མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུ་བླ་ཆེན་ལྷོ་ཀོ་རི་ཡར་གཟིཊ་སྐོར་གནང་།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་ཉིན་ལྔ་རིང་ཡེ་ཤུའི་བླ་ཆེན་པོབ་མཆོག་ལྷོ་ཀོ་རི་ཡར་སྐོར་སྐྱོད་གནང་སྟེ་མང་ཚོགས་ལ་བཀའ་སློབ་དང་། སྤྱིར་འཛམ་གླིང་དང་སྒོས་ཨེ་ཤ་ཡའི་རྐྱེན་ངན་གོད་ཆག་རིགས་ལ་ཐུགས་སྨོན་མཛད་ཀྱི་ཡིན་འདུག

དེ་རིང་ནས་བཟུང་ཉིན་ ༥ རིང་ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སེ་ (Francis) མཆོག་ལྷོ་ཀོ་རི་ཡར་གཟིགས་སྐོར་གནང་མགོ་ཚུགས་ཡོད་ཅིང་། དེ་རིང་ལྷོ་ཀོ་རི་ཡའི་གནམ་ཐང་དུ་འབྱོར་སྐབས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་སྐུ་པག་གྷེན་ཧེ་ (Park Geun-hye)གཙོས་མཐོ་རིམ་དཔོན་རིགས་ཁག་དང་མི་མང་ཚོས་ཕེབས་བསུ་རྒྱ་ཆེན་པོ་ཞུས་ཡོད་འདུག ཐེངས་འདིར་ཡེ་ཤུ་བླ་ཆེན་མཆོག་གིས་ལྷོ་ཀོ་རི་ཡའི་ནང་དུས་རབས་ ༡༨ དང་ ༡༩ ནང་སྡུག་སྦྱོང་མནར་གཅོད་ཕོག་སྟེ་འདས་གྲོངས་ཕྱིན་པའི་ལྷོ་ཀོ་རི་ཡའི་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་ ༡༢༤ ལ་ཐུགས་སྨོན་གནང་རྒྱུ་ཡིན་པ་དང་། རྒྱལ་ཁབ་ ༢༣ གྱིས་མཉམ་བཞུགས་བྱེད་བཞིན་ཡོད་པའི་ཨེ་ཤ་ཡའི་གཞོན་ནུའི་ཉིན་མོ་དང་ཡེ་ཤུའི་དུས་སྟོན་ཞེས་པའི་ཐོག་ཕེབས་ཏེ་གཞོན་སྐྱེས་ཚོར་བཀའ་སློབ། དེའི་རྗེས་ཉེ་ལམ་གྲུ་གཟིངས་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པ་དག་གི་ནང་མི་སྤུན་མཆེད་ཚོར་ཐུག་འཕྲད། དེ་བཞིན། ལྷོ་བྱང་ཀོ་རི་ཡ་དང་གྷ་ཛ་ལུང་གཤོང་གི་དཀའ་རྙོག་གཙོས་རྒྱལ་སྤྱིའི་རྩོད་རྙོག་ཁག་འགྲིག་འཇགས་ཡོང་ཆེད་མཆོད་འབུལ་སྨོན་ལམ་བཅས་རྒྱག་རྒྱུ་ཡིན་འདུག དེ་ནི་ལོ་ ༢༥ རྗེས་ལྷོ་ཀོ་རི་ཡའི་ནང་ཡེ་ཤུའི་བླ་ཆེན་ཕེབས་པ་ཐོག་མ་ཆགས་ཡོད་པ་མ་ཟད། ༡༩༩༩ རྗེས་ཨེ་ཤ་ཡའི་ནང་ཕེབས་པ་ཐོག་མ་དེ་ཡང་ཆགས་ཡོད་འདུག

ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྟེན་གཞི་བྱས་པའི་ཡེ་ཤུ་གདན་ས་ཝ་ཌེ་ཁན་ (Vatican) ཕྱི་འབྲེལ་དྲུང་ཆེ་པཱ་རོ་ལིན་ (Pietro Parolin) ལགས་ཀྱིས། “€œཀོ་རི་ཡའི་གླིང་ཕྲན་ནང་ཞི་བདེ་དང་བརྟན་ལྷིང་དགོས་ཀྱི་ཡོད་སྟབས། ད་རེབ་བླ་ཆེན་པོབ་མཆོག་ཕེབས་པ་དེས་མངའ་ཁུལ་ནང་ཞི་བདེ་དང་ལྷིང་འཇགས་ཡོང་རྒྱུ་ཙམ་མ་ཟད། ཨེ་ཤ་ཡའི་རྒྱ་རྒྱུད་ནང་ཡེ་ཤུའི་ཆོས་ལུགས་སྔར་ལྷག་དར་ཁྱབ་འགྲོ་རྒྱུ་ངེས་ཡིན” ཞེས་སོགས་བརྗོད་འདུག

ལྷོ་ཀོ་རི་ཡའི་ནང་པ་ཆོ་ཡང་རེ་ (Cho Young-rae)ཞུ་བ་ཞིག་གིས། “ཉེ་ལམ་ལྷོ་ཀོ་རི་ཡའི་ནང་གཅིག་མཇུག་གཉིས་མཐུད་གོད་ཆག་བྱུང་སྟེ་རྒྱ་ཆེའི་མང་ཚོགས་ལ་ཕོག་ཐུག་ཆེན་པོ་ཕྱིན་ཡོད་སྟབས། ད་རེབ་པོབ་མཆོག་གི་འཚམས་གཟིགས་དེས་དཀའ་ངལ་ནང་ལྷུང་ཡོད་པའི་མང་ཚོགས་ཚོའི་སྡུག་བསྔལ་སེལ་ཐུབ་པའི་རེ་བ་རྒྱག་གི་ཡོད” ཅེས་བརྗོད་འདུག

༡༩༨༤ དང་ ༡༩༨༩ ལོར་ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་ (Pope John Paul II) མཆོག་ལྷོ་ཀོ་རི་ཡར་ཕེབས་ཡོད་ཀྱང་། ཡེ་ཤུ་བླ་ཆེན་པོབ་བྷེ་ནེ་ཌིག་ (Pope Benedict XVI) མཆོག་གིས་ཡེ་ཤུའི་བླ་ཆེན་གནང་སྐབས་ཨེ་ཤ་ཡའི་ནང་ཕེབས་ཐུབ་མེད་སྟབས། ཨེ་ཤ་ཡའི་རྣམ་བདག་ཆོས་ལུགས་རྗེས་འབྲང་པ་དང་ཝེ་ཌེ་ཁན་བར་འབྲེལ་ཐག་རིང་དུ་སོང་ཡོད་སྟབས། ད་ལྟའི་བླ་ཆེན་པོབ་མཆོག་གིས་ལྷོ་ཀོ་རི་ཡར་སྐོར་སྐྱོད་གནང་ཡོད་པ་མ་ཟད། ༢༠༡༥ ལོའི་ཟླ་ ༡ ཚེས ༡༢ ནས་ ༡༥ བར་སིང་གྷ་ལ་དང་། ཚེས་ ༡༥ ནས་ ༡༩ བར་ཧྥི་ལི་ཕིན་བཅས་ནང་འཚམས་གཟིགས་གནང་སྟེ་མང་ཚོགས་ཚོར་བཀའ་སློབ་གནང་འཆར་ཡོད་འདུག

པོབ་ཧྥན་སི་སེ་མཆོག་རོམ་ ( Rome) ནས་རྒྱ་ནག་གི་མཁའ་ཐོག་བརྒྱུད་ལྷོ་ཀོ་རི་ཡར་ཕེབས་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཏར་འཕྲིན་ཞིག་བཏང་ཡོད་ཅིང་། དེའི་ནང་ཁོང་གིས། “€œངས་ཁྱེད་རང་གཙོས་ཆབ་འབངས་ཚོར་སྨོན་འདུན་ཞུ་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་ཞི་བདེ་དང་བརྟན་ལྷིང་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད” ཅེས་བརྗོད་ཡོད་འདུག ༡༩༥༡ ལོར་པོབ་ཀྱི་བཀའ་འཁྲོལ་མེད་པར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ཁང་ལ་སྟངས་འཛིན་དང་ཆོས་དཔོན་བསྐོ་བཞག ཆོས་ཁང་གཏོར་ཞིག་སོགས་བཏང་ཡོད་སྟབས། ཝ་ཌི་ཁཱན་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་མ་ཟད། ༡༩༩༥ ལོར་ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་མཆོག་ཧྥི་ལི་ཕིན་ནང་འཚམས་གཟིགས་གནང་སྐབས། རྒྱ་ནག་གཞུང་གིས་པོབ་ཀྱི་གནམ་གྲུ་རྒྱ་ནག་གི་མཁའ་ཐོག་ནས་འཕུར་སྐྱོད་བྱེད་བཅུག་མེད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

༢༠༡༣ ལོའི་ཟླ་ ༣ ཚེས ༡༤ ཉིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་འཛིན་ལས་འཁུར་ཞུ་སྐབས། ད་ལྟའི་ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་འཚམས་འདྲི་ཞུས་ཡོད་ལ། ཞི་ཅིན་ཕིན་གྱིས་ཀྱང་རྒྱལ་སྤྱིའི་ཡེ་ཤུའི་བླ་ཆེན་ལྷན་ཚོགས་ཀྱི་བླ་ཆེན་ཧྥན་སི་སེ་མཆོག་ཡེ་ཤུའི་དབུ་བླར་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་ཡོད།

དེ་རིང་ཡེ་ཤུའི་བླ་ཆེན་མཆོག་ལྷོ་ཀོ་རི་ཡར་འབྱོར་སྐབས་བྱང་ཀོ་རི་ཡས་ཤུགས་ཚད་འབྲིང་བའི་མེ་ཤུགས་འཕུར་མདེལ་གསུམ་ཚོད་ལྟ་བྱས་ཡོད་པ་མ་ཟད། ༢༠༡༤ ལོའི་ཟླ ༤ ནང་ཨ་རིའི་སྲིད་འཛིན་ཨོ་བྷ་དང་། ཟླ་ ༧ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཕེབས་སྐབས་ཀྱང་ཚོད་ལྟ་དེ་ལྟར་བྱས་ཏེ་ལྷོ་ཀོ་རི་ཡར་འཇིགས་སྐུལ་བྱས་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཡེ་ཤུའི་བླ་ཆེན་པོབ་མཆོག་ལྷོ་ཀོ་རི་ཡར་ཕེབས་པ་དེས། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་ཚབ་ཏུ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese