དང་། འདས་པའི་ཟླ་ངོ་ལྔ་ལྷག་རིང་གི་གླ་ཕོགས་ཆད་ལུས་མེད་པར་སྤྲོད་དགོས་པའི་ངོ་རྒོལ་བྱས་སྟབས། གློག་ཤུགས་ལས་ཁུངས་ཀྱི་དྲུང་ཆེ་ཡིས་ཐེངས་འདིའི་གཏན་འཇགས་ལས་བྱེད་ཆགས་པའི་ཡིག་ཆ་ཁག་ལ་ནོར་འཁྲུལ་ཡོད་སྟབས། ལས་ཁུངས་ཀྱིས་བསྐྱར་ཞིབ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་རྗེས། ལས་བྱེད་ཚོས་གནས་སྐབས་རིང་ངོ་རྒོལ་མཚམས་འཇོག་བྱས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist